Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་འབྲི་བ་དང་རྟོགས་པ་སད་པ།

Posted on 2014-08-302014-08-30 By ཡེ་ཤེས་ 17 Comments on སྙན་ངག་འབྲི་བ་དང་རྟོགས་པ་སད་པ།

confession-beautiful-girl-part-12
ཀླུ་སྨྱོན།

སྙན་ངག་འབྲི་བ་ནི་སྨད་འཚོང་མར་སྤྱོད་པ་དང་མཚུངས།
དེས་གནས་སྐབས་ཀྱི་སུན་སྣང་ཙམ་སེལ་ཐུབ་ལ།
འདོད་པ་ཉི་ཚེ་བ་ཞིག་ཀྱང་སྐོང་ཐུབ།
ཡིན་ན་ཡང་།
སྙན་ངག་དང་སྨད་འཚོང་མ་གཉིས་ཀ་ཚེ་གང་གི་གཏན་གྲོགས་མིན་པ་དེ་ཤེས་དགོས།

སྙན་ངག

Post navigation

Previous Post: མཁས་དབང་མཁར་རྨེའུ་མཆོག་གི་ལོ་རྒྱུས་སྙིང་བསྡུས།
Next Post: ༼ཨ་མའི་ཞལ་གདམས་དྲོན་མོ།༽

Comments (17) on “སྙན་ངག་འབྲི་བ་དང་རྟོགས་པ་སད་པ།”

  1. རྡོ་རྗེ་སྐྱོབ་པ། says:
    2014-08-31 at 12:26 am

    ཁེ་གྲགས་གཉེར་མཁན་ཚོ་དེ་འདྲ་ཞིག་ཏུ་མཐོང་།
    དམིགས་ཀྱིས་བོད་ཀྱི་ཁེ་གྲགས་གཉེར་མཁན་དེ་ཚོས་ལོ་ཏོག་ཙམ་ཆུང་དུས་སྙན་ངག་འདྲ་འབྲི་ཁུལ་བྱས་ཏེ། རང་གི་ཁེ་གྲགས་གཉེར་འདོད་པ་རེད། དེ་ནས་སྙན་གྲགས་མ་རྒྱས་པས་ལོ་རྒས་དུས་སྙན་གྲགས་འབྲི་འདོད་མེད་པ་རེད།
    དེའི་ཁྲོད་དུ་བོད་ཕྱི་ནང་གི་སྙན་ངག་འབྲི་ཕལ་ཆེ་བ་འདུ།
    སྙན་ངག་འབྲི་བ་དེ་ཁེ་གྲགས་ཤིག་གི་ཆེད་དུ་བྲིས་པས། མ་འགྲིག་པ་རེད། དེ་མ་གཏོགས་འཛམ་གླིང་གི་སྙན་ངག་མཁན་གྲགས་ཐེ་གོར་དང་། ཇོན་མིལ་ཋོན་ལ་སོགས་པ་ནི་མ་ཤི་བར་དུ་སྙན་ངག་འབྲི་མཁན་རེད།
    རྡོག་རྡོག་རང་གི་རྩོམ་རིག་ལ་འཛིན་པའི་ལྟ་སྟངས་དེ་བརྗེ་དགོས་པ་རེད། རྩོམ་རིག་ཁྱོད་རང་སྙན་གྲངས་རྒྱས་བྱེད་གཅིག་པུའི་ལག་ཆ་མིན་པ་དེ་ཤེས་དགོས་རེད། དམིགས་བསལ་གྱིས་ཀླུ་སྨྱོན་གྱིས་ཤེས་དགོས།

  2. རང་བྱུང་རིག་པའི་རྡོ་རྗེ says:
    2014-08-31 at 1:27 am

    སྙན་ངག་ནི་མཁས་པ་ཚོའི་རྒྱན་གཅིག་པུ་དེ་ཡིན། རྒྱན་དེ་ནི་ཇི་སྲིད་མཁས་པ་ཚོ་གནས་པ་དེ་སྲིད་དུ། སྙན་ངག་དེ་ནི་གནས་པར་འགྱུར། སྨད་འཚོང་མ་ཞིག་དང་སྙན་ངག་གཉིས་བསྡུར་ན་ཤིན་ཏུ་བླུན་པོའི་ལུགས་ཡིན་ནོ།།

  3. མི་ཉག་སྐལ་བཟང་། says:
    2014-08-31 at 5:22 am

    ཨ་ཁུ་ཀླུ་སྨྱོན་ལགས་ཀྱིས་སྨད་འཚོང་མ་མང་པོར་སྤྱོད་མྱོང་བ་གྲགས།

  4. རྒྱང་མིག says:
    2014-08-31 at 9:03 am

    ད་ཨ་ལགས་ཚང་ལ་འབྲི་རྒྱུ་རྫོགས་སོང་བ་འདྲ།

  5. གནམ says:
    2014-08-31 at 9:44 am

    དེ་འདྲ་ཡིན་ན། སྙན་ངག་ཟེར་བ་འདི་འབྲི་མ་ཤེས་ནོ་འགྲིགས་འདུག། ཡིན་ན་ཡང་། མྱི་འདིའི་གཏན་ཚིག་ལ་རློམ་རྒྱུ་ཨེ་ཡོད་མི་ཤེས། མྱིང་གི་ཆད་ཀ་ནི་སྨྱོན་པ་ཅན་གྱི་རིགས་རེད། ཧ་ཧ་ཧ། སྨད་ཚོང་ལ་ཆ་རྒྱུས་དང་མྱོང་བ་ཅན་གྱི་དགེ་ཆོས་དང་་་་་་་། རང་ཚོ་སྐྱིད་པོ་མེད་ན་ཡང་། ཆང་དང་དོ་འཐེན་ནས་རང་གིས་རང་བསད་མ་ཡོང་ཨ། འདི་ནི་བསམ་པ་དཀར་པོའི་ཁ་བརྡ་ཡིན། ཧ་ཧ་ཧ།

  6. དཀར་མཛེས་གངས་ཕྲུག་ says:
    2014-08-31 at 10:31 pm

    ཀླུ་སྨྱོན་་སྔོན་མ་བལ་ཡུལ་་སྡོད་པ་རེད་་་བལ་ཡུལ་ནི་གཞང་ཚོང་མའི་་་ཕ་ཡུལ་རེད་ལོ། དེས་ཕྱིར་་་གཟིག་ལྤགས་བཀག་པའི་བོང་བུ་དང་་་་ཡོངས་སུ་མཚུངས་པའི་ཕྱིར་རོ།།

  7. ཅོག་མྱི། says:
    2014-08-31 at 11:14 pm

    གཞན་གྱི་འདོད་པ་བསྐོང་བྱེད་པའི།
    སྨད་འཚོང་མ་ནི་མེད་མི་རུང་།
    སྐྱེས་བུས་སྨད་འཚོང་སྨོད་པ་དེ།
    ཕལ་ཆེར་ལང་ཀ་ཉམས་པའི་རྟགས།

  8. འཕྲུལ་གྱི་བཙན་པོ says:
    2014-09-01 at 8:59 am

    མི་རྒས་ཀྱིན་རྒས་ཀྱིན་ཧོན་ལོག་གི་སྐད་བཤད་ཀྱིན་འདུག

  9. བྱམས་པ། says:
    2014-09-02 at 1:36 am

    འཇམ་མགོན་བླ་མ་ཆེན་པོས། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་ཞེས་པའི་རིན་ཆེན་གཅིག་དེ་ཚིག་རྒྱན་ཏེ་སྙན་ངག་ལ་ངོས་བཟུང་ཡོད། ཀླུ་སྨྱོན་འདི་དངོས་ནས་སྨྱོས་འདུག་ག ཕྲག་དོག་གི་སྐད་ཆ་མིན་དངོས་ནས་ཤོད་ཀྱི་ཡོད། ཨ་རོགས་རྗེས་མ་སྐད་ཆ་ཤོད་དུས་ཐུགས་བསམ་ཞིབ་མོ་བཞེས་རོགས། རྒྱབ་མདུན་ཚང་མར་ལྟ་རོགས། འཇིག་རྟེན་ཁྱེད་ལས་བློ་རྣོ་ཞིང་དྲན་རྒྱུ་དགོད་མང་པ་སེམས་ལ་ཉར་རོགས།

  10. བསམ་ཤེས། says:
    2014-09-02 at 10:46 am

    ཀླུ་སྨྱོན་གྱིས་རྟག་ཏུ་སྙན་དངགས་བཀོལ་སྟབས། སྙན་དངགས་ཀྱི་དོན་དམ་བརྙེད་འདུག འདི་ལ་རྟོག་པ་ཟེར། ངས་ནི་འཇིག་རྟེན་འདིའི་བྱ་དངོས་ཚང་མ་སྨད་ཚོང་མ་དང་སྙན་དངགས་ལྟ་བུ། ཕྲལ་བདེ་ལས་ཕུགས་ཀྱི་གྲོགས་མི་མཐོང་། ངའི་ལུས་དེ་ཡང་སྨད་ཚོང་མ་བཞིན་ནམ་ཞིག་དོར་དགོས། འདི་ན་ལུས་འདི་དང་འབྲེལ་ཡོད་ཀྱི་དངོས་པོ་ཚང་མ་འདི་ལྟར་རེད། བྱས་ཙང་ངས་ཉིན་ལྟར་འདི་ལྟར་འདོན་གྱི་ཡིན་ལ་ཁྱེད་ཚོས་ཀྱང་ངོ།

    རིགས་ཀྱི་བུ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། དེ་ལྟར་སྙན་དངགས་སྨད་ཚོང་མ། སྨད་ཚོང་མ་སྙན་དངགས། དེ་བཞིན་ལུས་དང་སེམས་དང་བླ་མ་དང་དགོན་པ་དང་ཕ་མ་ཚང་མ་སྨད་ཚོང་མ་འོ། སྙན་དངགས་སོ། གཏན་གྱི་གྲོགས་མིན་ནོ།

  11. བསམ་ཤེས། says:
    2014-09-02 at 11:05 am

    སྟོན་པས་བྱ་རྒོད་ཕུང་པོ་རི་ནས་མར་གྲོང་ཁྱེར་བཅོམ་བརླག་ལ་གཟིགས་ཏེ། སྨད་ཚོང་མ་ནི་སྒྱུ་མ་ལྟ་བུའོ་གསུངས།

    ཀླུ་གྲུབ་ཀྱིས་ན་ལེན་ཌའི་ཐོག་སྟེང་ནས་ཝ་ར་ན་སིར་གཟིགས་ཏེ། དེ་ལྟར་ཏེ། སྨད་ཚོང་མ་ནི་རང་བཞིན་གྱིས་མ་གྲུབ་བོ་ཟེར།

    རྗེ་ཙོང་ཁ་པས་དགའ་ལྡན་ནས་ལྷ་སར་གཟིགས་ཏེ། དེ་ལགས་ཏེ། སྨད་ཚོང་མ་ནི་བློས་བཏགས་པའི་ཕྱིར་ཟེར།

    དགེ་ཆོས་ཀྱིས་ཐ་མ་འཐེན་ཞོར་ཟླ་བ་བཟང་པོ་ལ། དེའི་ཕྱིར་སྨད་ཚོང་མའི་བློ་དེ་ཡང་འཁྲུལ་བའོ་ཟེར།

    ཀླུ་སྨྱོན་གྱིས་ཁ་བརྡའི་དྲ་རྒྱའི་ངོས་ལ་སྨད་ཚོང་མ་ནི་གནས་སྐབས་ལས་གཏན་གྲོགས་མིན་ཟེར།

    གྲྭ་པ་ལོ་ཆུང་ཚོས། ཁྱམ་རྭའི་ནང་ནས་སྙན་དངགས་སྐྱོར་ཞོར། རྒན་ཀླུ་སྨྱོན་བདེན། དེ་དེ་བཞིན་ཏེ། གནས་སྐབས་བཀོལ་བ་ལ་ནི་ཉེས་པ་མེད་དོ་ཟེར།

  12. ཅོག་མྱི། says:
    2014-09-02 at 12:54 pm

    དགེ་ཆོས་དང་ཀླུ་སྨྱོན་མ་གཏོགས་བསམ་ཤེས་ཀྱིས་ཕྲེང་སྒྲིག་པའི་སྐྱེས་བོ་འདི་དག་གིས་སྨད་འཚོང་མ་ཇི་ཞིག་ཡིན་པ་དང་སྨད་འཚོང་མ་སྤྱད་པའི་མྱོང་རོལ་ཨེ་ཡོད། དེ་མེད་ན་དཔེ་དང་དཔེ་ཅན་འཇོག་ཐུབ་ས་མ་རེད།

  13. བསམ་ཤེས། says:
    2014-09-02 at 4:41 pm

    ཅོག་མྱི་ལགས།

    སྟོན་པར་བཙུན་མོ་ཉིས་སྟོང་ལྔ་བརྒྱ་ཡོད་པའི་ནང་ནས། ཉུང་མཐར་བཅུ་འཁོར་གཅིག་ལ་སྐྱིད་པོ་བཏང་ཡོད་སྲིད། བྱས་ཙང་ཁོང་ལ་ཉམས་མྱོང་དེ་ཡོད་ཟེར་ན་ཇི་འདྲ་རེད།

  14. ཅོག་མྱི། says:
    2014-09-02 at 7:35 pm

    ཡང་དག་པར་རྫོགས་པའི་སངས་རྒྱས་བའི་སྔོན་གྱི་ཤཀྱ་ཐུབ་པ་ལ་སྟོན་པའི་དགོངས་པ་མེད་ཅིང་། སངས་རྒྱས་བའི་རྗེས་སུ་སྐྱིད་པོ་བཏང་མེད་པས་བྱ་རྒོད་ཕུང་བོ་རིའི་བཅོམ་ལྡན་འདས་ཀྱིས་སྔོན་གྱི་སོར་སྐྱེས་ཀྱི་སྐབས་སུ་མྱངས་བའི་ཚོར་བ་སྐྱིད་པོ་དེ་ཡོང་སྲིད་ཀྱི་མ་རེད། དེ་བཞིན་ཏུ་ཙོང་ཁ་བ་ཇི་བཤད།

  15. ཅོག་མྱི། says:
    2014-09-02 at 7:46 pm

    འདིར་སྨྲས་བ།
    བསམ་ཤེས་ཀྱིས་ཀློག་ཀླད་སྟེང་ཁ་བརྡ་རུ་མཆན་འཁྱོག་འགའ་བཅུག་པ་དེ་རྩོམ་སྒྲིག་པས་བཀག་པ་དེར་གཟིགས་ཞོར་ཉམ་ཐག་པར་ན་རེ། སྨད་འཚོང་མ་ནི་ཁ་བརྡ་ལྟ་བུ་སྟེ། མཁོ་གསོལ་མི་ཐུབ་པས་ཕྱིར་རོ་ཟེར།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-09-03 at 11:10 pm

    གཤམ་གྱི་བརྗོད་པ་དེ་ཁ་སང་བཏངས་ཀྱང་འཐོན་མེད་པས། སླར་ཡང་འགོད་དགོས་པ་བྱུང་།
    ་
    བསམ་ཤེས་མཆོག་གཅིག་པུ་མ་གཏོགས། སྙན་དངགས་ལ་སྔོན་འཇུག་དང་ཡང་འཇུག་གི་མུ་གེ་ཤོར་ཡོད། བོད་ཀྱི་སྙན་དངགས་འབྲི་བ་ལ་དཀའ་ངལ་ལོས་འོང་། བཤད་མི་དགོས་པ་ཞིག་ཡིན། སྔར་དངགས་དང་ངག་གཉིས་ལ་སྒྲ་གདངས་མི་འདྲ་བ་ཡོད་པར་མ་ཟད། བོད་ཀྱི་ལུང་པ་འགའ་རེ་ན། ད་ལྟར་ཡང་ཡོད་པ་ལ་བོད་མི་བློ་རྣལ་དུ་གནས་པ་ཞིག་ཡིན་ན། དེ་དག་ལ་རྩི་དགོས་པ་ནི། ཨིན་ཡུལ་པས་ཨིན་ཡིག་ཀློག་ཚུལ་དང་འབྲི་ཚུལ་གྱིས་ཀྱང་ཤེས་སོ།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-09-04 at 4:19 am

    དག་ཡིག་ངག་སྒྲོན་ལས།
    སྙན་དངགས་ཟིལ་དངར་ཚར་དུ་མངར། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme