Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་མ་བྲིས་ཡུན་རིང་འགོར།

Posted on 2012-04-222012-04-22 By ཤར་ཕྱོགས་ཁུག་རྟ། 15 Comments on སྙན་ངག་མ་བྲིས་ཡུན་རིང་འགོར།

ཤར་ཕྱོགས་ཁུག་རྟ།

སྣང་བ་འཇམ་པོས་བག་མར་ཉོས་དུས་ནམ་སྟོད་རིང་མོའི་རླུང་གི་དབྱངས།།
དལ་བུའི་འགྲོས་ཀྱི་ཁུགས་སོ་རེ་ནས་མུན་པའི་ཞགས་པ་ཡིད་དུ་རུམ།།
གཟུགས་བརྙན་འབུམ་གྱི་གྲིབ་སོ་དག་ནས་འཆར་སྣང་གཤིན་པོའི་འཁྲེང་སེམས་སྟོང༌།།
བྱུང་རིམ་རི་མོར་ཡུན་གྱིས་འཐམས་པས་སྐྱིད་སྡུག་གར་གྱི་འཇིག་རྟེན་བརྩིགས།།

འདུ་བྱེད་འོད་ཀྱི་ཟེགས་མ་རེ་ན་སྣེ་གཉིས་འདྲེས་པའི་གནས་ལུགས་ཤིག།
བཟང་ཞན་བཏགས་པ་མཛེས་དཔྱོད་ཆུ་བོས་རང་གི་གངས་ཀྱི་སེམས་པ་སྟོན།།
འཐད་མིན་ན་བུན་ཡན་གར་འཕྱུར་བ་འགྱུ་སྟངས་གྱ་གྱུའི་གྲིབ་མ་ཡིས།།
དམའ་སར་འཚོ་བའི་རྐང་གཉིས་ཚོགས་ལ་མི་འཆི་སྲོག་གི་འཚོ་གནས་སྦྱིན།།

ཡིད་ཀྱིས་བསྒྱུར་བའི་ས་གཞིའི་ངོས་སུ་རྨི་ལམ་ཞིང་ནས་མེ་ཏོག་བཙུགས།།
སྐྱ་རེངས་དང་པོའི་བདེན་པར་གཡོལ་ཏེ་བྲང་ཁོག་ལྒང་བུའི་གཟུགས་སུ་བྱས།།
ཚད་མའི་དབེན་པ་རྣམ་རྟོག་ཆུ་བོས་མ་མར་བཟོས་པའི་ལག་པ་ཟུང༌།།
གར་གྱིས་འཁྱུག་པ་གསེར་མིག་ཉ་མོར་རེ་ཞིག་འཇུ་བའི་སྐལ་བ་ཕྲ།།

གསོག་ཟོབ་ཡུན་ལུས་དཀར་པོའི་མདོག་གི་འོ་མ་ལྟེམས་པའི་གཟུགས་བརྙན་ལ།།
ཞོ་དཀར་ཟས་ཀྱི་རྣམ་འགྱུར་རི་མོའི་སྣང་བ་ལྟོས་ཚེ་རྫོགས་ནའང༌།།
བསྣོལ་མར་བསླས་པའི་ཆུ་གཉེར་གཟུགས་ཀྱི་མི་ཚེའི་ཕྲེང་ལམ་དོགས་མོ་ནས།།
མི་བཤིག་ཀུན་ཐུབ་འཛུམ་མདངས་ངོ་མའི་ཁྱིམ་གྱི་བདག་མོར་ཁེད་ཀྱིས་རིང༌།།

འདྲིས་སྟངས་རིག་པར་ཡུན་ནས་བསྲེས་པའི་སྙོམས་སྒྲིག་དུས་ཀྱི་ཕོ་གསར་ཞིག།
སྒེག་ལྡན་གཟུགས་སུ་དལ་བར་ཕེབས་པའི་རྣམ་རྟོག་ཐབས་ཀྱི་ལམ་འགྲམ་ཏུ།།
ཕྱིས་སྡོམ་སེམས་ཀྱི་མེ་ཏོག་ཕུལ་བར་དུས་ཀྱིས་བར་དུ་མ་ཆོད་ཚེ།།
རྨི་ལམ་རིག་པ་ལག་པས་བཟུང་སྟེ་མངོན་སུམ་གཏམ་གྱི་དབུ་ཁྱུད་ཕྲིས།།

གྲོགས་སྙན་བཟང་དང་སྙན་ངག་སྐོར་གྱི་གླེང་མོལ་བྱས་རྗེས་ཤར་མར་བགྱིས།

སྙན་ངག

Post navigation

Previous Post: ༅༅།། ས་གཤིས་རིག་པའི་ཟིན་བྲིས་ཐོར་བུ། སྔ་འཕྲོ། ༤༽
Next Post: རྫུན་ཁུང་རང་རྡིབ་ཀྱི་དྲི་བ་བདུན་ལ་དགག་གཞག་ཀེ་ཏ་ཀ

Comments (15) on “སྙན་ངག་མ་བྲིས་ཡུན་རིང་འགོར།”

  1. ཆོས་འགྲུབ། says:
    2012-04-22 at 12:47 am

    དངུལ་ལོ་དམར་པོས་སྤོབས་པ་བཏེག་དུས་མཚོན་རྩེ་ནང་ལ་གོར་གྱིས་འཁོར།།
    དར་དམར་འོག་གི་སྐྱིད་སྣང་དྲན་དུས་བྱུང་རབས་ལོ་རྒྱུས་རྦད་ཀྱིས་བརྗེད།།
    གང་ལ་མཐུད་ན་དེ་ནས་གོག་འགྲོ་མ་མཐུད་ས་ལ་ནར་གྱིས་འབྱར།།
    ཅི་དང་གང་ཡིན་ཅི་ཆ་མེད་ལ་ཅི་མཛད་སོ་མའི་ལས་ལ་བྱང་།།

  2. སྐྱོ་བྲག་དགའ་དབང་། says:
    2012-04-22 at 1:15 am

    བརྗོད་བྱས་སྟོང་པའི་སྙན་ངག གང་དྲན་དྲན་གྱི་སྙན་ངག བཙན་སྒྲིག་བྱས་པའི་སྙན་ངག ཤར་ཕྱོགས་ཁུགས་རྟའི་སྙན་ངག

  3. བྱང་སྐར། says:
    2012-04-22 at 1:57 am

    ཚིག་གི་ཚོམ་བུ་ཕྱོགས་སུ་སྤུང་ནས་སྙན་ངག་བྲིས་པའི་སྣང་བ་འཆར།
    དོན་གྱི་མར་ལོ་གང་ན་མེད་པའི་ཤར་ཁུག་ཁ་ལ་སེར་ཁ་གས།
    འདི་ན་འདབ་ཆག་བརྩེ་དགའ་དགོད་པའི་ཉིན་མོ་ཡིན།
    ཅི་བྱ་མེད་པའི་འབྱུང་བྱ་ཁྱེད་རང་མཚན་མོར་རྒྱུ་བའི་ལམ་དུ་སོང་།

  4. དཔྱིད་འགོའི་མེ་ཏོག says:
    2012-04-22 at 2:16 am

    ན་རཀ་གི་དམྱལ་བར་གཏོང་མཁན་དང་།།
    དག་ཞིང་གི་གནས་ལ་འདྲེན་མཁན་དེ།།
    སངས་རྒྱས་དང་བྱང་སེམས་འཁྲུལ་མེད་ཚོ།།
    སྐུ་སྐྱེས་ཚོའི་འདོམས་ཀྱང་གུས་པའི་ཡུལ།།

    ཚད་མེད་སོགས་ཉེས་ལྷུང་ལྕི་མོ་ཅན།།
    མིག་བཙུམས་དང་ཕཊ་སྒྲ་ཙམ་གྱིས་ཀྱང་།།
    ཐར་པ་ཡི་ས་ལ་ཁྲིགས་སེ་འཇོག།
    སྐུ་སྐྱེས་ཚོར་ཉམས་རྟོགས་མཐོན་པོ་ཡོད།།

    འབྱུང་འགྱུར་གྱི་ལེགས་ཉེས་བླང་དོར་དང་།།
    འདས་པོ་ཡི་སྐྱེ་མཐའ་བཟང་ངན་སོགས།།
    ལྐོག་གྱུར་དང་མ་འོངས་ཐར་གྱིས་མཐོང་།།
    སྐུ་སྐྱེས་ཚོར་ལྷ་ཡི་སྤྱན་རས་མཆིས།།

    ཐོས་བསམ་ལ་ངལ་བ་ཤིན་ཏུ་ཆེ།།
    སྒོམ་པ་ནི་དེ་ལས་ལྡབ་ཀྱིས་ཐུ།།
    དཀའ་ཚེགས་ཀྱི་ལས་འདི་མི་དགོས་པ།།
    སྐུ་སྐྱེས་ཚོར་གྲུབ་རྟགས་ཚ་བོ་གདའ།།

    སེམས་ཅན་དག་མ་རྒན་དྲིན་ཅན་ཟེར།།
    སེམས་ཅན་ལ་བདེ་སྨོན་རིང་བོ་གསུངས།།
    སེམས་ཅན་གྱི་ཤ་དེ་བཞེས་སུ་གསོལ།།
    སྐུ་སྐྱེས་ཚོར་སྐུ་ཤ་རྒྱགས་པོ་འདུག།

    ནང་ཆེན་གྱི་ཕྱི་ནང་ཧ་ཅང་ཡག།
    བཞུགས་ཁྲི་དང་འབོལ་གདན་བཟང་བོ་ཡིན།།
    རླངས་འཁོར་གྱི་རིན་ཐང་མཐོན་པོར་ངེས།།
    སྐུ་སྐྱེས་ཚོ་འགྲོ་འདུག་སྟབས་བདེ་་ཡིན།།

    ལྔ་བདོ་ཡི་འགྲོ་འདི་འཁྲུལ་བ་ཉིད།།
    སྐུ་སྐྱེས་ཚོའི་མཛད་པ་རྩིང་བོ་ཉིད།།
    སེམས་ཅན་གྱི་འགྲོ་དོན་ཁོ་ན་སྟེ།།
    ཐམས་ཅད་ཀུན་དག་སྣང་བསྒོམ་ཡུལ་ཡིན།།
    ངའི་ཁྱིམ Choezing@ymail.com

  5. དཔྱིད་འགོའི་མེ་ཏོག says:
    2012-04-22 at 2:17 am

    ན་རཀ་གི་དམྱལ་བར་གཏོང་མཁན་དང་།།
    དག་ཞིང་གི་གནས་ལ་འདྲེན་མཁན་དེ།།
    སངས་རྒྱས་དང་བྱང་སེམས་འཁྲུལ་མེད་ཚོ།།
    སྐུ་སྐྱེས་ཚོའི་འདོམས་ཀྱང་གུས་པའི་ཡུལ།།

    ཚད་མེད་སོགས་ཉེས་ལྷུང་ལྕི་མོ་ཅན།།
    མིག་བཙུམས་དང་ཕཊ་སྒྲ་ཙམ་གྱིས་ཀྱང་།།
    ཐར་པ་ཡི་ས་ལ་ཁྲིགས་སེ་འཇོག།
    སྐུ་སྐྱེས་ཚོར་ཉམས་རྟོགས་མཐོན་པོ་ཡོད།།

    འབྱུང་འགྱུར་གྱི་ལེགས་ཉེས་བླང་དོར་དང་།།
    འདས་པོ་ཡི་སྐྱེ་མཐའ་བཟང་ངན་སོགས།།
    ལྐོག་གྱུར་དང་མ་འོངས་ཐར་གྱིས་མཐོང་།།
    སྐུ་སྐྱེས་ཚོར་ལྷ་ཡི་སྤྱན་རས་མཆིས།།

    ཐོས་བསམ་ལ་ངལ་བ་ཤིན་ཏུ་ཆེ།།
    སྒོམ་པ་ནི་དེ་ལས་ལྡབ་ཀྱིས་ཐུ།།
    དཀའ་ཚེགས་ཀྱི་ལས་འདི་མི་དགོས་པ།།
    སྐུ་སྐྱེས་ཚོར་གྲུབ་རྟགས་ཚ་བོ་གདའ།།

    སེམས་ཅན་དག་མ་རྒན་དྲིན་ཅན་ཟེར།།
    སེམས་ཅན་ལ་བདེ་སྨོན་རིང་བོ་གསུངས།།
    སེམས་ཅན་གྱི་ཤ་དེ་བཞེས་སུ་གསོལ།།
    སྐུ་སྐྱེས་ཚོར་སྐུ་ཤ་རྒྱགས་པོ་འདུག།

    ནང་ཆེན་གྱི་ཕྱི་ནང་ཧ་ཅང་ཡག།
    བཞུགས་ཁྲི་དང་འབོལ་གདན་བཟང་བོ་ཡིན།།
    རླངས་འཁོར་གྱི་རིན་ཐང་མཐོན་པོར་ངེས།།
    སྐུ་སྐྱེས་ཚོ་འགྲོ་འདུག་སྟབས་བདེ་་ཡིན།།

    ལྔ་བདོ་ཡི་འགྲོ་འདི་འཁྲུལ་བ་ཉིད།།
    སྐུ་སྐྱེས་ཚོའི་མཛད་པ་རྩིང་བོ་ཉིད།།
    སེམས་ཅན་གྱི་འགྲོ་དོན་ཁོ་ན་སྟེ།།
    ཐམས་ཅད་ཀུན་དག་སྣང་བསྒོམ་ཡུལ་ཡིན།།
    ངའི་ཁྱིམ། Choezing@ymail.com

  6. ཟླ་བཀྲས་ཕུན་ཁང། says:
    2012-04-22 at 3:31 am

    ཀྲུང་གོའི་བོད་རིག་པ་མཁས་ཅན་དང་སྤྲུལ་སྐུའི་འཐུས་མི་ཚོགས་པས་པར་ཙིར་རྒྱལ་ཚོགས་གྲོས་ཁང་གི་འཐུས་མི་དང་དགོངས་འཆར་སྤེལ་རེས་མཛད་པ།
    སྤེལ་དུས། 2012-04-20   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  བསྟན་འཛིན་གྱིས་བསྒྱུར།
    པར་ཙིར་རྒྱལ་ཁབ་དུ་རྒྱལ་དོན་མཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་བོད་རིག་པ་མཁས་ཅན་དང་སྤྲུལ་སྐུའི་འཐུས་མི་ཚོགས་པ་སྤྱི་ཟླ༤པའི་ཚེ༡༨ཉིན་པར་ཙིར་རྒྱལ་ཁབ་ཀྱི་གྲོས་མི་དང་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏུའོ་མིང་ཀོ་སི·ཏུའུ་ཐེ་ལ་དང་མཇལ་འཕྲད་གནང་ནས་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གི་ཁྱད་ཆོས་དང་ཀྲུང་གོ་སྲིད་གཞུང་གི་བོད་ལྗོངས་སོགས་གྲང་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཇི་ལྟར་བྱས་ནས་ཐག་གཅོད་བྱེད་པའི་ཐད་དགོངས་འཆར་བརྗེ་རེས་གནང་པ་རེད།
    འཐུས་མི་ཚོགས་པའི་ཚོགས་གཙོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་དྲུང་ཡིག་གཞོན་པ། རིག་གནས་ཚན་ཁག་གི་ཀྲུའུ་ཞི་ཚོགས་པའི་དྲུང་ཡིག་ཧའོ་ཡོན་གྱིས་ངོ་སྤྲོད་གནང་བར། མི་རིགས་རང་སྐྱོང་ནི་ཀྲུང་གོའི་རྩ་བའི་ཆབ་སྲིད་ལམ་ལུགས་ཞིག་ཡིན་པ་དང་དེས་གྲངས་ཉུང་མི་རིགས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་འགན་ལེན་ཏན་ཏིག་བྱས་ཡོད། བོད་རང་སྐྱོང་ལྗོངས་དཔེ་མཚོན་དུ་བྱས་ཏེ། སྔ་ཕྱིར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མང་པོ་ཞིག་ཁྱབ་བསྒྲགས་བྱས་པ་དང་ནང་དོན་ཐད་དམངས་གཙོ་ཆབ་སྲིད་དང་རིག་གནས་སློབ་གསོ། སྐད་དང་ཡི་གེ ཁོར་ཡུག་སྲུང་སྐྱོབ་སོགས་ཚུད་ཡོད་པ་རེད། མི་སྔར། བོད་རང་སྐྱོང་ལྗོངས་སུ་བོད་རིགས་ལས་བྱེད་པས༧༠%ཡན་ཟིན་པ་དང་བོད་རིགས་སྤྱི་དམངས་ཀྱིས་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུད་ཀྲུའུ་རིན་དང་སྲིད་གཞུང་གི་ཀྲུའུ་ཞི་གཙོ་བོའི་འགན་ཁུར་ཡོད་པ་རེད།
    གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཧའོ་ཡོན་གྱིས་ངོ་སྤྲོད་གནང་བར། བོད་ལྗོངས་ལ་ས་མཐོའི་སྐྱེ་དངོས་ཁོར་ཡུག་ཞན་པ་སོགས་ཀྱི་ཞན་ཆ་ཡོད་པས་ཇི་ལྟར་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐད་སྔོན་རབས་མཚོན་དཔེ་མེད་པས། ཀྲུང་གོ་སྲིད་གཞུང་ནས་ཡང་དེའི་ཐད་འཚོལ་ཞིབ་བྱེད་སྒང་ཡིན། མིག་སྔར། བོད་ལྗོངས་ཀྱི་འཕེལ་རྒྱས་ལ་བཟོ་ལས་ཀྱིས་གཙོ་ཁྲིད་བྱས་མེད་པར། གང་ལ་གང་འཚམ་གྱི་རྣམ་པ་བེད་སྤྱད་པ་དཔེར་ན་ཡུལ་སྐོར་ལས་རིགས་དེ་སྲོག་ཤིང་རང་བཞིན་གྱི་ཐོན་ལས་ཞིག་ཏུ་བགྲང་པས་མངོན་གསལ་དོད་པོའི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་བོད་ལྗོངས་ཀྱི་དཔལ་འབྱོར་ཐད་ད་དུང་དེ་ལས་མགྱོགས་པ་དང་དེ་ལས་ལྷག་པའི་འཕེལ་རྒྱས་ཡོང་རྒྱུར་ཁོང་གིས་ཡིད་ཆེས་གནང་གི་ཡོད།
    སྲོལ་རྒྱུན་རིག་གནས་ཀྱི་སྲུང་སྐྱོབ་ལ་ཆ་མཚོན་ན། ཧའོ་ཡོན་གྱིས་བཏོན་གནང་བར། ཏྰ་ལའི་རུ་ཚོགས་ཀྱིས་འགྲེམ་སྤེལ་བྱས་པའི་བོད་ཀྱི་རིག་གནས་མེད་པར་བཟོས་པ་དང་སྐད་དང་ཡི་གེ་རྒྱུན་འཛིན་བྱེད་མཁན་མེད་པ་ཚང་མ་རྫུན་གཏམ་ཡིན་པ་རེད། བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་དེ་རྒྱ་གར་དང་བསྡུར་ན་དེ་བས་ཡག་པོ་ཡོད་པ་ནི། ཏྰ་ལ་རང་ཉིད་ནས་ཀྱང་དོན་དངོས་ཡིན་པ་ཁས་ལེན་མི་བྱེད་ཐབས་མེད་ཡིན་པ་རེད། གང་ཡིན་ཟེར་ན་ས་ཆ་དེ་གར་བོད་ཡིག་དང་བོད་ཡིག་ཞིབ་འཇུག དཔེ་ཆ་རྩོམ་པ་སོགས་བེད་སྤྱོད་བྱེད་ཆོག ཁོང་གི་གསུངས་པར། བོད་ལྗོངས་རང་ཉིད་ལ་སློབ་ཆེན་དྲུག་ཡོད་པ་དང་བོད་ཀྱི་རིག་གནས་ལ་བྱང་ཆུབ་པའི་ཤེས་ལྡན་མི་སྣ་གྲངས་མེད་གསོ་སྐྱོང་བྱས་ཡོད་པ་དང་འཐུས་མི་ཚོགས་པ་དང་མཉམ་དུ་མཚམས་འདྲིར་ཡོང་པའི་བོད་རིག་པའི་མཁས་དབང་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་ཅན་ཡིན་པ་རེད།
    ཏུའུ་ཐེ་ལས་ཐོག་མར་གསལ་བཤད་གནང་བར། པར་ཙིར་ཕྱོགས་ནས་བོད་ལྗོངས་ནི་སྔར་ནས་ད་བར་ཀྲུང་གོའི་ཆ་ཤས་ཞིག་ཡིན་པར་ངོས་འཛིན་བྱེད་པ་མ་ཟད། ཀྲུང་གོས་བོད་ལྗོངས་ཀྱི་གནད་དོན་ཐད་ལ་འཛིན་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁོང་གི་གསུངས་པར། པར་ཙིར་ནི་མི་རིགས་མང་བའི་རྒྱལ་ཁབ་ཞིག་དང་རིགས་རྒྱུད་མང་བའི་གནས་སྤོས་རྒྱལ་ཁབ་ཞིག་ཡིན་པས། མི་རྒྱུད་ནག་པོར་མཐོང་ཆུང་བྱེད་པའི་གནད་དོན་དང་དབྱིན་ཏི་ཨན་མི་རིགས་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་སོགས་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་དེ་མཚུངས་ཀྱི་གནད་དོན་ལྷག་ཡོད་པ་རེད། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་དང་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་། གྲངས་ཉུང་མི་རིགས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ་སོགས་ནི་པར་ཙིར་ལ་མཚོན་ན་ཤུགས་ཆེའི་བློ་སྒོ་འབྱེད་པ་དང་མིག་དཔེའི་དོན་སྙིང་ཆེན་པོ་ལྡན་ཡོད་པ་རེད།
    ཏུའུ་ཐེ་ལས་ད་དུང་བཏོན་པར། ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་འཕེལ་རྒྱས་མྱུར་པོ་ཡིན་པ་དང་རྒྱལ་སྤྱིའི་སྟེང་གི་གནས་བབ་རིམ་བཞིན་གལ་ཆེར་འགྲོ་བཞིན་ཡོད་པས་པར་ཙིར་གྱི་གྲོགས་པོ་གཙོ་བོ་ཞིག་ཏུ་གྱུར་ཡོད། ནུབ་ཕྱོགས་རྒྱལ་ཁབ་ནས་ཐོན་པའི་བོད་ལྗོངས་ཀྱི་བཤད་ཚུལ་སྣ་ཚོགས་ཡོད་ན་ཡང་དེ་རྣམས་དོན་དངོས་མིན་པ་ནི་ཁོང་ཡིད་ཆེས་བརྟན་པོ་ཡོད་པ་རེད། མཇུག་ཏུ། ཏུའུ་ཐེ་ལས་ཀྲུང་གོར་མཚམས་འདྲི་བྱེད་པའི་འདུན་པ་དྲག་པོ་ཡོད་ཚུལ་དང་ས་དེ་ག་རང་དུ་ཀྲུང་གོའི་ཕྱོགས་གང་ཐད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་ཉམས་མྱོང་ལ་ཤེས་རྟོགས་གནང་འདོད་ཡོད་ཚུལ་བརྗོད་པ་རེད།
    ཀྲུང་གོའི་བོད་རིག་པ་མཁས་ཅན་དང་སྤྲུལ་སྐུའི་འཐུས་མི་ཚོགས་པ་ཚེས༡༦ཉིན་པར་ཙིར་དུ་འབྱོར་བ་དང་འཆར་གཞིར་ཧྲེང་པའོ་ལོ། པར་ཙིར་ལི་ཡ། ལི་ཡུའེ་རེ་ནེ་ལུའུ་སོགས་ས་ཆར་རིགས་མི་འདྲ་བའི་བསམ་ཚུལ་བརྗེ་རེས་ཀྱི་བྱེད་སྒོ་མང་པོར་ཞུགས་རྒྱུ་ཡིན་པ་རེད། དེ་རྗེས། འཐུས་མི་ཚོགས་པ་ད་དུང་མུ་མཐུད་དུ་མཚམས་འདྲིར་ཕེབས་རྒྱུ་ཡིན་པ་རེད།

  7. ཐུབ་པ། says:
    2012-04-22 at 8:01 am

    བརྗོད་བྱས་སྟོང་པའི་སྙན་ངག གང་དྲན་དྲན་གྱི་སྙན་ངག བཙན་སྒྲིག་བྱས་པའི་སྙན་ངག ཤར་ཕྱོགས་ཁུགས་རྟའི་སྙན་ངག
    དེ་འདྲ་རང་ད་ཨ་ཡིན
    ཧེཧེཧེ

  8. འཇིགས་མེད་ཚེ་རིང་། says:
    2012-04-22 at 10:28 am

    ཡིད་བསྐྲུན་ཆུ་འཛིན་བྱེ་བའི་བང་རིམ་ནི།།
    བདེན་པའི་ཡི་གེ་མཚོན་པའི་གཟུགས་བརྙན་དེ།།
    མི་ཇུས་ཐབས་སུ་དང་ལེན་བྱས་པ་ཉིད།།
    གསལ་དྭངས་རིག་པའི་གདམས་ཁ་ཉིད་དུ་ངེས།།

    འུར་ཅོར་ཞེན་པ་འདྲེན་པའི་ལས་བྲལ་ལ།།
    ཞེན་ཁོགས་དང་ལེན་གཡམ་རྒྱུགས་མ་བྱས་པ།།
    དཔྱད་ཅིང་བརྟག་པའི་རིག་པའི་འགྲོ་ལུགས་ཤིག
    མགོ་རྒན་ཉིད་ཀྱི་ཀླད་པར་བསྡུས་འདི་ཡག།

    དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུགས་ཞེས།།
    གླེགས་བམ་རྩོད་རྙོག་ཐད་ལ་ཡིད་ཆད་ཀྱང་།།
    འཚོ་ཐབས་སྒྲུབ་པའི་རིག་པའི་འགྲོས་ཤིག་ལ།།
    དགག་སྒྲུབ་མ་བྱས་རང་དོན་དོར་བ་ཉིོད།།

    ལྟ་གྲུབ་ལངས་ཕྱོགས་གཞན་བརྟེན་ཟེར་ནའང་།།
    རང་ངོ་ཟིན་པའི་ཁས་ལེན་དམ་བཅའ་ཞིག།
    གྲུབ་མཐས་རིག་སྒྲུབ་གཏན་ཚིགས་འཁྱིལ་བའི་ཁ།།
    རིང་ནས་འདྲིས་པའི་གྲོགས་ཁྱོད་ཡོད་འདི་རྨད།།

  9. ཨ་རིག་དགེ་མཐོང་། says:
    2012-04-22 at 2:04 pm

    མ་བཅོས་རྒྱ་ནག་དཔོན་གྱི་བཟོ་རྟ་ཡོད། །
    རྒྱང་རིང་ཕུགས་མདུན་བསམ་སྟེ་མདུན་དུ་བསྐྱོད། །
    མི་ཁའི་ཕྲག་དོག་བར་ནས་མ་ཐར་ཡང་། །
    སྒང་ཚིགས་དྲང་དུ་བཟུང་བ་རང་གཤིས་ཉིད། །

    སྐད་ཆ་བཤད་ན་སྤོབས་པ་ཤིན་ཏུ་ཆེ། །
    ཟམ་གདོང་བླ་མ་སྙིང་ནས་གུས་བརྩི་ཞུ། །
    བཀའ་ཁྲིའི་བཀའ་ནི་གོང་བཀུར་མ་བྱས་པས། །
    བཀའ་ལོག་ཚིག་ལོག་ཆར་བཞིན་བབས་པས་སོ། །

    དྲ་འབུ་མང་པོས་ནམ་རྒྱུན་ཁྱེད་རང་འཚོལ། །
    དྲང་བོའི་གཏམ་ཡང་རྫུན་དུ་ཨེ་བསྒྱུར་བལྟས། །
    ཀ་ཁའི་སྦྱོར་ཀློག་མི་ཤེས་རྨོངས་ན་ཡང་། །
    མིང་རྫུན་འོག་ནས་ཁྱོད་ལ་སྙད་བཙུགས་སོ། །

  10. ཆབ་བྲག་ལྷ་མོ་སྐྱབས། says:
    2012-04-22 at 7:05 pm

    མུན་དང་འོད་ཀྱི་རང་བཞིན་འགལ་ཡང་རྒྱབ་མདུན་གཉིས་ན་རེས་ཀྱིས་སྣང།
    ཁ་དང་ཁོག་པ་གཅིག་ཏུ་འབྲེལ་ཡང་གཏམ་དང་ལས་དོན་ཐ་དད་པ།
    ཕྲག་དོག་རྣམ་རྟོག་གཅིག་ཏུ་འདྲེས་པའི་ང་རྒྱལ་དུག་ལྕེ་འཁྱུག་པའི་འགྲོས།
    འདི་ལྟའི་སྣ་ཚོགས་སྣང་བའི་རི་མོ་སྙིགས་མའི་རང་མདངས་ཡིན་ནམ་ཅི།

  11. འདྲེ་རིག་ལྡན། says:
    2012-04-22 at 8:57 pm

    གླེན་པའི་གཤིས་ཀ་ཅུང་ཟད་འདྲེས་པ་དྲང་པོའི་མི་ཡི་རང་བཞིན་རེད།།
    འཆལ་པོའི་གཏམ་ལ་ཉན་འཇོག་མེད་པ་རང་ཚུགས་ཅན་གྱི་ང་རྒྱལ་རེད།།
    རྩོམ་ལུས་གང་ལའང་ཐོགས་པ་མེད་འདི་རིག་འབྱུང་ཡུལ་མིའི་རང་མདངས་རེད།།
    བདེན་པའི་དོན་དུ་བདེན་གཏམ་བརྗོད་པར་ཞུམ་པ་མེད་ཁྱོད་ཤར་ཁུག་རེད།།
    ས་སྒང་འདི་རི་ཁྱོད་ཉིད་འཚོ་བ་འུག་པའི་ཚོགས་ཀྱི་གྱོང་གུད་རེད།།
    དབྱངས་གསལ་སོ་བཞི་ཁྱོད་ལ་དབང་འདི་འབྱུང་བོའི་ཚོགས་ཀྱི་ལྕགས་སྒྲོག་རེད།།
    ཆོལ་ཁ་ཆོས་ལུགས་ཐིག་ཤིང་མིན་པར་བདེན་རྫུན་རིན་གྱིས་གཞལ་བ་ཡི།།
    མི་ཕམ་དགེ་བོ་ཁྱོད་ཀྱི་གཤིས་འདིར་ང་ནི་མཐེ་བོང་སྒྲེང་ནས་ཡོད།།

  12. འདྲེ་རིག་ལྡན། says:
    2012-04-23 at 12:18 am

    ས་སྒང་འདི་རུ་་་་་

  13. ཉི་མ says:
    2012-04-23 at 4:52 am

    དྲ་གྲོགས་ཁ་ཅིག་ནི།

    ཆགས་སྡང་ཕྱོགས་རིས་ལས་གྲུབ་མིག་ཤེལ་གྱོན།།
    ཕ་རོལ་མི་ལ་ཞ་དཔེ་རྒྱས་འགེབས་བྱེད།།
    དཀར་ནག་ཕྱེད་པ་ཡིན་ཀྱང་ཕྱོགས་ཞེན་གྱིས།།
    ཕྱོགས་གཅིག་ཁོ་ནར་ཨུ་ཚུགས་མཐའ་ལ་སྐྱེལ།།

  14. ཉི་མ says:
    2012-04-23 at 4:54 am

    དྲ་གྲོགས་ཁ་ཅིག་ནི།

    ཆགས་སྡང་ཕྱོགས་རིས་ལས་གྲུབ་མིག་ཤེལ་གྱོན།།
    ཕ་རོལ་མི་ལ་ཞ་དཔེ་རྒྱས་འགེབས་བྱེད།།
    དཀར་ནག་ཕྱེད་པ་ཡིན་ཀྱང་ཕྱོགས་ཞེན་གྱིས།།
    ཕྱོགས་གཅིག་ཁོ་ནར་ཨུ་ཚུགས་མཐའ་ལ་སྐྱེལ།།

  15. ཆོས་འཕེལ says:
    2012-04-23 at 3:01 pm

    བཙན་གྱིས་བསྒྲིགས་པའི་ཚིག་གི་ཤུན་པ་དོན་གྱིས་སྟོང་ཡང་ནོར་སྲུང་རུས་མུར་རྗེས་སུ་སོང་།
    ཁམས་པའི་སྐྲ་ཅན་སྒྲོ་ལ་ཡོད་ན་བརྒྱད་བཅུ་ལོན་ཡང་ཙ་ཀོ་ར་ཡི་རྣམ་མཐར་བཟུང་།
    ལྟོ་ལ་ཐུག་ན་དབུ་ནག་བོད་ཀྱི་དབུ་ཡང་བཙོངས་ལ་ཡིད་གཉིས་ཙམ་ཡང་མི་སྲིད་པའི།
    ཁྲག་ཅན་སྦལ་བས་རིགས་མཐུན་ཀུན་ཀྱང་ཉམས་པར་བྱས་པའི་གཏམ་རྒྱུད་ཤར་གྱི་ཁུག་ཏས་ཁྱེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme