Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་པ།

Posted on 2013-07-302013-07-30 By ཁ་བརྡ་ 6 Comments on སྙན་ངག་པ།

བཀྲ་ཤིས་དོན་འགྲུབ།

བྲང་ཁོག་དགུང་ལ་གཏོད་པའི་ང་རྒྱལ་གྱིས།།
ལས་ཀྱི་རླུང་དམར་གདོང་གིས་བསུ་ཕོད་ཅིང་།།
སེམས་པ་འཁོར་བར་འཁྲེང་བའི་སྐྱོ་གདུང་གིས།།
མིག་ཆུ་ཁོག་ཏུ་བསྐྱིལ་བའི་མྱ་ངན་ཅན།།

གནམ་གྱི་ལུང་བསྟན་ས་ལ་བབས་པ་དང་།།
རྟེན་འབྱུང་རྒྱལ་མོ་དགྱེས་པའི་དགའ་སྟོན་དུ།།
འབྱུང་བཞི་དྲག་ཏུ་འཐབ་པའི་གཡུལ་ས་ནས།།
སྲིད་པའི་སྙང་ངག་མཁན་པོ་ལྷོད་ཀྱིས་འཁྲུངས།།

སྤྲིན་ནག་ལང་ལོང་འཁྲིགས་པའི་ཀློང་རུམ་ནས།།
གློག་ཞགས་ས་ལ་ཟུག་པའི་རྔམ་ཟིལ་གྱིས།།
འཇིག་རྟེན་གཉིད་དུ་ཡུར་བའི་ལྷིང་འཇགས་དེ།།
ཁྲག་བཞིན་དཀྲུགས་པའི་མཐུ་སྟོབས་མངའ་ནས་གདའ།།

མཚོན་གྱི་རྣོ་དབལ་གྱེན་ལ་གཟེང་ས་ནས།།
ཁྲག་གི་རལ་པ་ཐུར་དུ་འཕྱང་ས་ནས།།
ཕུག་རོན་དཀར་མོའི་གཤོག་འགྱུ་ངོམ་སྟངས་ཀྱིས།།
ཞི་བདེའི་མགུར་མ་གྱེར་བའི་སྤོབས་པ་མཐོ།།

མཚན་ཉུལ་རྐུན་པོའི་འོག་མིག་རིག་རིག་དེ།།
རུམ་གྱི་འབའ་ཁུག་བསླུ་བའི་ལྕགས་ཀྱུ་ཙམ།།
གནམ་སའི་ཁ་དོག་འདྲེན་པའི་སྨྱུག་རྩེ་དེ།།
གཉུག་མའི་བརྩེ་བ་འཕྲོག་པའི་ཇག་པར་གདའ།།

ཕྱོགས་མེད་དགུང་སྔོན་སྟོང་པའི་མཐོ་ཚད་ནས།།
རྒོད་པོའི་གཤོག་ཟུང་རླུང་བུས་བཏེགས་པ་ཡང་།།
དགའ་སྐྱོའི་རྟ་ལ་འཆིབ་པའི་གྲེ་འགྱུར་དེ།།
རྟོག་པའི་གླུ་ལ་དྲངས་པའི་སྣང་ཚུལ་ཙམ།།

རྣག་ཁྲག་གཡའ་ཆུས་གང་བའི་རྫབ་དོང་ནས།།
དྭངས་བཅུད་བདུད་རྩི་ལེན་པའི་ཐབས་རྩལ་དེ།།
སྡུག་གི་སྐྲ་ལོ་འཛིངས་པའི་ཡུགས་ས་མོར།།
འཛུམ་ཆུང་མེ་ཏོག་འདྲེན་པའི་ཕྱག་རྒྱ་ཡིན།།

ས་གཞི་མུན་པས་བཟུང་བའི་དུས་གཉན་ལ།།
གཟེ་བའི་རྦ་རླབས་འཕྱོ་བའི་རྟ་ནག་གིས།།
ཇག་ཚོགས་གཞུང་ལ་བཏེགས་པའི་འཇིགས་ཟིལ་དེ།།
སྨྱུ་གུའི་རྩེ་ནས་འཁྲུངས་པའི་ལྟད་མོ་རེད།།

འཇའ་འོད་གུར་ཁང་ཕུབ་པའི་ལྡིང་ཁང་ནས།།
ཉམས་རྟོགས་གླུ་རུ་ལེན་པའི་དགའ་སྟོན་དེ།།
རྟོག་འགྱུའི་ཕྱྭ་གཡང་འགུག་པའི་ཧམ་སེམས་ཀྱིས།།
མགྲིན་པ་དམར་པོའི་སྦུབས་སུ་བསྐྱིལ་ནས་ཡོད།།

ཆར་པ་མིག་ཆུར་གྱུར་བའི་སྐྱོ་སྣང་དང་།།
ཉི་མ་དམར་པོར་གྱུར་བའི་འཇིགས་སྣང་གཉིས།།
སེམས་ཀྱི་མྱ་ངན་སངས་དུས་ཡེ་མེད་པའི།།
སྙན་ངག་པ་ཡིས་བདམས་པའི་ནམ་མཁའ་རེད།།

དྲག་རླུང་འུར་འུར་ལྡང་བའི་ས་སྲོས་ཀྱི།།
རྐང་གླིང་ཟད་པོའི་ཤུར་སྒྲ་ལྷང་ལྷང་དེ།།
སྙན་ངག་པ་ཡི་རྒྱགས་ཕྱེ་ཡིན་གདའ་བས།།
རྒྱགས་ཕྱེ་བསྐྱུར་ནས་མ་ཕེབས་སྙན་ངག་པ།།

སྙན་ངག

Post navigation

Previous Post: ལ་ཁའི་ཆིག་ལབ། ༼ཚན་པ་བཅུ་བ༽
Next Post: ཕྱག་རྒྱ་བཞི་ཡི་གླུ།

Comments (6) on “སྙན་ངག་པ།”

  1. འདྲེ་རྐང་ཐོ། says:
    2013-07-30 at 2:09 pm

    མདུན་གྱི་བདེན་པ་གླེང་བའི་ཁ་ལྕེ་དང་།།
    རྒྱབ་ཀྱི་རྒོལ་བར་མི་འཇིགས་སྙིང་སྟོབས་གཉིས།།
    ཡོད་ཚད་སྨྱུག་ཁར་འདྲེན་པའི་བློ་སྤོབས་གསུམ།།
    འདི་གསུམ་མེད་ན་སྙན་ངག་རོ་དང་འདྲ།།

  2. ཀ་ཁའི་རྫི་བོ། says:
    2013-07-30 at 2:59 pm

    སྙན་ངག་འདིས་ཁོ་བོའི་ཡིད་ལ་རྒྱ་མཚོའི་རྦ་རླབས་ལྟ་བུའི་རྟོག་འགྱུ་ཞིག་བསླངས་སོང་།

  3. དབྱངས་ཅན་འབངས། says:
    2013-07-30 at 3:37 pm

    རྣམ་ཤེས་རྒན་པོས་སྨྱུ་གུའི་མཁར་བ་ལ།།
    བརྟེན་ནས་སྙན་ངག་མཛའ་མོ་ཁབ་བསུས་ཚེ།།
    དུས་བཞིའི་བགྲོད་པ་ལུགས་ལས་ལྡོག་གྱུར་ཀྱང་།།
    མི་ཤེས་དེ་ཡི་ལང་ཚོ་གང་གིས་གཞལ།།

  4. ཨོ་རྒྱན་ཉི་མ། says:
    2013-07-30 at 5:41 pm

    མཁྱེན་རབ་དབང་ཕྱུག་བསྙེན་ལ་མི་ཞུམ་པའི།།
    ཡིད་ཀྱི་རྟོག་འགྱུ་འཕྱུར་བའི་རླབས་འཕྲེང་རྩེར།།
    སྙན་འཇེབས་ངག་གི་འགྱུར་ཁུག་གཡོ་བ་ན།།
    སྒྲ་དབྱངས་ལྷ་མོ་ཡིན་ཡང་སྙེམས་པ་ཤོར།།

  5. མེ་ཏོག་དཀར་པོ says:
    2013-07-30 at 6:58 pm

    ཐེངས་མ་དགུ་ལ་ཀློག་ཀྱང་མི་གོ་བའི།།
    ཚིགས་བཅད་བཅུ་གཅིག་ལྷུ་ལ་འགྲིག་པ་འདི།།
    ང་ལ་མཚོན་ན་མི་མཁོའི་ཅ་ལག་སྟེ།།
    གསང་སྤྱོད་ནང་གི་སེར་པོ་རྡོག་རྡོག་བཞིན།།

  6. རང་དབང་ཨ་རྡུ་མན says:
    2013-07-31 at 8:36 am

    ཡིད་ཀྱི་མདུན་པ་འཕྲོག་པའི་སྙན་ཚིག་དང་། །
    སེམས་ཀྱི་གཏད་སོ་མེད་པའི་སྙན་དངགས་མཁན། །
    ཚེ་གང་སྙན་ཚིག་ལམ་དུ་ཉུལ་སོང་ན། །
    དྲང་བདེན་རླུང་ལ་མ་བསྐུར་སྙན་དངགས་པ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme