Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་ཐོལ་བྱུང་མ

Posted on 2010-01-09 By དབང་ཕྱུག་ 3 Comments on སྙན་ངག་ཐོལ་བྱུང་མ

རི་སྤྱང་ཁེར་འགྲོ

………………………….

ཀ།

མཁའ་དབྱིངས་ཀྱིས་བདག་ལ་སྒོ་ཆེན་ཕྱེས།

ས་ཆེན་གྱིས་བདག་ལ་ཞབས་སྟེགས་བསྩལ།

འཕུར་སྟངས་འདི་ཐང་དཀར་རྒོད་པོ་ཞིག་འདྲ་ལ།

འགྱིང་ཚུགས་འདི་གངས་སེང་ངར་མ་ཞིག་ལྟར།།

ཁ།

བྲང་ཁོག་ནང་ལྟེམས་ལྟེམས་བྱེད་པ།

ཞི་བདེ་རྒྱ་མཚོར་འགྲན་སློང་བ་རེད་དམ།

རྩ་ལམ་ན་ཤུར་ཤུར་ལྡང་བ།།

ཐུ་བྷོད་བྱང་ཐང་ལ་ཐོ་འཚམས་པ་ཡིན་ནམ།

ག

བུ་ཆུང་སྐྲག་པའི་ངུ་འབོད་ཀྱིས།
ཨ་མ་མཚན་གུང་གཉིད་ལས་དཀྲོགས།

རྒྱ་མཚོའི་དྲག་རླབས་འཕྱོམ་པ་ཡིས།

ཉ་མོ་ཁེར་འགྲོ་སྐམ་སར་གཡུག།

ང་།

ཁ་བ་གཙང་མའི་འབབ་རྒྱུན་དེས།

ནགས་ཀླུང་སྟུག་པོ་ཚིམ་པར་བྱས།།

ཅ།

མེ་འཁོར་གྱི་རྒྱུ་བ་སྐར་མདའ་སྙེག་པའི་འགྲོས།

རྒྱང་འགྲུལ་བའི་སེམས་པ་རླུང་ཆེན་ནང་སྤྲིན་ནག་བསྐྱོད་པའི་རླབས།།

ཆ།

ཆང་ཕོར་གང་ཧུབ་འཐུང་བྱས་བར།

རིག་པ་ཡི་རྩ་མདུད་ཁྲིགས་སེ་གྲོལ།

སྙན་ངག་འདི་འགོག་ཏུ་མི་བཏུབ་བས།

སྣག་ཤོག་གི་སྟ་གོན་ད་བྱོས་ཤིག

ཇ།

བྱ་བཏང་བའི་འཚོ་བ་གུ་ཡངས་པོ།

བསིལ་རླུང་གི་རེག་བྱ་ཁམས་དངས་པོ།

ཆུ་ཕྲན་གྱི་ལྗོངས་རྒྱུ་ཉམས་སྤྲོ་བོ།

ལྗོན་ཤིང་གི་བསིལ་གྲིབ་ཡིད་དྲངས་པོ།

སྙན་ངག་གི་སྲོག་ལ་ད་ཞུགས་ཤིག།།

ཉ།

རི་དགས་རྒྱུ་བའི་འབྲོག་དགོན་ན།།

ངོ་ཚ་སྨིན་པའི་ཁོ་མོས།

ཆུ་མིག་ཅིག་མེ་ལོང་ལ་བསྟེན་ཏེ།

ཞལ་རས་ལ་གཙང་དག་བྱེད།

ནགས་བྱེའུ་མཁའ་ལ་འཕུར།

ཤིང་ལོ་རླུང་གིས་འཁྱེར།

དབེན་ཐིང་ཐིང་གི་རྫ་སུལ་ནས་འབུད་ཤིང་འཐུ་བཞིན།

སྔོ་སེང་སེང་གི་མཁའ་ལ་ལ་གཞས་ལེན།

ཏ

ཉ་/ གསེར་འོད་ཆེམས་ཆེམས་ཆུ་མོའི་ངོགས་ན།

ཕྱེད་/གཅེར་ཧྲེང་མ་ཞིག་ཁྲུས་ལ་ཞུགས་འདུག།

བྲག་/ རྒོད་སྙིང་ འདར་བའི་ཡ་ཐོད་ནས།

བུའུ་/ཕྲག་འཁུར་ཞིག་གིས་རྒྱང་བལྟ་བྱེད།

ཐ

འཁོར་བའི་སྲོག་ཤིང་གཅེར་ཧྲེང་མ།

ཡིག་འབྲུ་བཅུ་བདུན་གྱི་བདག་མོ།

བདག་གི་བག་མར་བྱོན་དང་།

ད

སྔོན་ཚེ་རྨི་ལམ་ཞིག་ནང་།

ཁ་བ་དམར་ཧྲེང་བབས་པ།

ད་དུང་སེམས་ལ་ཆགས་འདུག

ན

ན་ལེན་དྲ་ཡི་གྲ་རྒོད།

རྡོ་རྗེ་ཕུར་བའི་བདག་པོ།

མདང་དགོང་དྲ་རྒྱའི་ངོས་ན།

འཁྲལ་འཁྲུལ་རྩེད་མོ་རྩེ་ཀི།

པ

ཁ་ཏའི་བེམ་རོ་ཞིག

བྱ་ཚང་བཤིག་རོ་ཞིག་དང་ལྷན།།

སྡོང་རྩེ་ན་ལྩེབས་འདུག

སེང་གེ་ཤི་བོ་ཞིག

ཁྱི་རོ་ཞིག་དང་མཉམ།

གངས་ཁྲོད་ན་རུལ་འདུག

ཕ

ཨ་ཕའི་གཙུག་གཡུ།

སྙིང་ཁ་ལ་བཙུགས་ཡོད།

ཨ་མའི་བྱུ་རུ།

ལྟེ་ཁྲག་ལ་འཕོས་སོང་།

བ

མདའ་ཞིག་བོར་དེ་ཚེ་གང་སྐྱོ་སྡུག

མདུང་ཞིག་སྟོར་བར་ཕྱིར་ཕྱིར་འཕྲེང་འདུག

སྒྱུ་རྩལ་བྱང་མ་ཉི་ཧོང་སུམ་རྐང་།

སྐྱོ་བསལ་གར་ལ་ཚར་གཅིག་ཞུགས་དང་།

སེམས་གསོ་རྒྱུད་མང་ལན་གཅིག་དཀྲོལ་དང་།

མ

སླར་ཡང་།

བྱིས་པ་བཙས་མ་ཞིག་ལྟར།

ངག་ལྐུགས་སོང་།

ཙ

སྐབས་རེར་སྨྱོན་པ་ཞིག་ལྟར་རྒྱུ་མཚན་མེད་པར་ཧ་ཧ་ཧ།

ལན་རེར་ནམ་གུང་གྲིམ་སེ་ལངས་ཏེ་མདོ་གདུགས་སྒྲོལ་གསུམ་དི་རི་རི།

མཚམས་རེར་ཅི་ཡིན་འདི་ཡིན་མེད་པར་རང་བྱུང་འབོད་སྐད་ཀི་ཧེ་ཧེ།།

གདོན་གྱིས་ཟིན་འདུག་ཟེར་ནས་ཁོང་ཚོས་ང་ལ་ཕཊ་ཕཊ་ཕཊ

ཚ

མི་རབས་ནས་མི་རབས།

བུ་རབས་ནས་བུ་རབས།

བོས་བོས་ནས་ངག་ཀྱང་བོར་སོང་།

འབོད་པ་ལ་ལན་མེད་པ།

གསོན་དགོས་པའི་སྤོབས་པ་རེད་འདུག

ཛ

ལྟ་གྲུབ་ཀྱི་གྲོག་རོང་ནས་ངལ་ཞིང་།

ཡིག་ཚོགས་ཀྱི་ཚང་ཚིང་ནས་བོར་ཏེ།

མི་གཤིས་ཤོར་བའི་རྫུན་མ་ཞེས།

རང་གིས་རང་ལ་གཤེ་བ་འདི་ཅི་ཞིག་ལགས།

ཝ

ཁ་སང་དེ་རིང་གི་རྒུད་པ་འདི།

ཝ་སྐད་ཤོར་བཞིན།

ཝ་རྔ་འདྲུད་པ་དང་ཀུན་ནས་མཚུངས།

ཞ

མཚམས་འདིར་སླེབས་ནས།

ངག་གི་ང་རོ་ཤི་སོང་།

… … …

སྙན་ངག

Post navigation

Previous Post: ང་དང་ངའི་ཁྱིམ་མཚེས་ཚོ། ད་དུང་ཆར་བ།
Next Post: ༑མཁས་པ་དགེ་འདུན་ཆོས་འཕེལ་ལ། ཚད་བརྒལ་བསྟོད་སྨད་འཚམ་པོ་མེད།

Comments (3) on “སྙན་ངག་ཐོལ་བྱུང་མ”

  1. lala says:
    2010-01-09 at 5:03 pm

    དམར་ཧྲེང་མ་སྒོམ་རྒྱུ་མང་ན།
    སེམས་ཧྲེང་པོ་རི་ལ་ཤོར་ཡོང་།
    ནག་ཧྲེང་ངེར་འཁོར་བར་འཕྱན་ན།
    སྐྱ་ཧྲེང་ངེར་མི་ཚེ་སྟོང་ཡོང་།
    མི་ཧྲེང་ཧྲེང་གཉིད་ལམ་ནང་དུ།
    མོ་ཧྲེང་ཧྲེང་གར་ལ་རོལ་བ།
    སྐྱ་ཧྲེང་ཧྲེང་བྱང་ཐང་ལུང་པར།
    རྩ་ཧྲེང་ཧྲེང་རླུང་གིས་བསྐྱོད་འདྲ།

  2. ཀརྨ་་རྡོ་རྗེ་ says:
    2010-01-18 at 4:38 pm

    ཕོ་ཧྲེང་དང་མོ་ཧྲེང་ཐག་རིང་བསྡད་ན་ཉེ། །
    མོ་ཧྲེང་དང་མོ་ཧྲེང་མཉམ་འདྲིས་བྱུང་ན་འཇམ། །
    ཕོ་ཧྲེང་དང་ཕོ་ཧྲེང་འགྲོགས་ནས་འགྲོ་ན་བདེ། །
    ཕོ་ཧྲེང་དང་མོ་ཧྲེང་གཉེན་སྒྲིག་བྱས་ན་མཛེས། །

  3. ཀརྨ་་རྡོ་རྗེ་ says:
    2010-01-18 at 4:48 pm

    ༡༽ ་་་་་་་་་་་་་་་་་་་་་་་་་་་་་་་བསྡད་ན་འཆམས། །སུ་བཅོས་ན་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme