Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་གྱེར་འདོན་ལས་འཕྲོས་ཏེ་ལས་འགུལ་བ་དག་ལ་གྲོས་སུ་གདབས་པ།

Posted on 2011-07-052011-07-05 By ཁ་བརྡ་ 5 Comments on སྙན་ངག་གྱེར་འདོན་ལས་འཕྲོས་ཏེ་ལས་འགུལ་བ་དག་ལ་གྲོས་སུ་གདབས་པ།

ཐོར་རྒོད་པ་སྤྱན་ཆབ།

ཁ་སང་རྭ་རྒྱའི་ཤིང་བཟའ་རིན་པོ་ཆེས་བཀོད་བསྒྲིགས་བྱས་པའི་སྙན་ངག་གྱེར་འདོན་འགྲན་བསྡུར་དུ་རང་ངོས་ནས་རྒྱབ་སྐྱོར་ཙམ་གྱི་ཚུལ་དུ་ཞུགས་པ་དང་དེ་རུ་ད་དུང་ཡུན་རིང་མ་མཇལ་བའི་གྲོགས་པོ་རེ་གཉིས་དང་ཡང་འཕྲད་པས་ཁྱོད་ཀྱིས་སྙན་ངག་གྱེར་རྒྱུ་ཡིན་མིན་དྲིས་པར་ཡང་ངས་རྒྱབ་སྐྱོར་མཚོན་པ་ཞིག་བྱེད་ཀི་ཡོད་ཅེས་བཤད་པ་ཡིན། དེ་ནས་ཅུང་མ་འགོར་བར་སྐབས་དོན་དངོས་སུ་འགོ་བཙུགས་པ་དང་རིན་པོ་ཆེ་ཁོང་གིས་སྔོན་འགྲོའི་གཏམ་གླེང་ཐུང་ངུས་སྔོན་བསུས་ནས་ད་ལན་ཐེངས་གསུམ་པ་ཡིན་རབས་སོགས་གསུངས་སོང་།
དེ་རྗེས་གཞུང་དངོས་ལ་ཞུགས་པ་དང་གཙོ་སྐྱོང་པས་སྐར་གྲངས་སྟེར་མཁན་དག་ངོ་སྤྲོད་བྱས་སོང་ལ་བར་སྐབས་བཅར་འདྲིའི་ལམ་ནས་༡ སྙན་ངག་པ་ལྷ་ཆབ་སྦྱིན་པས་ད་ལན་སྙན་ངག་རང་གི་ཡིན་མིན་གཙིགས་འཛིན་བྱེད་ཀྱིན་མེད་པ་འདྲ་ནའང་༼འདི་ཡང་གསལ་བསྒྲགས་ལྟར་ན་ཁྱད་པར་ཡོད་ཅེས་གསུང་ཡོད་ནའང་དོན་དངོས་སུ་ཉིན་དེར་སྙན་ངག་རང་གི་ཡིན་མིན་ལ་སྐད་ཆ་འདྲི་མཁན་ཙམ་ཡང་མི་འདུག༽ང་རང་ངོས་ནས་གཙོ་བོ་སྙན་ངག་གི་ལེགས་ཉེས་ལ་བལྟ་ཅི་ཐུབ་བྱེད་ཀྱིན་ཡོད་ཅེས་གསུངས་པ་དང་༢ གཙང་ཕྲུག་སྟོབས་ལགས་ཀྱིས་ང་རང་གིས་གཙོ་བོ་ལུས་ཀྱི་སྟངས་སྟབས་ལ་བལྟ་ཅི་ཐུབ་བྱེད་ཀྱི་ཡོད་ཅེས་གསུངས་སོང་། ༣་ད་དུང་གཞན་ཅིག་ཡོད་པ་ནི་རང་བཙན་འཐབ་རྩོད་པར་རློམ་གྱིན་པའི་བསྟན་འཛིན་བརྩོན་འགྲུས་ལགས་རེད་ལ་དྲང་མོར་ཞུ་ན་རྡ་ས་ཕར་ཟད་སྐབས་དེའི་ཚོགས་བཅར་བའི་ཁྲོད་ནའང་ཚིག་དོན་དབྱངས་གསུམ་གྱི་ཕྱུག་པའི་སྐུ་མགྲོན་གང་མང་ཞིག་ཡོད་བཞིན་དུ་ཁོ་བོ་ནི་རྒན་མོས་ཐལ་པ་འཕོ་སར་རྒད་པོ་ཡོང་བ་ལྟ་བུ་ཞིག་དང་ཕྱིང་བ་དྲ་ས་ན་སྡེར་མོ་ཅན་ལ་སྐལ་མེད་པ་་་ལས་མ་འདས་པས་འདི་དག་ནི་ང་ཚོ་ལས་འགུལ་བ་ཚང་མས་གཟབ་དགོས་ས་དང་ངེས་པར་ཤེས་དགོས་པའི་གནད་དམ་པའོ།། དེ་ཡང་ཁོ་བོས་དབྱིན་ཇིའི་སྙན་ངག་འབྲི་བ་བདེན་དུ་གྱུར་ནའང་སྤྱི་ལོ་༢༠༠༩ལོའི་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་ནས་ཁོ་པས་་བོད་ཡིག་གི་སྙན་ངག་བྲིས་ན་ཆོ་མེད་རབསདང་ཀློག་མཁན་ཉུང་རབས་དེ་ལས་དབྱིན་ཇི་སྙན་ངག་བྲིས་ན་བྲིན་ཆེ་ཚུལ་དང་ཚོང་ཡག་ཚུལ་མང་པོ་གསུངས་པ་་་དང་དོན་ངོ་མར་བོད་པས་བོད་ཡིག་སྦྱོང་པ་ཆོད་ཆེ་ཆུང་དང་ཚོང་ཡག་མིན་ཙམ་གཏན་ནས་མིན་པས་དེ་གའི་ཚོགས་མི་དང་ཚོགས་བཅར་བ་ཚང་མའི་རྣ་བའི་དཔྱིད་དུ་གྱུར་མེད་ན་ཡང་། བདེན་པ་གདོང་ལ་གཏོད་ཐུབ་པའི་མི་བུ་ངར་མ་ནི་འདི་ག་བཙན་བྱོལ་ནང་ཧ་ཅང་དཀོན་པས་ཁོ་པར་ཡ་ལན་བྱེད་མཁན་གླེན་ཕྲུག་ང་རང་གཅིག་པུར་གྱུར། མ་གཞི་ངེད་གཉིས་ཀྱང་གྲོགས་པོ་ཡིན་མོད་འདི་དང་འདི་ལྟ་བུའི་སྐབས་སུ་གཉེན་དང་ཉེ་དུའི་ངོ་སོ་བསྟད་ནས་བཞག་ན་འགྲིག་གི་མ་རེད། ད་དུང་ཁ་སང་ཚོགས་འདུའི་སྟེང་སྐར་གྲངས་སྟེར་མཁན་ཚོས་རང་རང་གིས་བྲིས་པའི་སྐར་གྲངས་དེ་ཤོག་ངོས་ཆུང་ངུ་ཞིག་གི་སྟེང་བྲིས་ནས་ལག་པ་ཡར་བཀྱགས་ཏེ་གཙོ་སྐྱོང་བར་སྟོན་དགོས་ཡོད་མོད། བསྟན་འཛིན་བརྩོན་འགྲུས་ཀྱིས་མགོ་དགྱེ་དགྱེ་ལུས་དྲང་དྲང་གིས་ངག་དམའ་མོས་གྲངས་ཀ་བཤད་པར་གཙོ་སྐྱོང་བ་ཟུང་གིས་ཡག་པོ་མ་གོ་བར་ཨ་་་ལྔ་་་དྲུག་་་་དགུ་་ཞེས་ཡང་ཡང་འདྲི་དགོས་བྱུང་པ་འདིའང་དོན་ངོ་མར་སུ་ཞིག་སྣང་མེད་དུ་བཞག་པ་དང་སུ་ལ་བསམ་ཤེས་མེད་པའི་ངན་རྟགས་རིགས་ཤིག་ཡིན་པ་ཚོགས་བཅར་བ་ཚང་མས་མཐོང་གསལ་ལྟར་རོ།།
དེ་ནས་ཉིན་གུང་སླེབས་པ་དང་གསོལ་ཇའི་བར་གསེང་བཏང་སོང་། སྐར་མ་ཉི་ཤུ་ཙམ་གྱི་ཕྱིར་ནང་དུ་འཚོགས་པ་ན་གསལ་བཤད་དང་ངོ་སྤྲོད་ཅི་ཡང་མེད་པར་སྐར་གྲངས་སྟེར་མཁན་དག་གི་སྐར་གྲངས་ལ་ཞོགས་པ་དང་ཉིན་གུང་གི་འགྱུར་ལྡོག་ཐེབས་ཤིང་གསལ་བསྒྲགས་ནང་གི་གྱེར་འདོན་པའི་དུས་ཡུན་སྐར་མ་བཅོ་ལྔ་བོའང་མགོ་ནས་བཅད་ཅིང་གཞུག་ནས་གཏུབས་དགོས་བྱུང་བའི་གློ་བུར་བ་འདི་དག་ནི་མི་མང་གི་མིག་ལམ་ན་དྲི་རྟགས་རྫོབ་པོ་ཞིག་ལས་ཅི་ཡང་མིན་པས་འདིར་ཡང་ང་ཚོས་ངེས་པར་གཟབ་དགོས་པ་རེད་སྙམ་ལ་ལས་འགུལ་བ་དག་གིས་མ་མཐའ་ཡང་རང་གི་མང་ཚོགས་དང་མིའི་རིགས་སུ་དབུ་སྐོར་མི་གཏོང་བའི་ཐབས་ལ་འབད་པ་བྱེད་དགོས་རེད་བསམས་སོ།
ཉིན་གུང་རྗེས་ཤིག་ནས་སྐད་ཆ་འཆལ་བོ་ཞིག་གང་སར་འགྲིམས་བཞིན་པ་ནི་གྱེར་འདོན་པ་རྣམ་པ་དང་ལས་ཀ་བ་དང་འབྲེལ་ཡོད་རིགས་ལ་ཞལ་ཟས་གཏོང་རྒྱུ་ཟེར་པ་དེ་རེད་ལ་དེ་ཡང་སྔོན་མའི་གསལ་བསྒྲགས་སུ་བཀོད་མེད་པ་ཞིག་གཞི་ནས་ལྐོག་ལྐོག་སུད་སུད་བྱེད་བཞིན་པ་ལྟ་བུ་ཞིག་ཏུ་མཐོང་བས་རྗེས་སོར་ཡང་ཡིག་ཐོག་ནས་གསལ་བསྒྲགས་བྱས་མེད་ཀྱང་ངག་ཐོག་ནས་གསལ་བཤད་ཡག ་པོ་ཞིག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་སྙམ།
ཡང་དེ་དང་དེ་འདྲ་བ་ཞིག་ལ་ན་ནིང་སྐད་ཡིག་སྲུང་བརྩིའི་ཉིན་མོར་རང་རེའི་བོད་ཀྱི་སྐད་ཡིག་ཚོགས་པའི་བཀོད་སྒྲིག་འོག་སྐད་ཡིག་བགྲོ་གླེང་འཚོགས་འདུ་ཞིག་བསྡུས་ལ་དེ་རུ་གདན་ཞུའི་སྐུ་མགྲོན་གཙོ་བོ་བོད་ཡིག་མི་མཁྱེན་པའི་སྤྱི་འཐུས་རྒྱ་རི་སྒྲོལ་མ་དང་གཉིས་པ་བོད་སྐད་གཙང་མ་ཞིག་ཀྱང་བཤད་མི་ཤེས་པའི་ཤར་གླིང་ཟླ་སྒྲོན་དེ་མིན་གཞན་དག་ཀྱང་བོད་ཀྱི་སྐད་དང་ཡི་གེའི་ཁྱད་ཆོས་དང་དགེ་མཚན་དང་གལ་ཆེའི་རང་བཞིན་དང་གས ོ་སྐྱོང་གི་རང་བཞིན་ཙམ་འཆད་ཤེས་མཁན་ཞིག་གདན་དྲངས་མེད་པ་དེ་ང་ཚོ་མིག་ཟུང་ཡོད་པའི་མི་ཡོད་ཚད་ཀྱིས་བལྟས་ནས་ཡོད་པས་ང་ཚོའི་སེམས་སུ་ཆུ་འཁྱག་ཕོར་བ་གང་རེ་བླུགས་པ་དང་གཉིས་སུ་མ་མཆིས་སོ།།
གཞན་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སུན་པོ་མི་བཟོ་བའི་ཆེད་དུ་བར་སྐབས་འདིས་འཐུས་པར་བྱས་པ་ལགས་ལ་སྤྱིར་ང་ཚོས་རྫིག་རྫིག་སྒམ་སྒམ་ཚོས་ཀྱང་རང་ཉིད་ཀྱིས་་་ཉིན་དཀར་ལྷ་མོར་ལྷ་ཡག་པོ་བཞེངས་རོགས་བྱེད་ཐུབ་སོང་ན་མཚན་མོར་འདྲེ་མོར་ཐགས་འཐག་རོགས་བྱེད་རྒྱུ་དེ་ཁྱོད་རང་ཚོར་མ་མངག་པའི་བུ་ལ་མ་བཅོལ་བའི་གཏམ་དུ་ཟད་དོ་ཞེས་ཀྱང་ཞུ་འདོད་བྱུང་ངོ།། ཐུགས་རྗེ་ཆེ།
2011/07/04

སྣ་ཚོགས།

Post navigation

Previous Post: ང་ཡི་ཨ་ཀ་མ།
Next Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།

Comments (5) on “སྙན་ངག་གྱེར་འདོན་ལས་འཕྲོས་ཏེ་ལས་འགུལ་བ་དག་ལ་གྲོས་སུ་གདབས་པ།”

  1. ཟླ་བ་དོན་འགྲུབ། says:
    2011-07-06 at 2:55 am

    བོད་ཡིག་གི་སྙན་ངག་བྲིས་ ན་ཆོ་མེད་རབསདང་ཀློག་མཁན་ཉུང་རབས་དེ་ལས་དབྱིན་ཇི་སྙན་ངག་བྲིས་ན་བྲིན་ཆེ་ ཚུལ་དང་ཚོང་ཡག་ཚུལ་མང་པོ་གསུངས་པ་་་ཞེས་པ་འདི་འདྲའི་སྐད་ཆ་ཤོད་མཁན་ཞིག་བོད་ཀྱི་སྐད་ཡིག་སྙན་ངག་གྱེར་འདོན་དུ་གདན་འདྲེན་ཞུས་པ་གཏན་ནས་མ་ལེགས། ཐོར་རྒོད་པ་སྤྱན་ཆབ་ཀྱིས་གསུངས་པར་མཐའ་གཅིག་ཏུ་མོས་མཐུན་ཡོད།
    བོད་ཀྱི་སྐད་ཡིག་མི་ཤེས་ཤིང་དེ་ལ་མཐོང་ཆུང་ཁྱད་གསོད་བྱེད་མཁན་ཞིག་བོད་མི་རིགས་ཀྱི་འཐབ་རྩོད་པར་གླེང་དགོས་ན་ཤིན་ཏུ་མི་འོས། རྒྱལ་ཁབ་བམ་མི་རིགས་དེར་སེམས་གཏིང་ནས་ཤ་ཞེན་ཡོད་མེད་དེ་རྒྱལ་ཁབ་བམ་མི་རིགས་དེའི་སྐད་ཡིག་ལ་དུང་ཞེན་ཇི་ཙམ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན།
    མགོ་ལ་རས་ནག་པོ་ཞིག་དཀྲིས་ནས་དོན་མེད་ཀྱི་སྡུག་འཁུར་བ་ལས། དེའི་ཚབ་ལ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་ཏོག་ཙམ་གནང་ན་དེས་བོད་དང་བོད་མི་རིགས་ལ་ཕན་ཐོགས་ཆེ།
    མདོར་ན། བོད་ཀྱི་སྐད་ཡིག་ལ་ཁྱད་གསོད་མཐོང་ཆུང་བྱེད་མཁན་གྱི་མི་ཞིག་ཡིན་ནས་བཟུང་ཐུ་མིའི་རྗེས་འབྲང་གངས་ཅན་པ་ང་ཚོས་ནམ་ཡང་བཟོད་སྒོམ་བྱེད་མི་ཉན།

  2. དབང་འདུས། says:
    2011-07-06 at 12:40 pm

    བོད་རང་གི་ཐུན་མོང་མིན་པའི་སྒྲའི་གཅོད་མཚམས་དང་ཀློག་ཚུལ་སོགས་ཡོད་བཞིན་དུ། རྒྱ་ནག་གི་སྒྲའི་གཅོད་ཚུལ། གྱེར་ཚུལ། ངག་འགུགས་ཚུལ་སོགས་བཙན་གྱི་བོད་སྐད་ནང་དུ་གྱེར་བཅུག་ནས་ད་དུང་བོད་ཡིག་སྲུང་སྐྱོབ་ཀྱི་ང་རོ་སྒྲོག་བཞིན་པ་ནི། མ་ཤེས་པའམ་ཡང་ན་མི་དམངས་ལ་མཐོང་ཆུང་བྱས་པ་ཞིག་ལས་མ་འདས་སྙམས། འོན་ཀྱང་མིའི་ལྟ་གྲུབ་དང་བསམ་ཚུལ་ལ་གང་ཡང་འཆར་སྲིད་པས་གུས་པའི་ནོར་འཁྲུལ་ཡིན་ན་དགོངས་སེལ་ཞུས་པ་ཡིན།

  3. འདྲེ་མགོ་རྡོ། says:
    2011-07-07 at 10:44 am

    ཡག་པོ་བྲིས་འདུག

  4. ཀིརྟི་སྐྱབས། says:
    2011-07-07 at 3:09 pm

    བོད་ཡིག་སྙན་ངག་གི་སྒྱུ་རྩལ་བྲོ་བ་མྱོང་ཤེས་རྒྱུ་ཕར་ཞོག བོད་སྐད་བརྡ་དག་དང་མཐུན་པ་ཞིག་ཀྱང་ཤོད་མི་ཤེས་པའི་བཙན་བྱོལ་ནང་གི་ཆབ་སྲིད་པ་བྱབ་ཆུང་བསྟན་འཛིན་བརྩོན་འགྲུས་དཔྱད་འདེམས་པར་བསྐོས་པ་ནི་གོ་སྒྲིག་པ་དང་ལངས་ཕྱོགས་འབྲེལ་པ་ཡག་པོ་ཡོད་ཙང་མིན་ན་ལྟས་ངན་རང་རེད།

  5. སྤྱན་ཆབ། says:
    2011-07-09 at 5:17 am

    དྲ་གྲོགས་རྣམ་པས་བསམ་བློ་རང་ཕྱོགས་ནས་བཏང་ཞིང་ནོར་འཁྲུལ་ཀྱང་རང་ས་ནས་ངོས་ལེན་དང་མཛུབ་སྟོན་གནང་བར་ཞེ་ནས་དགའ་ཡོད་ལགས་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme