Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་གི་ཕ་ཁྱིམ།

Posted on 2014-02-162014-02-16 By ཁ་བརྡ་ 14 Comments on སྙན་ངག་གི་ཕ་ཁྱིམ།

འབའ་སྲས།

སྐད་འཕྲིན་ཞེས་པ་འདི་སྤྱི་ཚོགས་སུ་དར་ཁྱབ་བྱུང་བ་ནས་བོད་ཕྱི་ནང་གི་མི་ཧ་ཅང་མང་པོ་ཞིག་སྐད་འཕྲིན་གྱི་དྲ་ངོས་འདིར་ཕྱོགས་གཅིག་ཏུ་འཛོམས་ཏེ་སྐད་ཆ་ཅི་རིགས་ཀྱི་གཏམ་གླེང་བ་ལ་སྤྲོ་ནས་ཉིན་མཚན་ཇི་ལྟར་འདས་པའང་ཤེས་བཞིན་མེད། དེ་དག་གི་ནང་དུ་དགོས་མེད་དོན་མེད་ཀྱི་ཉོག་གཏམ་གླེང་བ་དང་། ཁ་མིང་སྣ་མིང་བཏགས་ནས་ཕན་ཚུན་ལ་སྐྱོན་རྒྱག་རེས་རྐྱང་རྐྱང་གིས་ཉི་མ་བསྐྱེལ་བཞིན་ཡོད་པ་ཡང་ཉུང་ཉུང་མིན། ད་དུང་གླུ་ལ་གཞས་གཙོས་སྣང་བ་སྐྱིད་པོ་རང་ལ་མགོ་འཁོར་ནས་བསྒྲུབ་དགོས་པའི་བྱ་བ་མང་པོ་ཞིག་གི་དུས་ཚོད་འཐུས་ཤོར་དུ་གཏོང་བཞིན་ཡོད་ལ། ལྷག་པར་དུ་མིང་རྫུན་དང་ལྐོག་གནས་སུ་བསྡད་དེ་རྫུན་བཤད་དང་། ཆགས་གཏམ་སྨྲ་བ་བཅས་ལ་བརྟེན་ནས་མིའི་སེམས་ལ་སྡུག་དང་རྟ་རྒྱབ་ལ་རྨ་བཟོ་བཞིན་པ་ཡང་ཡོད། འདི་དག་ནི་ཡོད་པ་ལས་མེད་པ་དང་། ལེན་པ་ལས་དོར་བ་བྱེད་དགོས་མོད། འོན་ཀྱང་། ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་གོ །

དེ་བས་ལོ་གཉིས་ཡ་སྔོན་ནས་གུས་པས་ཉོག་བཤད་ཀྱི་ཆང་ཁང་དང་། འཆལ་གཏམ་གྱི་རྩེད་ར། ཆགས་བཤད་ཀྱི་གྲུ་ཟུར་དེ་དག་དང་གཏན་ནས་མི་འདྲ་བར། སྙན་ངག་གི་ཕ་ཁྱིམ་ཞེས་པའི་སྙན་ངག་པའི་ཚོམས་སྡེ་འདི་བཙུགས་པ་ཡིན་ལ། དང་ཐོག་འགོ་འཛུགས་དུས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་ན་གཞོན་ཤེས་ཡོན་པ་ཚོའི་ཁྲོད་ནས་སྙན་ངག་ལ་དགའ་མཁན་དང་དུང་མཁན་དག་བསྡུས་པ་ཡིན། སྐབས་དེའི་དམིགས་ཡུལ་ནི་སྤྱིར་བཏང་གིས་བཤད་ན་ཆེས་ཆུང་ཆུང་ཞིག་སྟེ། སྐད་འཕྲིན་གྱི་ལམ་ནས་ཉི་མ་གཏོང་ཐབས་མི་བྱེད་ཆེད་སྙན་ངག་གསར་སློབ་པ་རྣམས་ལ་གུས་པས་སྙན་ངག་མེ་ལོང་མའི་རྒྱན་ངོ་སྤྲོད་བྱེད་རྒྱུ་དང་། སློབ་མཁན་ཚོའི་ངོས་ནས་དཔེར་བརྗོད་འཇོག་རྒྱུ་གཙོ་བོ་དང་། ཞོར་ནས་སྙན་ངག་གི་ཕྱོགས་ནས་བགྲོ་གླེང་དང་། གྱེར་འདོན་རེ་བྱེད་རྒྱུ་ལས་རེ་བ་དང་དམིགས་ཡུལ་གཞན་གང་ཡང་མེད།

ཚོགས་མིའི་གྲུབ་ཁོངས་ཆེ་བའི་དབང་གིས་གཅིག་བཤད་གཉིས་ཐོས་ཀྱིས་སྙན་ངག་གི་ཕ་ཁྱིམ་ནང་ཞུགས་འདོད་མཁན་མང་དུ་སོང་བ་དང་། མིང་ཅུང་ཙམ་ལྡན་པའི་སྙན་ངག་པ་འགའ་རེ་ཡང་མཉམ་ཞུགས་བྱས་པ་རེད། རིམ་བཞིན་ཚོགས་མིའི་སྤུས་ཀ་ཇེ་ཡག་ཏུ་སོང་ནས་རྒན་རབས་སྙན་ངག་པ་རེ་གཉིས་ཀྱང་གདན་འདྲེན་ཞུ་ཐུབ་པ་དང་མཉམ་དུ་སྙན་རྩོམ་དང་བགྲོ་གླེང་གི་སྤུས་ཀ་ཡང་རབ་ཙམ་བྱུང་དང་འབྱུང་གི་ཡོད། དེ་བས་སྙན་ངག་གི་ཕ་ཁྱིམ་འདི་ཡུན་རིང་ལ་གནས་ཐུབ་ན་སྙན་ངག་ལ་དགའ་མཁན་དང་དུང་མཁན་རིགས་ལ་ཕན་ཙམ་བྱུང་ཐུབ་པ་མ་ཟད། སུ་དང་སུ་ཡིན་ན་མ་མཐར་ཡང་བློ་སྐྱེད་ཀྱི་ནོམ་པ་རེ་རེག་ཐུབ་པའི་རེ་བ་ནན་མོ་བྱས་ཤིང་། ད་ལོ་ནས་བཟུང་སྟེ་རྒན་རབས་སྙན་ངག་པ་དང་། རྩོམ་རིག་དཔྱད་བརྗོད་པ་སོགས་གལ་ཆེའི་མི་སྣ་འགའ་རེ་སྙན་ངག་གི་ཕ་ཁྱིམ་ནང་གདན་དྲངས་ཏེ་གསུང་བཤད་གནང་བར་ནན་ཞུས་དང་རེ་སྐུལ་བྱེད་བཞིན་ཡོད།

ད་ཐེངས་ཀྱི་གཟའ་སྤེན་པར་མཁས་དབང་པད་མ་འབུམ་མཆོག་སྙན་ངག་གི་ཕ་ཁྱིམ་ནང་ཕེབས་ཏེ་རྩོམ་རིག་དཔྱད་གླེང་འདི་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་མ་ཟད། ཁོང་གི་ལེགས་བཤད་འདི་ལྟ་བུ་གཞན་དང་གཞན་གྱིས་ཐོས་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ་བས་ཕྲན་གྱིས་སྒྲ་འཇུག་བྱས་པ་ལགས། མི་འགྱངས་པར་ཡིག་ཐོག་ཏུ་ཡང་འགོད་ཐུབ་པར་བྱ་རྒྱུ་ཡིན། དེ་མཚུངས་འབྱུང་འགྱུར་གདན་ཞུ་མཁས་པ་ཚོའི་གསུང་བཤད་གང་གནང་བ་དག་སྒྲ་འཇུག་དང་ཡིག་གཟུགས་སུ་ཕབ་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན།

མཁས་དབང་པད་མ་འབུམ་གྱིས་སྙན་ངག་གི་ཕ་ཁྱིམ་ནང་སྤེལ་བའི་རྩོམ་རིག་དཔྱད་གླེང་ལ་གཤམ་གྱི་དྲ་ཐག་ཁག་ནས་གསན་ཐུབ།

http://voxer.com/v/216080acaa
http://voxer.com/v/468c05e613
http://voxer.com/v/42a4b4063a
http://voxer.com/v/61f296ed91
http://voxer.com/v/5be1d92397

སྙན་ངག་གི་ཕ་ཁྱིམ་ཞེས་པའི་དྲ་ཚོམས་འདིར་འབྲེལ་བ་བྱ་འདོད་ཚེ། སྐད་འཕྲིན་ཨང་གྲངས་ ༠༦༦༢༦༧༩༠༧༥ འདི་ནང་འཇུག་བྱ་དགོས།

༡༦/༠༢/༡༤ ཉིན་ཕ་རེ་སི་ནས།

རྩོམ་རིག

Post navigation

Previous Post: རྒྱལ་གཅེས་དཔའ་བོ་བློ་བཟང་རྡོ་རྗེ་སྐུ་གྲོངས་འདུག
Next Post: བསྟོད་གསོལ་མགུལ་རྒྱན་རིན་པོ་ཆེ།

Comments (14) on “སྙན་ངག་གི་ཕ་ཁྱིམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-02-17 at 3:03 am

    འགོ་ནས་ཅུང་ཟད་ཉན་པ་ཡིན། མ་འོ་ཙེ་ཏུང་ཞེས་པའི་མིང་གོ་དུས་ད་ག་རང་ནས་ཉོབ་བྱུང་།

  2. འབའ་སྲས། says:
    2014-02-17 at 3:36 am

    རྩོམ་རིག་གི་ལྟ་བ་གླེང་དུས། མོ་ཙེ་ཏུང་དང་སི་ཏ་ལན་སོགས་ཀྱི་རྩོམ་རིག་གི་ལྟ་བ་ཅིས་ཀྱང་གླེང་དགོས། དེ་གླེང་དགོས་ན་ལྟ་བ་འཁུར་མཁན་གྱི་གང་ཟག་དེ་མིག་གི་མ་བཟུང་བར་གླེང་ཐབས་མེད་པའི་གནད་ཀ་འདི་ཤེས་དགོས།

  3. ཆབ་བྲག་ལྷ་མོ་སྐྱབས། says:
    2014-02-17 at 6:07 am

    ཆ་ཚང་ཉན་པ་ཡིན། སྐུ་ཞབས་པད་མ་འབུམ་ལགས་ཀྱི་ཁ་བརྡ་མ་གོ་ཡུན་རིང་འགོར། སྙན་ངག་གི་སྲོག་གི་དཔྱད་པ་དང་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་དག་སླར་ཡང་དྲན་སོང། རྩོམ་རིག་གི་ནང་སྙིང་ལ་སྦར་འབྲད་བྱེད་རྒྱུའི་རང་གཤིས་དེ་ད་དུང་འགྱུར་མེད་པ་འདྲ། ཡིན་ན་ཡང་རྩོམ་རིག་གི་ལྟ་བའི་སྐོར་ལ་འཕོ་འགྱུར་སོང་ཡོད་ཚོད། དེ་བས་རྩོམ་རིག་གི་བླ་སྲོག་དང་མི་རིགས་ཀྱི་བླ་སྲོག རྩོམ་པ་པོས་མིའི་རིགས་སམ་སྤྱི་ཚོགས་ལ་འགན་འཁུར་དགོས་མི་དགོས་དང། འཁུར་ཐུབ་མིན། ཇི་ལྟར་འཁུར་དགོས་པ་སོགས་ལ་བསམ་ཚུལ་བརྗེ་རེས་ཁ་གསལ་བྱེད་འདོད་ཡོད། སྙན་ངག་གི་ཕ་ཁྱིམ་ནང་དུ་དོགས་སློང་གི་ང་རོ་ཞིག་བསྒྲགས་པར་དགའ་བསུ་ཞུ། མུ་མཐུད་དུ་ཕྱག་ལས་དགེ་བར་སྨོན།

  4. གནམ says:
    2014-02-17 at 7:29 am

    རྩོད་པ་དང་དྲི་བའི་ཕྱོགས་ལ་མཐའ་མེད་པའི་སྒྱེ་མོ་ཞིག་གི་ཁ་ཕྱེ་སོང་བའི་སྣང་བར་སྟེར་ཐལ། ཡ་ཡ་རེད་རེད་ཞིག་ཞུ་ཐུབ་ས་མ་རེད།
    བསམ་གཏན་རྒྱ་མཚོ་ལགས། བཀའ་དྲིན་ཆེ། སྐུ་དྲིན་ཆེ། སྐྱབས་འཇུག་ཞུ་ལྟ་བའི་མིང་ཚིག་ནི་གོ་བ་རང་སྟེང་ན་བཀོལ་ས་སོགས་གསལ་པོར་ཡོད་པས། སྦྱོར་ས་དང་ཐོབ་སའི་མིང་ཚིག་གི་རིན་འབབ་བཅོག་ན་གྱོང་རེད། རྒན་ལ་གུས་བ་ཡ་རབ་ཡིན་ན་ཡང་། གུས་ཤེས་སྟངས་ཤེས་ནས་གུས་ན། ཉན་པ་པོ་དང་མྱི་བདག་ཚང་མེར་འབྲེལ་བ་ཞིག་དམ་དུ་འཛིན་ཐུབ་པ་རེད། དེ་མིན་་་་་་་།

  5. འབའ་སྲས། says:
    2014-02-17 at 9:02 am

    རྒན་ཆབ་བྲག་ལགས། སྐུ་ཉིད་ཀྱང་སྙན་ངག་གི་ཕ་ཁྱིམ་ནང་གདན་ཞུ་བྱ་འདོད་ཡོད། དེ་དུས་གསུང་རོགས།

  6. གཡུ་ཐོག་བུ། says:
    2014-02-17 at 10:40 am

    དེང་དུས་ཀྱི་འཕྲུལ་ཆས་དབང་གིས་མིའི་རིགས་འཕྲུལ་ནས་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བཞིན་པའི་དུས་སྐབས་འདིར། འཕྲུལ་ཆས་བཟང་ཕྱོགས་སུ་བསྐོར་ནས་བཟང་ཕྱོགས་སུ་སྤྱོད་བཞིན་པ་དེ་ནི་དམིགས་དཔེ་བཟང་པོ་ཞིག་རེད་འདོད།
    རྗེས་སུ་ཡི་རངས་ཀྱི་གནས་སུ་འཁུམས་སོ།

  7. ཀླུ་སྨྱོན། says:
    2014-02-17 at 10:53 am

    ངས་སྙན་ངག་གི་ཕ་ཁྱིམ་ནང་བོད་ཀྱི་ཉོག་གཡོའི་རིག་པའི་སྐོར་གླེང་སློང་ཞིག་བྱས་པས། འབའ་སྲས་ཀྱིས་ང་གླེང་སྟེགས་ལས་ཕྱིར་བསྐྲད་བྱུང་། འབའ་སྲས་རོང་བ་ཞིག་ལ་མ་རིག་པར་ཉོག་ལ་མི་དགའ་དེ་ཡ་མཚན་རེད།

  8. ཀླུ་སྨྱོན། says:
    2014-02-17 at 10:57 am

    ངས་སྙན་ངག་གི་ཕ་ཁྱིམ་ནང་ཉོག་གཡོ་སྟངས་སྐོར་ཏོག་ཙམ་གླེང་བས་འབའ་སྲས་ཀྱིས་ང་ལ་གླེང་སྟེགས་ལས་ཕྱིར་བསྐྲད་བྱུང་། འབའ་སྲས་རོང་བ་ཞིག་ལ་མ་རིག་པར་ཉོག་ལ་མི་དགའ་བ་དེ་ཡ་མཚན་རང་རེད།
    ར་མིན་ལུག་མིན་ཁ་བརྡ་བྱེད་པ་དང་། །
    ལ་གཞས་གླུ་ཤག་ཆལ་ཆོལ་ལེན་པ་དང་། །
    ཤ་བེ་ཤོབ་བེ་ཁ་རོག་འདུག་པ་དག །
    ས་ཆ་གཞན་དུ་བསྐྲད་ན་ཅིས་མ་ལེགས། །

  9. ཡེ་ཤེས་དཔལ། says:
    2014-02-17 at 11:23 am

    འབའ་སྲས་ལགས། རྗེས་སུ་ཡི་རངས་ཞུ།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-02-17 at 11:25 am

    གང་ལྟར་ཡང་། འབའ་སྲས་ཀྱི་ཕྱག་ལས་ལ། ངས་ཀྱང་རྗེས་སུ་ཡི་རང་ཡོད་ལགས།

  11. གཡུ་ཐོག་བུ། says:
    2014-02-18 at 9:33 am

    ཀླུ་སྨྱོན་གྱི་སྨྱོ་སྐད་མ་རྒྱོབ། རྟག་པར་ཁྱེད་རང་བདེན་པ་རྐྱང་རྐྱང་ཡིན་མི་སྲིད།

  12. གཡུ་ཐོག་བུ། says:
    2014-02-18 at 9:36 am

    གཅིག་བྱས་ན། རྩོམ་པ་པོ་འབའ་སྲས་ལགས་ཀྱི་ཉི་འོད་ཤར་དུས་ཀླུ་སྨྱོན་ཟླ་བའི་འོད་མདངས་མག་མོག་ཏུ་སོང་བའི་ཉེན་ཁ་ཞིག་ཡོད་པ་མིན་ནམ། ཧཧཧཧ ཕྱིས་སུ་འབའ་སྲས་རྩོམ་རིག་བྱ་དགའ་ཟེར་བ་ཞིག་ཀྱང་ཡོང་གྲབས་འདུག་པས་ཀླུ་སྨྱོན་གྱིས་ལ་རྩེའི་གདོན་འདྲེའི་སྐོར་གྱི་རྩོམ་ཡིག་དེ་འགྲན་བསྡུར་དུ་བསྐུར་ཐུབ་ན་རྔན་པ་ཞིག་འཐོབ་རེ་ཡོད་གདའ།

  13. སྲིན་པོ་རྫ་རྒན། says:
    2014-02-18 at 12:53 pm

    ང་རང་སྙན་ངག་གི་ཕ་ཁྱིམ་ནང་ལ་ད་ལྟ་ཡང་ཡོད། གསུང་བཤད་གནང་མཁན་ཚོ་དྲིན་ཆེ་བར་མཐོང་གི་ཡོད། དེ་མིན། དེའི་ནང་ན་དམིགས་བསལ་གང་ཡང་མི་འདུག ཀླུ་སྨྱོན་ཁྱེད་རང་གིས་ཚོགས་གཙོ་ལ་སྐྱོན་བརྗོད་དང་ཚོགས་གཙོའི་ཡིག་ནོར་སོགས་ལ་ཞུས་དག་བཏང་བ་ཡིན་རྒྱུ་རེད། ཚོགས་གཙོ་ལ་དེ་འདྲ་བྱས་ཡོད་ན། ཁྱོད་རང་རྒྱད་ཕུད་ལོས་གཏོང་། དེ་ཤེས་དགོས།

    བྱ་སྒྲོ་དཀར་པོ་ཞུ་བ་ཞིག་གིས། གོང་ས་མཆོག་གི་བཀའ་སློབ་ཅིག་སྤེལ་ནས། སྙན་ངག་ཕ་ཁྱིམ་གྱི་ཚོགས་མི་ཚོར་ཡིག་ནོར་མི་སྤེལ་བའི་འབོད་བརྡ་བཏང་སོང་། ཉན་ཤེས་ན་ཉན་རྒྱུ་གཅིག་དེ་ན་འདུག བསམ་ཐུབ་ན་བསམ་རྒྱུ་གཅིག་དེ་ན་འདུག

  14. སྟག་སྨྱོན། says:
    2014-02-19 at 7:04 pm

    རྗེས་ལུས་བསམ་བློའི་རྩ་བར་རྙིང་དྲི་ཁ།།
    རང་རློམ་སྡོང་རྒན་འཁྱོར་བའི་ཡལ་ཕྲན་སྟེང་།།
    སྨྲ་ལྕེ་དུག་གི་ལོ་མ་སྟོང་ཕྲག་འགའ།།
    ཕྱོགས་རེས་རླུང་དམར་དྲག་པོའི་ཡོམ་ཡོམ་བསྐྱོད།།

    ཚིག་རྩུབ་ཚེར་མའི་མཚོན་ཆ་ལག་ཏུ་ཐོགས།།
    ནང་དོན་སྦྱར་དུག་རྐྱལ་བ་རུམ་ལ་ཉར།།
    བདེ་བའི་སྙིང་ཁམས་བཙན་གྱིས་བཅོམ་བྱེད་པའི།།
    ད་ལྟའི་སྙན་ངག་མཁན་ལ་ཡིད་གཟབ་གྱིས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme