Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་གི་ཕ་ཁྱིམ་ནང་འཛུལ་བ་དང་འབྲེལ་བའི་གཏམ།

Posted on 2014-02-24 By ཁ་བརྡ་ 1 Comment on སྙན་ངག་གི་ཕ་ཁྱིམ་ནང་འཛུལ་བ་དང་འབྲེལ་བའི་གཏམ།

ཏཱ་ནི་ལྷ་རྒོད།

ཉེ་སྔོན་དགེན་ལྷམ་ཀོག་ལགས་ཀྱི་བཀའ་དྲིན་ལ་བདག་སྙན་ངག་གིཕ་ཁྱིམ་ཞེས་བའི་ཚོགས་པ་ཞིག་གི་ནང་དུ་ནང་བྱེད་ཐུབ་པ་བྱུང་བས་དགེན་ལྷམ་ཀོག་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་བ་ཡིན། ཚོགས་པ་དེ་ན་བོད་ཡུལ་མདོ་དབུས་ཁམས་གསུམ་ན་དགའ་བསུ་ཐོབ་པའི་བོད་ཀྱི་མཁས་དབང་ཆེན་མོ་རྒན་པད་མ་འབུམ་དང་། སྙན་ངག་པ་ཧོར་གཙང་འཇིགས་མེད། རོང་བོ་དགེ་འདུན་ལྷུན་གྲུབ། དགེ་འདུན་རབ་གསལ་སོགས་ཤེས་ཡོན་པ་མང་པོ་ཞིག་ཡོད་པས་དངོས་ནས་རིག་གཞུང་བགྲོ་གླེང་གི་སྟེགས་བུ་ཡག་པོ་ཞིག་ཆགས་ཡོད། ཁོང་ཚོའི་མཁྱེན་རྒྱ་ཡངས་བའི་གཏམ་བཤད་དག་ལས་བདག་ལ་བློ་བསྐྱེད་དང་ཤེས་བྱ་ཧ་ཅང་མང་པོ་ཞིག་ཐོབ་བྱུང་། ཚོགས་པ་འདིའི་ཁ་ཕྱོགས་སམ་བརྗོད་བྱ་གཙོ་བོ་ཡིན་ན་བོད་ཀྱི་སྙན་ངག་གི་སྐོར་རེད། དེ་ཡང་ང་ཚོ་མི་བུ་སོ་སོའི་ཤེས་ཡོན་གྱི་ཆུ་ཚད་ཀྱི་དབང་གིས་སྙན་ངག་ཟེར་བ་འདི་ལ་ཡང་གོ་བ་ལེན་སྟངས་ཅི་རིགས་ཤིག་ཆགས་ཡོད། སྒྱུ་རྩལ་རང་བཞིན་གྱི་སྐད་ཆའི་སྒྲོམ་གཞི་ཞིག་གམ་བརྡ་དང་ཐ་སྙད་ཀྱི་སྦྱོར་སྟངས་ཁྱད་པར་བ་ལ་སྙན་ངག་ཟེར་བ་མ་ཟད། ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་བྱེད་ཀྱི་ཚིག་སྦྱོར་དམིགས་བསལ་བ་ཞིག་ཡིན་ན་སྙན་ངག་ཏུ་གོ་ཆོག་གི་སྙམ་པའི་ལྟ་ཚུལ་ཞིག་སྐྱེས་བྱུང་། ང་ཚོ་བོད་མི་རིགས་ཡིན་ན་རིག་གནས་ཀྱི་རྔམས་ཁ་མཐུག་པའི་མི་རིགས་ཤིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། ཡིན་ན་ཡང་ང་ཚོར་ཤེས་རིག་གི་ལྡིང་ཁང་ན་ཅུང་ཆ་མི་ཚང་བ་དང་སྟོང་ཆ་ལྟ་བུ་ཞིག་ཤོར་ཡོད་པ་ནི་མི་རིགས་རྩོམ་རིག་ཀྱི་ཕྱོགས་རེད། མཁས་དབང་དོན་འགྲུབ་རྒྱལ་ཡར་སྔོན་དུ་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་་ཆོས་ལུགས་ལས་ཐར་ཐུབ་མེད་པ་དང་། ཆོས་ལུགས་པས་དབང་བསྒྱུར་བྱས་འདུག་པ་ལྟ་བུའི་ཚོར་སྣང་ཞིག་སྟེར་ཡོང་། ཆོས་ལུགས་པའི་ཁྲོད་ཀྱི་རྣམ་ཐར་དང་རྟོགས་བརྗོད། མགུར་གླུ་སོགས་མཛད་པའི་རྩོམ་པ་པོ་དེ་དག་ལ་ཡང་རྩོམ་རིག་གི་ཆུ་ཚད་ངེས་ཅན་ཞིག་ལྡན་པ་བསྙོན་དུ་མེད་མོད། ཁོ་ཚོའི་སྙན་ངག་དང་བོད་ཀྱི་སྤྱི་ཚོགས་གཉིས་བར་ན་འབྲེལ་བ་སྤུ་ཙམ་མེད་པའམ་ཁ་ཐག་ཧ་ཅང་རིང་བ་སོགས་ཀྱི་སྣང་ཚུལ་ཡོད་འདུག. དེའི་རྐྱེན་གྱིས་དེ་དག་མི་རིགས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་སྙན་ངག་པའམ་རྩོམ་རིག་པ་རུ་གྱུར་མེད། ང་ཚོས་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་བཤུལ་ལམ་ལ་ཕྱིར་ལྟ་ཞིག་བྱས་ན་དེ་དག་རང་རང་གི་མི་རིགས་སམ་རྒྱལ་ཁབ་གང་དེའི་སྤྱི་ཚོགས་འཚོ་བ་ལ་ཧ་ཅང་འབྲེལ་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་འགྱུར་ལྡོག་སོགས་ཀྱིས་རྩོམ་རིག་འཕེལ་རྒྱས་ལ་སྒུལ་ཤུགས་ཧ་ཅང་ཆེན་པོ་ཐེབས་ཡོད། དཔེར་ན་རྒྱ་མི་རིགས་རྩོམ་རིག་དེ་ལྔ་བཞིའི་ལས་འགུལ་སྐབས་སུ་ཧ་ལས་བའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ལྟ་བུ། དེ་ལྟར་རྩོམ་རིག་གི་ཁྱབ་ཁོངས་ནས་བཤད་ན་སྙན་ངག་འདིས་གོ་གནས་གལ་ཆེན་ཟིན་ཡོད། ང་ཚོ་གཞོན་རབས་པ་ཚོས་རང་ཉིད་ཀྱི་ལམ་ཁ་མ་ནོར་བའི་སྒོ་ནས་བད་ཀྱི་རིག་གནས་ཐོས་བརྩོན་སྒོམ་གསུམ་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་རེད། ང་ཚོས་ཐོག་མར་སྲོལ་རྒྱུན་སྙན་ངག་ལ་རྨང་གཞི་ཡག་པོ་ཞིག་སྦྱང་བའི་རྗེས་དེང་རབས་སྙན་ངག་སྦྱང་ན་ད་གཟོད་གོ་རིམ་ཡང་དག་པོ་ཞིག་བསམ་པའི་འདོད་བློ་སྐྱེས་བྱུང་། རྫ་དཔལ་སྤྲུལ། ཚངས་དབྱངས་རྒྱ་མཚོ། ཞང་ཞུང་ཆོས་དབང་། རྗེ་ཙོང་ཁ་པ། འཇུ་མི་ཕམ་ལྟ་བུ་སྙན་ངག་སྨྲ་བའི་དབང་བོ་དག་གི་སྙན་རྩོམ་དྲི་ཟའི་རོལ་དབྱངས་ལྟ་བུ་དག་ལོངས་སུ་སྤྱོད་བཞིན་ནང་སེམས་ཀྱི་མཚོན་ཐབས་དེ་སྐད་ཆའི་སྒྱུ་རྩལ་ཡང་པོ་ཞིག་སྦྱང་རྒྱུ་ནི་རང་ཉིད་སྙན་ངག་པ་བཟང་ཤོས་ཤིག་ཏུ་འགྱུར་ཐུབ་པའི་སློབ་སྦྱོང་གི་གོ་རིམ་རེད་ལྟ་བུའི་ལྟ་ཚུལ་བཏོན་པ་ཡིན། མཇུག་མཐར་ཁྱེད་ཅག་ལ་ཞུ་རྒྱུ་ཞིག་ལ་བོད་ཀྱི་སྙན་ངག་པའམ་རྩོམ་པ་པོ་ཡིན་ན་བོད་རང་གི་བྲོ་བ་ལྡན་རྒྱུ་ནི་ཐོག་མའི་ཆ་རྐྱེན་ཡིན་ནོ།།

རྩོམ་རིག

Post navigation

Previous Post: མཁས་དབང་དགེ་འདུན་ཆོས་འཕེལ་དང་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་།
Next Post: ན་ནིང་གི་དབུས་མཇལ། གཉིས་པ།

Comments (1) on “སྙན་ངག་གི་ཕ་ཁྱིམ་ནང་འཛུལ་བ་དང་འབྲེལ་བའི་གཏམ།”

  1. ཀླུ་སྨྱོན། says:
    2014-02-24 at 7:25 pm

    ཁྱོས་མི་དབང་རྟོགས་བརྗོད་ལྟ་བུ་བཀླགས་ཡོད་ས་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme