Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྔ་འགྱུར་པ་ཡོངས་ལ་དགོངས་འཆར་རང་བྱུང་གི་མེ་ལོང་།

Posted on 2016-05-202016-05-20 By ཁ་བརྡ 7 Comments on སྔ་འགྱུར་པ་ཡོངས་ལ་དགོངས་འཆར་རང་བྱུང་གི་མེ་ལོང་།

དཔལ་དགྱེས་པ་རྡོ་རྗེ།
 
སངས་རྒྱས་པདྨ་འབྱུང་གནསལ་ཕྱག་འཚལ་ལོ།
 

༡༽ ཕྱི་ནང་གི་རྒྱལ་ཁམས་ན་ཁྱབ་བཞིན་པའི་སྔ་འགྱུར་པའི་ཕྲིན་ལས།

དེ་ཡང་མི་ཕམ་རིན་པོ་ཆེས་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ལས་ཡང་དག་ཚད་མ་གསུམ་གྱི་ཡིས།།ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ།།ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ།།མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག། ཅེས་གསུངས་པ་བཞིན།དཔལ་རྒྱལ་བ་སྔ་འགྱུར་རྙིང་མའི་གྲལ་མཐར་འཁོད་པའི་རང་རེའི་ཕ་མེས་དུས་ནས་ད་བར་མདོ་སྔགས་བཀའ་གཏེར་མན་ངག་གི་དགོངས་པའི་གཏེར་ལ་དབང་བའི་སྔ་འགྱུར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིད་འཕགས་ཡུལ་རྡོ་རྗེ་གདན་ནས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཉི་མ་གསལ་བ་ཤར་བཞིན་པ་ནི་དགའ་དད་སྤྲོ་འོས་པ་དང་ཡི་རང་སྨོན་པའི་གནས་ཞིག་ཡིན་པར་སྨོས་ཅི་འཚལ།

དེ་ཡང་གངས་ཅན་བོད་ནས་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་མཁན་སློབ་ཆོས་རྒྱལ་དམ་པའི་ཞལ་ཚབ་༧སྙིགས་དུས་ཀྱི་རྣམ་འདྲེན་ཆེན་པོ་གཏེར་ཆེན་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་དབུས་མཁན་སྤྲུལ་དགེ་བའི་བཤེས་གཉེན་མཁས་དང་གྲུབ་པ་བརྙེས་པའི་་བརྒྱུད་གསུམ་རིག་འཛིན་བླ་མའི་བསྟན་བདག་ཇི་སྙེད་ཅིག་བྱོན་པ་དང་བཞུགས་བཞིན་པའི་བདག་རྐྱེན་གྱིས་བྱང་ཕྱོགས་གངས་རིའི་ལྗོངས་ཀྱི་བསྟན་པའི་ཆུ་མགོའི་ཆོས་རྒྱུད་གཙང་མ་ཡང་དག་པ་འདི་ཉིད་གྲལ་མ་ཉམས་དྲི་མ་ཞིག་པར་བཤད་སྒྲུབ་ཕྲིན་ལས་ཀྱི་འཁོར་ལོ་རྟག་པ་རྒྱུན་གྱིས་ལོངས་སྤྱོད་འདྲེན་པའི་དམ་ཆོས་གནས་བཞིན་པ་འདི་ཀའོ།།

ཁྱད་པར་ང་བརྒྱད་དུས་འགྱུར་ངན་པའི་སྐབས་སུ་ཡང་ཕྱི་ཕྱོགས་སུ་ཕེབས་པའི་ཀཿ་དཔལ་ཞེ་རྫོགས་རྡོར་སྨིན་གྱི་དབུ་འཛིན་རྣམས་དང་༧རྒྱལ་བའི་དབང་པོ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནས་སྟག་ལུང་རྩེ་སྤྲུལ་བར་དུ་ཐུགས་མཐུན་ཁྲིམས་གཙང་སྤོང་ཀློག་གི་བཤད་སྒྲུབ་ཡར་ངོའི་ཟླ་བཞིན་དུ་གོང་ནས་གོང་དུ་འཕེལ་གནང་བཞིན་པའི་མདོ་སྔགས་བཀའ་གཏེར་གྱི་རྒྱུད་འཛིན་པ་རབ་བྱུང་དང་སྔགས་འཆང་བསམ་ཡུལ་ལས་འདས་པ་དག་བྱོན་བཞུགས་མཛད་ཕྲིན་གནས་བཞིན་པ་དེ་དག་ནི་མངོན་སུམ་དབང་པོའི་རྒྱན་ལ་སྣང་བཞིན་པ་འདི་རྣམ་པ་ལགས་སོ།།

 

༢༽ གནས་སྐབས་དང་མཐར་ཐུག་གི་རྒྱུད་འཛིན་ལ་བྱམས་སྐྱོང་དགོས་ཚུལ།

ཉེ་ཆར་རབ་གནས་མེ་སྤྲེལ་གསར་དུ་ཚེས་ནས་བོད་ནས་མཁན་པོ་ཐུབ་ཤེར་འཇའ་ལུས་སུ་དེངས་པ་དང་༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་དང་༧སྐྱབས་རྗེ་སྟག་ལུང་རིན་པོ་ཆེ་སོགས་གནམ་གྱིས་ས་ཁྱབ་པ་ལྟ་བུ་བསྟན་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་གཅིག་རྗེས་གཉིས་འཐུད་དུ་དགོངས་པ་ཆོས་དབྱིངས་སུ་གཏད་པ་དང་རྟག་འཛིན་ཅན་ལ་གདུལ་བྱའི་འགྲོ་ལ་དམ་ཆོས་སྙིང་པོ་དང་ཚོགས་གཉིས་བསགས་པའི་མཆོད་གདུང་བསམ་ཡུལ་ལས་འདས་པ་བཞག་པ་ནི་ཡིད་བཞིན་ནོར་བུ་དང་དཔག་བསམ་གྱི་ཤིང་བཞིན་མཛད་པར་དད་གུས་དག་སྣང་གི་དངོས་གྲུབ་དམ་པ་ནི་ཀུན་ལ་ཕན་བདེ་མཛད་བཟང་སྟོན་པ་སྨོས་མི་དགོས་ཀྱང་། རྒྱལ་བ་རྣམ་པ་དགོངས་པ་རྫོགས་པས་ཐ་སྙད་འཇིག་རྟེན་གྱི་རྒྱུད་འཛིན་དང་དམ་ཆོས་བརྩོན་པའི་སློབ་འབངས་ཡོངས་ལ་མྱ་ངན་གདུང་ཡུས་ཀྱི་མཆི་མ་མ་བསལ་བའི་སྐབས་སུ་ཕུག་མདུན་རིང་མོས་ཆིག་སྒྲིལ་དང་། བཤད་སྒྲུབ་ཕྲིན་ལས་ཀྱི་མཛད་པ་རྣམས་ནམ་མཁའ་མ་ཞིག་བསྐལ་བ་མ་སྟོང་གི་བར་དུ་དར་རྒྱས་ཕུན་སུམ་ཚོགས་པར་འབྱུང་གནས་དགོས་པའི་བཀའ་ལུང་གི་དར་ཐག་དཀར་པོ་དགུང་སྔོན་དབྱིངས་སུ་སྐྱོང་དགོས་པ་སྔ་འགྱུར་ཡོངས་དང་ཕྱི་རྒྱལ་ཁག་དང་ཧི་མ་ལའི་རི་རྒྱུད་ཀྱི་དགོན་གྲོང་སྤྱི་འབངས་ཀྱི་ལས་འགན་ཉག་གཅིག་གནས་སོ།།

 

༣༽ དགེ་འདུན་སྡེ་གཉིས་ལ་ཕྱོགས་དང་རིས་སུ་མེད་པར་ཆོས་རྒྱུད་འཛིན་པའི་ཆེ་བ་བཤད་པ།

བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནས་སློབ་དཔོན་བཀའ་དྲིན་ཅན་པདྨ་འབྱུང་གནས་ཀྱིས་ཐུགས་རྗེས་བདག་རྐྱེན་ལས་མདོ་སྔགས་བསྟན་པའི་བཀའ་བབས་ཀྱི་ཆུ་བོའི་རྒྱུན་བཟང་བྱང་ཕྱོགས་གངས་རིའི་ལྗོངས་སུ་དར་ནས་དགེ་འདུན་པའི་སྡེ་གཉིས་ཞེས་མཆོད་གནས་དམ་པའི་ཆོས་ཀྱི་རྒྱུད་འཛིན་སྔགས་འཆང་ཉི་མ་ལྟ་བུ་དང་རབ་བྱུང་སྡེ་སྣོད་འཛིན་པ་ཟླ་བ་ལྟ་བུ་བྱུང་བ་ལ་གྲལ་རིམ་དང་ལྟ་སྒོམ་ལ་ཕྱོགས་རིས་དང་འཐེན་རྩོད་མེད་པར་སྔ་འགྱུར་བསྟན་པ་རིན་པོ་ཆེ་འོ་མའི་རྒྱ་མཚོ་ཆེན་པོ་ལ་ཁྲོམ་བུ་རུས་སྦལ་རྨ་ཅན་གྱིས་མ་གོས་པར་བོད་ཕྱི་ནང་ཀུན་དང་ཛམ་གླིང་གི་རྒྱལ་ཁམས་སུ་ཉི་ཟླ་ཤར་བ་བཞིན་གནས་པའི་ཆོས་རྒྱུད་དམ་པ་འདི་ལ་ཉེ་འཚེ་ལོག་ལྟས་སྤྲིན་ནག་དང་ཇུས་ངན་སྒྲ་གཅན་གྱི་གཡུལ་ལས་རྒྱལ་བའི་ངེས་ཤེས་དད་གུས་དག་སྣང་གི་འོད་སྣང་གི་མཐུ་སྟོབས་དང་ནམ་ཡང་མི་འབྲལ་བ་དགོས་པ་ཀུན་གྱི་ཕྲིན་ལས་ཀྱི་སྙིང་པོ་ནི་སྔ་འགྱུང་བ་སྤྱི་འབངས་ལ་ཡོད་དགོས་པར་ཀུན་གྱིས་མཁྱེན་པར་འཚལ།།

 

༤༽ དུས་ཚོད་ཇི་ལྟར་སྙིགས་རུང་ཡང་གསང་གི་བསྟན་པ་ནི་དེ་ཚོད་མཐུ་སྟོབས་གསལ་བ་མཁྱེན་དགོས།

སྤྱིར་ན་དེང་དུས་སུ་དམུ་རྒོད་མུན་པ་ལག་འཆང་འགའ་རེས་སྒེར་སྤྱོད་དང་རུལ་གསུང་གིས་རྒྱལ་བསྟན་གསལ་བའི་སྒྲོན་མེ་ལ་སྲིན་བུ་མེ་ཁྱེར་གྱི་མཇུག་སྣང་ལ་རེ་བ་ནི་སྔ་འགྱུར་ཡོངས་ལ་ཅོ་འདྲི་བ་ལས་གཞན་གང་ཡང་མིན་པས་ཁ་ཟས་དང་རེག་དུག བདེན་པ་དང་རྫུན་པ་མ་ནོར་བ་བཟང་པོ་ལ་ངོ་སོ་བསྟོད་པ་དང་། ངན་པ་ཐེར་འདོན་གྱིས་རྩད་གཅོད་དགོས་པ་ལས་དཔལ་འབྱོར་དང་ཆབ་སྲིད་ཆོས་བརྒྱད་ངན་པས་གཞན་དབང་དུ་ཁྲིད་པ་ནི་ལམ་ནོར་སྡུག་པའི་མུན་ཁང་དུ་འདྲེན་པ། ཀླ་ཀློ་སྡུག་པའི་ལྟ་སྤྱོད་ལས་རྒྱང་བསྐྱེད་དགོས་པ་ཤིན་ཏུ་གལ་ཆེའོ།།

འོ་ན་ཇི་དགོས་ཟེར་ན། བཟང་སྤྱོད་ནས་དཔེར་ན་དམིགས་དཔེ་འོས་པར་རིག་འཛིན་སྔགས་འཆང་ཚད་ལྡན་གྱིས་བསྟན་པ་སྤེལ་བ་གདུང་སྲས་དགའ་རབ་རྡོ་རྗེ་དང་། རབ་བྱུང་རྣམ་དག་གིས་ཆོས་འཁོར་བསྐོར་བཞིན་པ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་བཞིན་དུ་གསང་ཆེན་སྔགས་ཀྱི་སྡེ་དང་རབ་བྱུང་ངུར་སྨྲིག་ལ་གཉིས་ཀྱི་བསྟན་པའི་བདུད་རྩིའི་ཆོས་རྒྱུད་འཛིན་པ་ལ་ཆོས་པ་ཡང་དག་གི་རང་ཚུགས་མ་ཤོར་བ་ཀུན་ལ་དག་སྣང་དད་གུས་སྤྲོ་བའི་མཛད་བཟང་ལ་ང་ཚོ་སྔ་འགྱུར་བ་ཡོངས་ན་བསྔགས་བརྗོད་དང་ཡིད་མཐུན་སྤྱོད་པའི་བཀའ་སློབ་རྣམས་ལ་བརྩི་འཇོག་གིས་སྒྲུབ་པ་དགོས་པ་ནི་ནད་ལ་ཕན་པའི་སྨན་བཞིན་བསྟེན་དགོས་པ་ཀུན་གྱིས་ལས་འགན་ཉག་གཅིག་གོ།

 

༥༽ དུས་རབས་ཀྱི་འགྲོས་དང་མཐུན་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་འབད་དགོས་ཚུལ།

དེ་ཡང་ཛམ་གླིང་འདི་རྒྱ་ཆེ་ཡང་རྫས་འཕྲུལ་གྱིས་ཆུང་དུ་མཐོང་བའི་སྐབས་སུ་ནང་རིག་པའི་གཞུང་ལུགས་ཀྱི་གནས་ཚད་ཀྱང་རྒྱ་ཆེ་རུ་བསྐྱེད་དགོས་པ་ནི་སྙིང་པོ་དང་ཡང་སྙིང་ཡིན་པས་སྔ་འགྱུར་པ་ཡོངས་ཀྱི་དགོན་ཆེན་ཁག་དང་དགོན་ལག་ཁག་གི་གཙོ་འཛིན་རྣམ་དག་ཚོས་སྤྱི་མཐུན་གྱི་ཚོགས་འདུ་དང་མདོ་སྔགས་གཞུང་དང་མི་འགལ་བའི་ཕྱག་ལེན་འདེབས་པ་ནི་ཤིན་ཏུ་གལ་ཆེའོ།།
དགོན་སྡེ་ཁག་འགྲེམ་སྟོན་ཙམ་དང་ཕྱི་བརྫིག་ནང་སྟོང་དུ་བཞག་ན་གང་ཡང་མི་ཕན་པར་རང་གིས་བསྟན་པ་རང་གིས་བཤིག་པ་ཡིན་པས་གནམ་ཐང་དང་མེ་འཁོར་ས་ཚུགས་ལྟ་བུའི་འདུ་འཛིའི་ཆགས་སྡང་ལས་ལྡོག་ཏེ་ཐར་བ་ཐམས་ཅད་མཁྱེན་པའི་ལམ་དུ་འདྲེན་པའི་དགེ་འདུན་པའི་སྡེ་གཉིས་ལ་ཕན་བདེའི་འཕེལ་རྒྱས་སུ་གཏོང་ཐུབ་ན་ད་གཟོད་ང་ཚོའི་རིག་གཞུང་ལ་བདག་རྒྱབ་ཐུབ་པ་ལས་ཁྱིམ་ཚང་འགའ་རེས་ཁ་གསོ་དང་མི་ངན་རེ་ཟུང་གི་ཚོང་ཆས་སུ་སོང་ན་སྔ་འགྱུར་བསྟན་པའི་ཞབས་འདྲེན་དང་རྒྱལ་བསྟན་བཤིག་པའི་ཐོ་བ་ཡིན་པས་ཀུན་གྱིས་གཟབ་འཚལ།།
མདོར་ན་གནའ་ཆོས་དམ་པའི་གཞུང་ལ་གོམས་འདྲིས་ཡོད་པ་དེང་འཕྲུལ་ཚན་རིག་གི་གནས་ལ་བེད་སྤྱོད་ལེགས་ལམ་དུ་སྤྱོད་ཐུབ་པའི་སྤྱི་ཚོགས་ཀྱི་འཕྲོད་ན་སྔ་འགྱུར་རྒྱལ་བའི་བསྟན་ལས་ལྷག་གཅིག་མེད་པར་ངེས་ཤེས་འཁྲུངས་པའི་ལག་ལེན་བརྩོན་པར་མཁྱེན་ནོ།།

༡ རྒྱལ་བསྟན་ཡོངས་ཀྱི་ཆུ་མགོ་ལ་བདག་སྲུང་གི་ཆེད་དུ་བསྟན་འཛིན་དམ་པའི་ཕྲིན་ལས་ཕྱི་ཤོར་སྤོངས་དགོས།

༢ གནའ་དེང་ཟུང་འབྲེལ་གྱིས་མདོ་སྔགས་བསྟན་པའི་རྒྱུད་འཛིན་ཡོངས་ལ་མཚན་ཉིད་ལྡན་པའི་བདེན་པའི་ལམ་བཟང་ལ་ཤར་བསྐྱོད་དུ་གནང་དགོས།།

༣ བསྟན་པ་དང་ར་ཤ་མི་བརྗེ་བར་སྤྱི་མཐུན་ཞི་བདེའི་རྩ་བ་རང་སེམས་འདུལ་ནས་འགྲོ་བ་ཡོངས་ལ་ཕན་བདེ་སྒྲུབ་དགོས།

ཇི་སྐད་དུ།།
མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས།།
རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པའི།།
བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ས་ག་ཟླ་བའི་ཡར་ངོའི་ཚེས་པ་༡༣ བཟང་པོའམ་རང་ཉིད་མི་ཡུལ་འདི་ཉིད་མིག་གི་ཐོག་མར་མཐོང་བའི་ཉིན་མོར་དབྱིན་ཡུལ་རི་བོ་གངས་ལྡན་གྱི་སྙིང་དཀྱིལ་གྱི་གནས་མཆོག་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་སྔ་འགྱུར་རྙིང་མའི་གྲལ་མཐའ་འཛིན་པའི་རྨོངས་རྟུལ་གྱི་ན་བ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་ལྷག་བསམ་དག་པས་འཕྲིན་དུ་བགྱིས་པར་དགེའོ།། །།

བསམ་ཚུལ།

Post navigation

Previous Post: མང་ལ་སྦྱར་བའི་དཔེ་རྒྱན་ཀ་བཤད་།
Next Post: བསྔོ་བ།

Comments (7) on “སྔ་འགྱུར་པ་ཡོངས་ལ་དགོངས་འཆར་རང་བྱུང་གི་མེ་ལོང་།”

  1. ཏི་སི། says:
    2016-05-20 at 7:25 am

    ཤིན་ཏུ་བཟང་ངོ་།

  2. BONPO says:
    2016-05-20 at 8:55 am

    འཇུ་མི་ཕམ་ལགས་ཀྱིས་བླ་མ་དང་གྲོགས་པོ་སུ་དང་སུ་བསྟེན་ངས་མི་ཤེས་མོད། འོན་ཀྱང་ཁོང་གི་དབུ་མ་རྒྱན་འགྲེལ་ནང་འདི་ལྟར་བྲིས་པ།
    ༼འཕགས་པའི་ཡུལ་དང་བསིལ་ལྡན་སོགས་གནས་བདག་ཏུ་ལྟ་བའི་རི་སུལ་བརྟེན་པ་བོན་དང་མུ་སྟེགས་རི་དྭགས་ཚོགས།༽ ཟེར་ནས་བྲིས་གནང་འདུག བོན་བདག་ཏུ་ལྟ་མཁན་ཡིན་པའི་དཔེ་གཞུང་དང་སྒྲུབ་བྱེད་ཚད་ལྡན་གང་འཇོག་རྒྱུ་ཡོད་དམ། བོན་ལུགས་ཚད་ལྡན་ཤེས་མཁན་ཚོས་བལྟས་པ་ཡིན་ན་ཧ་ཅང་རང་གི་བརྙས་བཅོས་ལྟ་བུ་ཞིག་ཏུ་ཁུམས། འོན་ཀྱང་འདི་ནི་ལུང་རིགས་སྨྲ་བའི་བགྲོ་གླེང་ཞིག་ཡིན་ཁུལ་ལས་ཆོས་ལུགས་པས་ངར་འཛིན་ཞེན་ཁོག་ནི་དུས་ནམ་ཡང་བཟུང་མི་ཉན་ནོ། །

  3. སྤོབས་པ་མཐའ་ཡས། says:
    2016-05-20 at 12:09 pm

    བོན་པོ་ལ་མུ་སྟེགས་པ་དང་བསྡུར་ཆོག་པའི་ལྟ་གྲུབ་དང་ལོ་རྒྱུས་ཀྱི་ཟབ་ཚད་ཅིག་ག་ལ་ཡོད།

  4. བོན་ཚང་། says:
    2016-05-20 at 2:21 pm

    གཡུང་དྲུང་བོན་བསྟན་སྨད་ནས་ས་ལ་སྦྱར།།
    བཀའ་དགེ་ས་རྙིང་དགུང་སྔོན་དབྱིངས་སུ་བསྟད།།
    ས་དང་གནམ་གྱི་བར་ཁྱད་འདི་དག་ནི།།
    རུས་མེད་མཁས་གྲུབ་རྣམས་ཀྱིས་དཔྱད་ན་ཤེས།།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-05-20 at 3:32 pm

    འདུས་བྱས་ཐམས་ཅད་མི་རྟག་པ།
    ཟག་བཅས་ཐམས་ཅད་སྡུག་བསྔལ་བ།
    ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།
    མྱངན་ལས་འདས་པ་ཞི་བའོ།
    ་
    འདི་བོན་གྱིས་བཞེས་སམ། བཞེས་ན། མིང་ཙམ་ལ་མི་མཐུན་པ་ཡོད་ཀྱང་། དོན་ལ་རྒྱང་རིང་པོ་རང་མེད་པར་བསམ་དགོས། སྔར་ལོ་རྒྱུས་ཀྱི་ཐོག་ན་མི་མཐུན་པའི་རྩོད་པ་ཡོད་ཀྱང་། ཕྱིས་སུ་བན་བོན་གཉིས་ལྟ་སྒྲུབ་གཅིག་པ་ལྟ་བུ་མ་ཡིན་ནམ། ཡིན་ན་བོད་གངས་ཅན་པ་དག་གཅིག་ལ་གཅིག་ལ་གྲོགས་བྱེད་པར་གོ་དགོས། རྒྱང་ན་བོན་པོའི་གྲྭ་པ་ཞིག་མཐོང་ན། བན་གྱི་གྲྭ་པ་ཞིག་མི་བསམ་མམ། ལོ་ཆིག་སྟོང་ལྷག་སྔོན་དུ་དེ་ལྟར་ཡོད་པའི་ཁུངས་རིགས་པ་འཐད་ལྡན་ཞིག་བན་བོན་གཉིས་ལ་ཡོད་དམ།
    ་
    སྔགས་འཆང་དཔལ་དགྱེས་པ་རྡོ་རྗེ་མཆོག་གི་ཚིག་འགའ་དཔྱད་དགོས་ཏེ།
    དེ་ཡང་མི་ཕམ་རིན་པོ་ཆེས་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ལས།

    ཡང་དག་ཚད་མ་གསུམ་གྱི་་་་ཡིས། མིང་ཚིག་ཅིག་ཆད་པར་སེམས་སོ།” གནས་ཞིག” ཅེས་པ་ཡུལ་གངས་ཅན་པའི་སྐད་ཀྱི་ལུང་དུ་སྟོན་པ་ལ་འཐད་དམ། ཞེས་དང་། ཧི་མ་ལའི་རི་རྒྱུད། འདི་རྒྱ་གར་སྐད་ཡིན་པས། ཐུགས་ཁག་མེད། དག་པར་འདོད་ན། ཧི་མཱ་ལ་ཡའི་རི་རྒྱུད། ཧི་མ། ཞེས་པ་ཁ་བ་དང་། ཨཱ་ལ་ཡ། ཞེས་པ་ཀུན་གཞི་འམ། ཀུན་གནས་ཞེས་སོ། དཔེར་ན། ཀུན་གཞི་རྣམ་ཤེས་ལ། ཨཱ་ལ་ཡ་བིཇྙཱ་ན། ཞེས་པ་ལྟ་བུའོ།

  6. ཏི་སི། says:
    2016-05-20 at 8:07 pm

    ངས་བོན་ཀྱི་དབང་འགའ་ཙམ་ཕ་ཡུལ་ནས་ཞུས་དེ་ནི་བན་བོན་འདྲེས་པའི་བླ་མ་ཁྱད་པར་བ་ཞིག་ཡོད། མ་ཟད་ངེད་ཚང་ཁྱིམ་དུ་བོན་གྱི་བླ་གྲ་གདན་ཞུ་བྱས་ནས་གཤིན་ཆོག་འཕོ་བ་སོགས་ཧ་ལད་པ་གསུངས་ཡག་འདུག་རང་རེ་རྣམས་མིང་ཙམ་ལ་ཆགས་སྡང་མ་གནང་རོག བན་བོན་གཉིས་སྐལ་བ་ནམ་གནས་བར་མཉམ་གནས་རེད། བན་བོན་བསྟན་འཛིན་འཛིན་གྱི་སྐྱེས་བུ་རྣམ་སྐུ་ཚེ་ཡུན་རིང་དུ་གནས་པ་དང་འཕྲིན་ལས་དགུར་ལ་རེག་པར་སྨོན

  7. ཁྱུང་སེ། says:
    2016-05-20 at 9:58 pm

    ཏི་སིའི་གཏམ་ལ་གནས་ལུགས་འདུག དེང་མཐུན་ཕྱོགས་ནས་བཤད་ན་དེ་འདྲ་རེད། དེང་རབས་གཞོན་སྐྱེས་ཤེས་ཡོན་པ་ཚོའི་བསམ་བློ་གཏོང་སྟངས་དེ་འདྲ་རང་རེད། དེང་དུས་བླ་མ་རྣམས་ཀྱིས་ཕྱི་རུ་སྒྲོགས་སྟངས་དེ་འདྲ་རེད་དེ་ནང་དུ་ཉམས་ལེན་དང་ནང་གཏམ་ཤོད་དུས་ཁ་ཁ་འདུག གཅིག་གིས་གཅིག་ལ་འཚངས་འདྲུ་རེས་བྱས་ན་རྫོགས་རྒྱུ་མེད་པའི་ལོ་རྒྱུས་ཡོད། བོད་འདིར་བོད་རྒྱུད་ནང་བསྟན་པའི་རྗེས་འཛིན་དག་གིས་འདི་བྱས་དང་འདི་མ་བྱས་ཟེར་ནས་ཤོད་ཐུབ་ཡ་མེད། ཕྱོགས་རིས་སྡང་འཛིན་ཟེར་བ་དེ་བྱས་ན་ས་མཚམས་དང་རྫོགས་རྒྱུ་མེད། དཔེར་ན་སྤོབས་མཐའ་བཞིན། ཆོལ་ཁ་ནས་བཤད་དུས་ཁམས་རིགས་ཡག་རབས་དང་ཨ་མདོ་སྡུག་རབས་རྐྱང་རྐྱང་བཤད། ཆོས་ལུགས་ནས་བཤད་ན་བན་བོན་གཉིས་ལས་བོན་པོ་སྡུག་རབས་བན་དེ་བཟང་རབས་རྐྱང་རྐྱང་བཤད། བཙན་བྱོལ་སྒྲིགས་འཛུགས་བཤད་དུས་བཙན་བྱོལ་སྒྲིགས་འཛུགས་ཀྱི་མགོ་དཔོན་རྣམས་ངན་རབས་རྐྱང་རྐྱང་བཤད་ཀྱི་རེད། དེ་ལ་བལྟས་ན་རྒྱ་མི་ཡིས་ཉུལ་མ་བྱས་ནས་བཙན་བྱོལ་སྒྲིགས་འཛུགས་འདི་ཕུ་དཀྲུག་མདའ་དཀྲུགས་བྱེད་ཀྱི་ཡོད་རེད་ཟེར་བའི་གཏམ་ལ་གོ་རྒྱུ་འདུག་མཚན་གཞི་འདི་འདྲ་ཞིག་ལ་གཏན་གཏན་དྭོགས་པ་སྐྱེས་ཡོང་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme