Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྲོལ་མའི་དུང་སྒྲུབ་ཀྱི་ཚོགས་བརྡ།

Posted on 2011-12-122011-12-12 By དབང་ཕྱུག་ 29 Comments on སྒྲོལ་མའི་དུང་སྒྲུབ་ཀྱི་ཚོགས་བརྡ།


ཐོས་བསམ་སྒོམ་པའི་དཔལ་གྱིས་ཡོངས་སུ་འབྱོར་བའི་བསྟན་པའི་རྩ་ལག་རྣམ་པའི་དྲུང་དུ་ཆེད་གསོལ།

ད་ཆ་ཚང་མས་མཁྱེན་གསལ་ལྟར། ཕྱི་དང་ནང་གི་འགལ་རྐྱེན་མང་པོ་ཡོད་བཞིན་དངོས་ཡོད་གནས་སྟངས་ཀྱི་འོག་བོད་བརྒྱུད་ནང་བསྟན་འདི་མི་མཐུད་ཐའེ་ཝན་མི་མང་གིས་ངོས་ལེན་ཡོད་པ་ཞིག་ཡོང་དགོས་ན་དེ་ནི་ཐའེ་ཝན་མི་མང་གི་དགོས་འདུན་དང་མཐུན་པ་ཞིག་གི་ཕྱོགས་སུ་སྔར་ལས་ལྷག་པའི་འབད་བརྩོན་དགོས་པ་དེ་ཁོ་ན་རྩ་བའི་གནད་དོན་ཡིན།
དེའི་ཕྱིར། ང་ཚོ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་བཙུགས་པའི་དམིགས་ཡུལ་ཡང་། གཅིག་ནས། ཐའེ་ཝན་གླིང་ཕྲན་འདིར་མཉམ་དུ་གནས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཕན་ཚུན་བར་དོན་ཕན་ལྡན་པའི་མཐུན་ལམ། མཉམ་འབྲེལ། རོགས་རེས། ཤེས་རྟོགས་བཅས་གོང་མཐོར་སྤེལ་རྒྱུ་དང་། གཉིས་སུ། ཐའེ་ཝན་མི་མང་གི་ཆེད་དུ་ཆོས་ཀྱི་ལམ་ནས་སྤྱི་ཚོགས་ཞབས་ཞུའི་རོགས་ཕན་གང་ནུས་ཞུ་རྒྱུ་དེ་ཡིན་ལ། འདི་ལོ་འདི་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་པའི་སྐབས་དང་པོའི་རིས་མེད་ཆོས་བརྒྱུད་ཁག་མཉམ་ཞུགས་གནང་བའི་བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུར་ཡང་ཞལ་འཆམ་བྱུང་བའི་གྲོས་གཞི་ཚང་མས་ངོས་བཟུང་ཡོད།དེས་ན་ད་ཐེངས་ཡང་ལོ་གསར་རྙིང་གི་མཚམས་འདི་ཐའེ་ཝན་མི་མང་གི་སྲོལ་རྒྱུན་འདུ་ཤེས་འཛིན་སྟངས་ཀྱི་ངོས་ནས་གལ་ཆེའི་དུས་ཚོད་ཅིག་ཏུ་ངོས་འཛིན་བྱེད་སྲོལ་འདུག་པ་དང་། ཁྱད་པར་འབྱུང་འགྱུར་གྱི་ལོ་གསར་པ་ནི་མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་ཅིག་ཏུ་གྱུར་ཟིན་པ། སྤྱིར་ཡང་ཐའེ་ཝན་ནི་རང་བྱུང་གི་གནོད་འཚེའི་ཉེན་ཁའི་ཟིན་ཐོ་འཛམ་གླིང་གི་ཨང་གཉིས་པར་ཡོད་པའི་དམིགས་བསལ་ས་ཁུལ་ཞིག་ཡིན་པ་སོགས་ལ་དམིགས་ནས་སྤྱི་སྨན་རིམ་འགྲོའི་ཆེད་སྒྲོལ་མའི་དུང་སྒྲུབ་གྱི་ཚོགས་པ་ཞིག་ཚུགས་གཏན་ཁེལ་ཟིན་པ་ཡིན།

དེ་ཡང་འཚོགས་སྟངས། ཞོགས་པ་བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་པ་རྣམས་ལྷན་འཛོམས་ཀྱིས་སྒྲོལ་མའི་དཀྱིལ་འཁོར་ཞལ་ཕྱེ་དང་འབྲེལ་ཐུན་མིན་གྱི་ཆོ་ག་སྔོན་དུ་འགྲོ་བའི་སྒོ་ནས་ལས་རིམ་ཁག་གྲུབ་པར་བྱས་ཏེ། ཕྱི་དྲོ་ནས་མཚན་མོའི་ལོ་གསར་པའི་མགོ་ཚུགས་ཀྱི་བར་དུ་མུ་མཐུད་རྗེ་བཙུན་སྒྲོལ་མའི་མཚན་སྔགས་ཀྱི་བཟླས་པ་མུ་མཐུད་རྒྱུན་སྐྱོང་རྒྱུ་བཅས་ལགས་ན་སྐུ་ཉིད་ནས་ཀྱང་ང་ཚོའི་ལས་དོན་འདིར་ངོས་འཛིན་དང་རྒྱབ་སྐྱོར་གྱི་ཆེད་དང་། ཁྱད་པར་དུ་ཐའེ་ཝན་གྱི་ས་གཞི་འདིའི་ཆེད་དུ་སྐུ་ཉིད་དང་ཉིད་ཀྱི་ཆོས་ཚོགས་ཀྱི་དགེ་འདུན་པ་བཅས་ངེས་ཕེབས་གནང་རྒྱུ་ཙམ་མ་ཟད། དེ་འབྲེལ་སྐུ་ཉིད་ཀྱི་ཆོས་ཚོགས་ཞལ་སློབ་རྣམས་ལ་ཡང་གང་ཐུབ་མཉམ་ཞུགས་གནང་རྒྱུའི་སྐུལ་མ་གང་ཐུབ་གནང་རོགས་ཞུ་རྒྱུ་དང་། གདན་ཞུའི་གསལ་བརྡ་འདི་ཕྱག་ཏུ་འབྱོར་བ་དང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པར་གཤམ་གསལ་འབྲེལ་ལམ་བརྒྱུད་ནས་བཀའ་ལན་ངེས་གནང་ཡོང་བའི་གསོལ་འདེབས་བཅས་ཞུ་བཞིན་ཡོད་ན། དེ་བཞིན་ཐུགས་རྗེས་རྗེས་འཛིན་ཡོང་བ་མཁྱེན་མཁྱེན།
(དུས་ཚོད་དང་ཚོགས་ཡུལ་འབྲེལ་ལམ་སོགས་མཉམ་སྦྱར་གྱི་ཡིག་ཆ་ཁག་སོགས་ལས་མཁྱེན་རྟོགས་གནང་རྒྱུ)http://www.buddhajnana.org/index_last.html
བོད་རྒྱལ་ལོ༢༡༣༨ཟླ་༨ཚེས་༩། སྤྱི་ལོ་༢༠༡༡ཟླ་༡༠་ཚེས་༢༥ལ།

འབྲེལ་ཡུལ། 電話: 02-86650949(韓師姐)
網 址: itbsi@buddhajnana.org
聯絡人: 吳師兄(0919385686)、紀師姐(0921829780)
http://www.buddhajnana.org/index_last.html
འཚོགས་ཡུལ། ཀྲུང་དབྱིང་པ་ཏིཁང་ཆེན་གྱི་ཐོག་བརྩེགས་གསུམ་པར་ཡོད་པའི་ཚོགས་ཁང་ཆེན་མོ།
地點:中影八德大樓 三樓演講廳
ཁ་བྱང་། ཐའེ་པེ་གྲོང་ཁྱེར་པ་ཏི་ལམ་དུམ་བུ་གཉིས་པ་སྒོ་རྟགས་ཨང་༢༦༠ཐོག་བརྩེགས་གསུམ་པ།
地址:台北市八德路2段260號3樓
བོད་རྒྱལ་ལོ༢༡༣༨ཟླ་༨ཚེས་༩། སྤྱི་ལོ་༢༠༡༡ཟླ་༡༠་ཚེས་༢༥ལ།

རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལས་འཛིན་ཐུན་མོང་ནས།

གསལ་བསྒྲགས།

Post navigation

Previous Post: ལྷ་སྐྱིད་སྒྲོལ་མ་དང་རེག་དུག་ན་ཚ།
Next Post: མེ་ལྕེ་འབར་བཞིན་པའི་བོད་།

Comments (29) on “སྒྲོལ་མའི་དུང་སྒྲུབ་ཀྱི་ཚོགས་བརྡ།”

  1. དྲི་མེད་ཟླ་བ། says:
    2011-12-13 at 5:46 am

    གལ་སྲིད་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དོན་སྙིང་ལྡན་པ་ཞིག་ཐེའི་ཝན་མཚོ་གླིང་འདི་ནང་ལ་ཡོད་པ་དང་བོད་རྒྱུད་ནང་བསྟན་རྟིང་གནས་ལ་སེམས་ཁུར་བྱེད་གི་ཡོད་ན། ཐེངས་དང་པོ་གདོང་ལེན་བྱས་དགོས་པ་མོང་པོ་ཞིག་མཐོང་གི་འདུག། དཔེར་ན་དུས་རྒྱུན་དུ་ང་ཚོའི་བོད་བརྒྱུད་ནང་བསྟན་ལ་སྐྱོན་དང་སྐུར་བ་འདེབས་པ་དང་འཁྱོར་བཤད་དང་ལོག་པའི་ཁྱབ་བསྒྲགས་བྱས་པ། དེ་ཚོ་ལ་གདོང་ལེན་ཡག་པོ་ཞིག་བྱེས་དགོས་གི་འདུག། དེ་ཚོ་ཅི་ལ་ཡང་ཕན་མ་ཐོག་པའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་གི་མིང་ཁུར་ནས་དོན་མ་མཆིས།

  2. ཀརྡོ་རབ་འབྱམས་པ་ says:
    2011-12-13 at 8:21 am

    ཨོམ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མས་བྱིན་གྱིས་རློབས་ཏུ་གསོལ། །

  3. སྤོབས་པ་མཐའ་ཡས། says:
    2011-12-13 at 1:06 pm

    ད་གཡུག་ཞོག སྒྲོལ་མ་དུང་སྒྲུབ་འཚོགས་ནས་ཅི་ཡང་ཕན་ནི་ཐོགས་གི་མ་རེད། རེད་རེད། ད་རྒྱ་ནག་ཚང་གི་དབུ་བླ་དེ་ཚོས་བུ་འདོད་མཁན་གྱིས་བུ་དང་ནོར་འདོད་མཁན་གྱིས་ནོར་འདོད་ནས་སྒྲོལ་མ་འཚོགས་གི་ཡོད་པ་ལོས་ཡིན། བསམ་འཆར་གང་ཡང་མེད།

  4. མིག་བརྒྱད་པ། says:
    2011-12-13 at 4:06 pm

    ཨ་ཞང་རྒྱ་ནག་ཚང་ལ་རླུང་རྟ་ཆུ་རྒྱུགས་རྒྱུགས། ཁོ་ཚོས་གཡང་འགུགས་དང་ལྷ་འབོད་ཀླུ་འབོད་གང་ཡང་བྱེད་ཀྱི་མེད་མོད། བུ་འདོད་པ་ལ་བུ་དང་ནོར་འདོད་པ་ལ་ནོར་འབད་མེད་ལྷུན་གྲུབ་ལྷུག་ལྷུག་རེད། འདི་ཡ་མཚན་རེད། གཅིག་བྱས་ན་བོད་ཀྱི་བཀའ་དྲིན་ཡིན་རྒྱུ་རེད། ཆོས་དང་ནོར་བོད་ནས་དྲངས།

  5. མིག་བརྒྱད་པ། says:
    2011-12-13 at 4:49 pm

    རྒྱ་བཟའ་ཀུང་ཇོ་བོད་ལ་གདན་དྲངས་ནས།།
    བོད་ལ་ལྷ་ཁང་མང་པོ་གསར་དུ་བཞེངས།།
    སློབ་དཔོན་པདྨ་བོད་ལ་གདན་དྲངས་ནས།།
    བོད་ཀྱི་འདྲེ་སྲིན་ཐམས་ཅད་དམ་ལ་བཏགས།།
    མཁན་ཆེན་ཇོ་བོ་བོད་ལ་གདན་དྲངས་ནས།།
    བོད་ལ་ལས་འབྲས་རྣམ་བཞག་མང་དུ་གསུངས།།
    རྒྱ་ནག་གུང་དམག་བོད་ལ་གདན་དྲངས་ནས།།
    ལྷ་རྟེན་གསུང་རབ་ཐམས་ཅད་མེ་ལ་བསྲེགས།།
    ཐ་མ་རང་ཡུལ་རང་ལ་མི་དབང་བའི།།
    སྡུག་པོ་མྱོང་མཁན་ཚང་མ་བོད་པ་རེད།།
    ད་ནི་ཨ་ཞང་ཚང་ཡང་རང་ཁྱིམ་ནས།།
    ཕར་ལ་རྒྱུགས་ཤིག་ཟེར་དགོས་དུས་ཤིག་བྱུང་།།
    མི་རྟག་སྒྱུ་མའི་ཆོས་ཤིག་མ་བསླབས་ན།།
    རྟག་འཛིན་འགོང་བོ་འདི་ཡིས་ཡང་ཡང་བསླུ།།

  6. ཁ་བའི་ལས་དབང་ says:
    2011-12-13 at 5:11 pm

    ཁོ་ཚོས་ལས་འགུལ་འདི་སྤེལ་ན་མི་འགྲིག་ཡ་ག་རི་འདུག་གལ་སྲིད་འདི་འགྲིག་མི་འདུག་ན་ཁྱོད་ཚོའི་བོད་སྤྱི་དོན་ལ་འདི་ལས་ལྷག་པའི་འཇོན་ཐོན་ཞིག་ངོམ་དང་

  7. ཆབ་བྲག་ལྷ་མོ་སྐྱབས། says:
    2011-12-13 at 8:41 pm

    ཆོས་ལུགས་མི་སྣའམ་ཆོས་ཚོགས་དག་གིས་མིའི་རིགས་ཀྱི་སྤྱི་ཚོགས་དང་ཁོར་ཡུག་ལ་ཕན་ཐོགས་ན་ཧ་ཅང་བཟང་མོད། མ་མཐར་ཡང་སོ་སོའི་ངོས་ནས་ཞབས་འདྲེན་མ་ཞུས་ན་ཆོག རྗེ་བཙུན་སྒྲོལ་མའི་ཐུགས་རྗེས་བྱིན་གྱིས་རློབས་ཤིག

  8. སྤོབས་པ་མཐའ་ཡས། says:
    2011-12-14 at 5:22 am

    ཁྱོད་ཚོའི་ཚོགས་པས་ཉེ་སྔོན་འཛམ་གླིང་གི་ནང་བསྟན་རིས་མེད་མི་སྣ་བསྡུས་ནས་བགྲོ་གླེང་འཚོགས་པ་དེ་ཧ་ཅང་གི་རླབས་ཆེན་དང་བསྔགས་འོས་རྗེས་སུ་ཡི་རང་གི་གནས་སུ་གྱུར་པ་ཞིག་རེད། ད་ཁྱོད་ཚོའི་ཁ་ཕྱོགས་ལམ་ཕྱོགས་དེ་བཅའ་བ་རིམ་གྲོ་སྒྲུབ་པའི་ཕྱོགས་སུ་ཤོར་ཚར་དུས་ནང་བསྟན་ཞིབ་འཇུག་ཚོགས་པའི་རིན་ཐང་རྩ་བརླགས་སུ་གྱུར་པ་རེད། བོད་པའི་བླ་རྒན་ཚོས་སྒྲོལ་མ་བཏོན་ནས་ཐའེ་ཝན་བསྐྱབ་རྒྱུ་ཡིན་ཟེར་དུས་གུང་ཁྲན་ཚོགས་ཁག་གི་སྣ་དགོན་ཤོར་གི་ལོས་ཡོད། ཁྱོད་ཚོ་མཁན་སྤྲུལ་མཁས་པ་རྣམ་པས་ད་དུང་ཡང་ལྷ་གསོལ་འདྲེ་བཀར་གྱི་རིགས་འདི་སྤེལ་མ་འདུག་རོགས།

  9. ཀརྡོ་རབ་འབྱམས་པ་ says:
    2011-12-14 at 6:42 am

    རྒྱུས་གསེར་ཕྲེང་ལས།
    འདིར་སྒྲོལ་མའི་རྒྱུད་གསུང་བའི་ཐོག་མར་ལོ་རྒྱུས་གསུང་བ་དག་བསྙད་ན། སྔོན་ཐོག་མ་མེད་པའི་དུས་ཤིག་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་ཅེས་བྱ་བར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་བྱུང་སྟེ། དེའི་བསྟན་པ་ལ་མཆོག་ཏུ་གུས་པའི་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བ་ཞིག་ཡོད་དོ། དེས་སངས་རྒྱས་དེ་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་དང་བཅས་པ་ལ་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་མཆོད་པར་བྱས་ཏེ། ཉི་མ་རེ་རེ་བཞིན་དུ་ཕྱོགས་བཆུར་དཔག་ཚད་ཐམས་ཅད་རིན་པོ་ཆེས་གོ་མཚམས་མེད་པར་བཀང་བའི་རིན་ཐང་གི་ཚད་དང་མཉམ་པའི་མཆོད་རྫས་དག་བཤམས་སོ། ་་་མུ་འགོད།

  10. བཀྲ་ཤིས་ཚེ་རིང་། says:
    2011-12-14 at 7:35 am

    རྙིང་མའི་བླ་མ་འདྲ་བོ་གྲྭ་བ་འདྲ་བོ་ཁ་ཤས་ཤིག་གིས་ཐའེ་ཝན་ན་མིང་གང་ལས་གང་རྫིག་བཏགས་ནས་ཅིག་བྱེད་ཀྱི་ཡོད་པ་རེད་ཅེས་གོ་སོང་། འདི་ཚོའི་རིགས་འདི་ལ་དོགས་ཟོན་མཉམ་ཏུ་བྱས་ན་དགའ་ཡ།

  11. ཀརྡོ་རབ་འབྱམས་པ་ says:
    2011-12-14 at 7:43 am

    ་་་་ དེའི་མཐར་བྱང་ཆུབ་ཏུ་སེམས་བསྐྱེད་དེ་སེམས་དང་པོ་བསྐྱེད་པ་ཡིན་ནོ།
    དེའི་ཚེ་དགེ་གློང་རྣམས་ཀྱིས་ཁྱེད་དགེ་བའི་རྩ་བ་འདི་ཉིད་ཀྱིས་ལུས་འདི་ཉིད་ལ་སྐྱེས་༼ ཕོར་༽པར་གྱུར་ཏེ། བསྟན་པ་ལ་བྱ་བ་བྱེད་པར་སྨོན་ལམ་བཏབ་ན་དེ་བཞིན་དུ་འགྱུར་བའི་ཕྱིར་དེ་ལྟར་རིགས་སོ་ཞེས་བསྐུལ་བ་ལས། དྲི་ལན་མང་དུ་ཡོད་སྐད་པ་ལ། མཐར་རྒྱལ་པོའི་བུ་མོས་སྨྲས་པ།
    འདི་ནི་སྐྱེས་པ་མེད་ཅིང་བུད་མེད་མེད། །
    བདག་མེད་གང་ཟག་མེད་ཅིང་རྣམ་རིག་མེད། །
    ཕོ་མོར་བཏགས་པ་འདི་ནི་ཡ་མ་བརླ། །
    འཇིག་རྟེན་བློ་ངན་རྣམ་པར་འཁྲུལ་པར་གྱུར། །ཅེས་བྱ་བ་ལ་སོགས་པ་བརྗོད་དེ། སྐྱེས་པའི་རྟེན་ལ་བྱང་ཆུབ་འདོད་པ་ནི་མང་གི །བུད་མེད་ཀྱི་ལུས་ཀྱིས་འགྲོ་བའི་དོན་སྤྱོད་པ་ནི་འགའ་ཡང་མེད་དོ། དེ་བས་ན་འཁོར་བ་མ་སྟོངས་ཀྱི་བར་དུ་བུད་མེད་ཀྱིས་འགྲོ་བའི་དོན་བྱའོ་ཞེས་དམ་བཅས་སོ། དེ་ནས་ལོ་བྱེ་བ་བརྒྱ་སྟོང་གི་བར་དུ་། ་་་་

  12. བློ་བཟང་ཤེས་རབ། says:
    2011-12-14 at 7:57 am

    བཀྲ་ཤིས་ཚེ་རིང་གི་མིང་ཐོག་ནས་འཛུལ་བ་འདི་ལ་བྱ་རོག་ཁུ་འཕྲིག་གི་བཟོ་ཞིག་འདུག གུ་ཡངས་པོ་གྱིས་དང་སེམས་ཁམས་ལ་ཕན་ངེས།

  13. ཀརྡོ་རབ་འབྱམས་པ་ says:
    2011-12-14 at 7:59 am

    ཡང་སྒྲོལ་མི་འབྱུང་ཁུངས་ཀྱི་རྒྱུད་ལས།
    ་་་དེ་རྒྱལ་པོའི་ཕོ་བྲང་དུ་གནས་ཤིང་། འདོད་པའི་ཡོན་ཏན་ལྔ་ལ་ཐབས་མཁས་པས་སྤྱོད་བཞིན་དུ་ཏིང་ངེ་འཛིན་བསྒོམས་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། འགྲོ་བ་ཐམས་ཅད་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒྲུབས་སོ། །ཏིང་ངེ་འཛིན་གྲུབ་པ་དེའི་ནུས་པས། དེ་ནས་ཉིན་རེ་བཞིན་དུ་སྔ་དྲོའི་དུས་ཀྱི་ཚེ། སེམས་ཅན་བྱེ་བ་བརྒྱ་སྟོང་རེ་འཇིག་རྟེན་པའི་སེམས་ལས་བསྒྲལ་ཏེ། བཟོད་པ་ལ་མ་བཀོད་ཀྱི་བར་དུ་ཟས་བར་མི་བྱེད་དོ། །ཉི་མ་ཕྱི་དྲོའི་ཡང་དེ་ཙམ་རེ་འགོད་པར་བྱེད་དོ། །དེ་ནས་སྔར་གྱ་མིངདེ་འགྱུར་ནས། སྒྲོལ་མ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་སྔ་སྒྲས་ཀྱང་། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱས་པ་དེ་སྲིད་དུ། མིང་ལྷ་མོ་སྒྲོལ་མས་མཚན་འབའ་ཞིག་ཏུ་འགྱུ་བར་ལུང་བསྟན་ཏོ། །ཞེས་གསུངས་འདུག་པས་་་་་་་

  14. གཟུར་གནས། says:
    2011-12-14 at 8:03 am

    བློ་བཟང་ཤེས་རབ་མ་རེད་རྨོག་རུ་བསྟན་པ་རེད།

  15. ཤེས་རབ་རྒྱལ་མཚོ་ says:
    2011-12-14 at 12:30 pm

    ཐེངས་དང་པོ་བོད་པའི་ནང་ཆོས་ལ་སྐུར་པ་འདེབས་ཉན་དེ་ཚོ་གོང་ནས་ཕ་རོལ་སྒྲོལ་བའི་སྒྲོལ་མ་གང་མང་འདོན་དགོས་ངེས་རེད།

  16. གཟུར་གནས། says:
    2011-12-14 at 12:37 pm

    ནང་ཆོས་རིག་གནས་ཤིག་རེད། དེ་ལ་སྐུར་འདེབས་ཟེར་བའི་ཚིག་ཅིག་བེད་སྤྱོད་གནང་ས་འགྲོ་མ་རེད། རིག་གནས་དེའི་དོན་སྙིང་དང་ཤུགས་རྐྱེན་ལ་མི་རེ་རེ་ལ་བསམ་ཚུལ་རེ་རེ་ཡོད་ཆོག་གི་རེད། ཐབས་མཁས་ཐུགས་རྗེ་ཅན་ཚོས་ཁྲི་ཁ་ནས་ནང་པའི་ཆོས་ཀྱི་འཁོར་ལོ་བསྐོར། པེད་ཤག་གིས་ཨམ་ཕྲག་རྒྱངས། བུད་མེད་གདན་དུ་བཏིང་བའང་ནང་ཆོས་ལ་ལེ་ཁག་ཅང་མེད་པ་དེའང་གསལ་བོ་ཡིན་པས། ཤེས་ནས་སྐད་ཆ་བཤད་རོགས།

  17. གངས་སྤྲེལ་ཚ། says:
    2011-12-15 at 2:31 pm

    རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ཟེར་དུས་མིང་ཆེ་འུ་དེའི་ནང་མཁས་དབང་ཁ་ཤས་ཡོད་ན་མིང་དོན་དང་ལྡན་པ་ཞིག་ཆགས་ངེས་རེད། མཁས་དབང་ཚུལ་ཁྲིམས་བློ་གྲོས་དང་། བསོད་དར་རྒྱས། ཟམ་གདོང་བླ་མ་ཚོ་སློབ་སྟོན་པ་ཙམ་རེ་ཡིན་ན་ཅི་མ་རུང་།
    ཞབས་རིམ་ཙམ་ལ་དབུ་མ་འཁོར་བར་དོམ་དམ་པའི་ཕྱག་ལས་རེ་གནང་རྒྱུ་གལ་ཆེ།
    སེམས་ཤུགས་བཟང་གི།

  18. བདེན་པ། says:
    2011-12-16 at 3:16 am

    ཅི་མ་བདེན

  19. རྫ་ཚེ་རིང་བཀྲ་ཤིས། says:
    2011-12-16 at 3:43 am

    དྲ་གྲོགས་དག་གིས་དོ་སྣང་གནང་བ་ཙམ་དུ་མ་ཟད། རང་དབང་ལྡན་པའི་བཀའ་མོལ་གནང་བར་གུས་བརྩི་ཡོད།
    གཤམ་དུ་ཁྱེད་རྣམ་པའི་དགོངས་འཆར་ལ་གཟས་པའི་གསལ་བཤད་ཀྱི་སྐད་ཆ་ཉུང་ཉུང་ཞིག་ཞུ་རྒྱུ་ཡིན།
    ང་ཚོ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་གཞི་རྩའི་དམིགས་ཡུལ་བགྲོ་གླེང་དང་ཉམས་ཞིབ་སོགས་ཡིན་པའི་དམིགས་ཡུལ་དང་ལས་དོན་ལ་འགྱུར་བ་མེད། ཡིན་ན་ཡང་སྤྱི་ཚོགས་ཞབས་ཞུའི་ལས་དོན་གང་ཐུབ་བྱ་རྒྱུ་དེ་ཡང་ཐོག་མའི་དམིགས་ཡུལ་གྱི་ཆ་ཤས་གལ་ཆེན་ཞིག་ཡིན།
    མཐོ་སྲིད་འཛིན་མན་ཆད་མཐོ་དམན་དྲགས་ཞན་ཚང་མའི་ཉིན་རེའི་བྱེད་སྒོ་ལ་ཆོ་ག་དང་སྨོན་ལམ་སོགས་ཀྱི་གོམས་སྲོལ་ཧ་ཅང་ཆེན་པོ་ཡིན་པའི་ཐའེ་ཝན་སྤྱི་ཚོགས་ལ་མཚོན་ང་ཚོས་ལས་དོན་འདི་ནི་ཡུལ་དུས་གནས་བབ་དངོས་ལ་གཞིགས་པའི་སྤྱི་ཚོགས་ཞབས་ཞུའི་རྣམ་གྲངས་གཞན་ཞིག་ཏུ་རྩིས་ཡོད།
    ང་ཚོ་ནང་བསྟན་གྱི་རྗེས་འཇུག་པར་མཚོན་ན་གསོལ་འདེབས་སྨོན་ལམ་གྱི་ལམ་ནས་གཞན་ལ་ཕན་པ་སྒྲུབ་རྒྱུ་ནི་ངེས་པར་དུ་ཁེས་ལེན་དགོས་པ་ཞིག་ཀྱང་རེད།
    མ་གཞི་ང་ཚོའི་ལས་དོན་ཇི་ལྟར་སྤྱི་ཚོགས་ཀྱི་དགོས་མཁོའམ་འདོད་བློ་དང་འཚམས་པ་དེ་ལྟར་བོད་བརྒྱུད་ནང་བསྟན་དང་དེའི་རྗེས་འཛིན་པར་ཡང་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་ཀྱི་ཡིན་པ་འདི་མཐོང་ཆུང་བྱེད་མི་འོས་པ་ཞིག་ངེས་པར་དུ་རེད།
    འོན་ཀྱང་ང་ཚོའི་རྩ་བའི་ཉམས་ཞིབ་དང་བགྲོ་གླེང་སོགས་ཀྱི་ལས་དོན་གཙོ་བོར་འཛིན་རྒྱུར་འགྱུར་བ་མེད་པ་ཡང་བསྐྱར་ནན་བརྗོད་ཞུ་རྒྱུ་མ་ཟད། ལོ་རྗེས་མའི་བགྲོ་གླེང་ཁག་གི་དུས་ཚེས་ཚུན་ཆད་གཏན་ཁེལ་ཟིན་པ་ཡིན་པས་དེའི་ཐད་ཚང་མས་ཐུགས་བློ་བདེ་བོ་གནང་རོགས་ཞུ་རྒྱུ་ཡིན།
    དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་དོགས་སེལ་ཞེས་པའི་དེབ་ཞིག་ཀྱང་ཟླ་གསུམ་རེར་ཐེངས་རེ་འདོན་རྒྱུ་ཡིན་པར་མ་ཟད། འདོན་ཐེངས་དང་པོ་དངོས་སུ་འགྲེམ་མགོ་བཙུགས་ཟིན།
    མཆན་བུ་འདི་ནི་ཁྱེད་རྣམ་པའི་དགོངས་ཚུལ་ལ་བརྩི་མཐོང་མཚོན་པའི་གསལ་བཤད་ཙམ་ཡིན།
    བཀྲ་ཤིས་བདེ་ལེགས།

  20. གཟུར་གནས། says:
    2011-12-16 at 5:35 am

    ཐའེ་ཝན་གྱི་རྙིང་མའི་བླ་མ་ཚོས་བོད་བརྒྱུད་ནང་བསྟན་གྱི་ཞབས་འདྲེན་ཞུ་བཞིན་པ་ཐའེ་ཝན་པ་ཚོས་ཤེས་གསལ་རེད། ལྷག་པར་ཏུ་རྙིང་མ་ཡིན་ཞེས་རློམ་མཁན་ཁག་ཅིག་གཟན་ཤམས་མནབས་ནས་གང་བྱུང་མང་བྱུང་བྱེད་པ་དེ་དག་ནི་བསྟན་པ་ནང་བཤིག་གི་རྟགས་ཡིན་སྲིད་པས། རྙིང་མ་ཆོས་བརྒྱུད་འགོ་ལས་ཡོངས་ཀྱིས་བསྐྱར་ཞིབ་ཅིག་བྱེད་དགོས་ཚོད་གདའ།

  21. གཟུར་གནས། says:
    2011-12-16 at 5:39 am

    བོད་བརྒྱུད་ནང་བསྟན་ཟེར་བ་འདི་འཛུགས་མཁན་ཚོའི་ནང་ནས་མདོ་སྔགས་གཉིས་ལ་སློབ་སྦྱོང་ཡག་པོ་བྱས་མྱོང་མཁན་ཞིག་མི་འདུག ཁོང་ཚོས་ཆོས་སྐད་ཐན་ཐཱན་གྱིས་སྒོར་མོ་འཚོལ་བའི་ལས་ཉག་ཅིག་བྱེད་བཞིན་པས་མི་འདི་ཚོས་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཟེར་བའི་མིང་འདི་འདྲ་བེད་ལོག་ཏུ་སྤྱད་ན་བསྟན་པ་སྤྱི་ལ་ཞབས་འདྲེན་ཞུ་ངེས་རེད།

  22. བློ་བཟང་ཤེས་རབ། says:
    2011-12-16 at 6:51 am

    གཟུར་གནས་པའི་མིང་སྤྱོད་མཁན་འདི་གཟུར་བོར་མི་གནས་པར་མ་ཟད་དཀྲོག་གཏམ་ཤོད་མཁན་ཞིག་རེད་འདུག རྙིང་མའི་བླ་མ་ཚོ་ཞེས་དམིགས་ཀྱིས་བཀར་བ་ལ་བལྟས་ན་ཕྱོགས་ཞེན་གྱི་དུག་རོ་འཕར་གྱིན་ཡོད་པའི་ནང་ཆ་བསྟན་སོང་། ད་ལྟ་ང་ཚོ་ལ་དགོས་པ་དེ་མཐུན་སྒྲིལ་ཡིན་པ་ལས་རྩོད་རྙོག་མ་ཡིན་པ་ཤེས་པར་གྱིས་ཤིག

  23. བདེན་པ། says:
    2011-12-17 at 4:08 am

    རེད་རེད། ཞབས་འདྲེན་ཞུ་མཁན་གང་ས་གང་ན་འདུག མ་རེད་ཟེར་རྒྱུ་མི་འདུག གཟུར་གནས་ལགས་ཀྱི་གསུང་པ་རྒྱུ་མཚན་མེད་པ་མ་རེད། ལེགས་ཆ་རྣམས་ལེན་དགོས་པ་རེད།

  24. དྲང་སྲོང་། says:
    2011-12-19 at 4:12 pm

    ཧ་ཧ་ཧ། སྐྱབས་མགོན་རྒྱལ་བའི་དབང་པོ་ཐེ་ཝན་ལ་ཕེབས་ནས་ཆོས་ཀྱི་མཛད་ཕྲིན་བསྐྱངས་བ་དང་མ་ཟད་ལོ་ལྟར་དྷ་སར་ཐེ་ཝན་མང་ཚོགས་ཆོས་འཁོར་བསྐོར་དང་སྐོར་བཞིན་པ་སོགས་མཛད་རྒྱའི་ཉི་འོད་ལས་ཐེ་ཝན་མ་ཚད་ཤར་ནུབ་ཡུལ་གྲུས་མང་པོས་སྤྱི་སྒེར་གཞུང་ཚོགས་ཀྱིས་་བོད་རྒྱུད་ནང་བསྟན་ལ་བསྟོད་བསྔགས་དགའ་མོས་ཡར་ངོས་ཟླ་བ་བཞིན་ཡོད་པ་མཁྱེན་གསལ་རེད། ད་དུང་ཐེ་ཝན་ཡུལ་གྲུ་ཆུང་ངུ་དེས་ངོས་ལེམ་མེད་པ་བོད་རྒྱུད་ནང་བསྟན་དེ་གང་ན་ལྷག་བསྡད་དམ། ཧ་ཧ་ཧ་ཧ་རེད་ཁྱོད་ཚོད་སྲིད་དོན་དང་ཤོག་ཆག་དམར་པོ་ད་དུང་ཁ་མ་གང་བར་ལྷག་བསྡད་ཡོད་ཀྱི་རེད་། ང་ནི་སང་ཉིན་ཚོགས་ལ་མི་ཡོང་འོན་ཀྱང་ཐེ་ཝན་ལ་རང་བཙན་ཐོབ་པར་སྨོན་ལམ་དང་འབྱིང་གནོན་འཚེ་མི་ཡོང་ཤོག་ང་རང་ལ ཤོག་ཆག་དམར་པོ་ཐོབ་པར་ཤོག

  25. དྲང་སྲོང་། says:
    2011-12-19 at 4:24 pm

    ༼འབྱིང་གནོན་༽འབྱུང་་་་བ་་་་་་གནོན་འཚེ་མི ཡོང་།བཅོས་གནང་

  26. བདེན་པ། says:
    2011-12-20 at 3:52 am

    དྲང་སྲོང་ལགས། ཁྱེད་ཐའེ་ཝན་ལ་བཞུགས་ཡོད་ན་ཚོགས་ཞུགས་གནང་རོགས། ད་དུང་ཁྱེད་གྱི་གྲོགས་པོ་ཚོ་ལ་ཞུ་རོགས།སྲིད་དོན་ཡིན་ན་མཉམ་དུ་སྒྲུབས། ཤོག་ཁུག་ཐོབ་ན་མཉམ་དུ་བགོ། རང་འདོད་ཀྱི་སྨོན་ལམ་གང་ཡོད་ན་དེ་དུས་རྒྱོབ། སྐྱབས་མགོན་རྒྱལ་བའི་དབང་པོས་བོད་མི་རྣམས་གང་དུ་གནས་ཀྱང་མཐུན་སྒྲིལ་གྱིས་གསུང་གིན་འདུག ཨུ་ཚུགས་མ་རྒྱག ཕེབས་ཤོག ཕེབས་ཤོག ཕེབས་ཤོག

  27. དྲང་སྲོང་། says:
    2011-12-20 at 6:20 am

    བདེན་པ་ལགས་ཁྱེད་གསུངས་པ་དེ་བདེན་ོ་རེད། ཡིན་ཡང་རང་ལ་སྲིད་དོན་ཤེས་འབྱོན་མེད་ཙང་དོན་ཆགས་སྡང་ཡོང་བའི་རྐྱེན་ཡོང་གིས་འདུག་ང་མི་འགྲོ

  28. བདེན་པ། says:
    2011-12-20 at 2:45 pm

    ཧ་ཧ་ཧ་དྲང་སྲོང་ནི་དྲང་སྲོང་རང་རེད། ལགས་སོ་དེས་ན་ཁྱེད་ལ་ཨུ་ཚུགས་མི་རྒྱག སྐུ་ཉིད་བདེ་བར་བཞུགས།

  29. དྲང་སྲོང་། says:
    2011-12-20 at 3:41 pm

    བདེན་པ་ལགས། ཁ་སྔོན་ང་དང་པོ་ཚོགས་འདུས་ལ་སྐད་བཏང་སོང་། འགྲོ་ཡིན་ང་ནི་གྲྭ་རྐྱང་རང་ཡིན་། དེ་ནས་ལ་ལས་གོ་ས་དང་། མིང་མཐོ་ཡོང་ཡག་ལ་ནམ་རྒྱུན་རྒྱ་གར་ནས་འུ་གཉིས་ཀ་གོ་མིང་འདྲ་ཡང་སྲིད་དོན་དེ་ཁོང་མཁས་པོ་ཞིག་རེད་འདུག་་སྐབད་དེ་དུས་ཁོང་གི་ཞབས་ཕྱི་གསུམ་ཙམ་བསྒྲིག་ནས་ཕར་གྲྭ་བ་གྲོགས་མཆེད་ཀྱི་བཀའ་མུལ་ཞུས་ཚུར་ལམ་སང་ལན་མ་རྒྱབ་འདོག་བྱས་ནས་མགོ འཕང་མཐོ་བོ་འདྲ་བྱས་ནས་ཧ་ལམ་ནམ་མཁའ་ནས་མར་བབ་པའི་བཟོ་མ་གཏོགས་མི་བཟོ་འདུག་ངོ་སྙིང་རྗེ་ཡག་རེང་བཞག འབྲུག་པ་ཀུན་ལེགས་ཀྱིས་གསུངས་ཡོད་པ་བཞིན་ཤི་རྒྱུ་མིན་ན་སྐྱེས་ པོ་རེད། ཡིན་ནའང་ངས་དེ་མིང་ཐེར་འདོན མི་བཟོ་ང་རང་ལས་ངན་མི་བསགས། གང་ལྟར་བལྟས་མོ་ལྟ་ནས་བསྡ་ན དགའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme