Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“སྒྲུང་རྩོམ་དབྱར་གྱི་མེ་ཏོག”

Posted on 2016-04-242016-04-24 By ཁ་བརྡ No Comments on “སྒྲུང་རྩོམ་དབྱར་གྱི་མེ་ཏོག”

ཆབ་མདོ་ངག་ཕུན།

 
དེ་རིང་གནས་མཆོག་ཁྱད་པར་ཅན་གྱི་ཡུལ་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོའི་དྲུང་ལ་བསྡད་ནས་སྒྲུང་ཞིག་འབྲི་བར་འདོད། དེ་ཡང་སྔོན་ནུབ་ཕྱོགས་པདྨའི་ཚལ་ཞེས་པའི་རྒྱལ་ཕྲན་ཞིག་ཡོད། རྒྱལ་ཕྲན་དེའི་རྒྱལ་པོ་མཚན་ལ་ཆོས་བཟང་ཟེར་བའི་རྒྱལ་པོ་ཞིག་ཡོད་ཅིང་། རྒྱལ་པོ་དེ་ནི་ལོ་ཆུང་སྐབས་ནས་གཤིས་རྒྱུད་བཟང་ཞིང་། རང་ནུས་གང་ཡོད་ཀྱི་མི་སེར་ཉམ་ཐག་ལ་རོགས་སྐྱོབ་གང་ཐོབ་གནང་གི་ཡོད་པས། ལུང་པའི་འབངས་མི་རྣམས་ཀྱིས་རྒྱལ་པོ་དེ་ནི་སོ་སོའི་ཕ་མ་ལྟ་བུའི་འདུ་ཤེས་འཛིན་ཞིང་། ཧ་ཅང་གུས་བཀུར་དང་། ཆ་འཇོག་གནང་གི་ཡོད།
དེར་བརྟེན་མི་སེར་རྣམས་ཀྱི་རྒྱལ་པོ་དེ་ནི་ལྷ་ཞིག་ལ་ངོས་འཛིན་བྱེདཅིང་། རྒྱལ་པོ་དེས་གང་གསུང་རྡོ་ལ་རི་མོ་བྲིས་པ་ནང་བཞིན་ཉན་འཇོག་བྱེད། རྒྱལ་འབངས་དམ་ཚིག་འོ་ཆུ་གཅིག་འདྲིས་གནས་ཀྱི་ཡོད། དེ་ནས་རིམ་པས་ཡབ་ཡུམ་གཉིས་ཀྱིས་རྒྱལ་སྲས་ཆོས་བཟང་ལ་བཙུན་མོ་ཞིག་བསུས་ཏེ་མིང་ལ་ཉི་སྒྲོལ་ཟེར་བ་དང་། ཉི་སྒྲོལ་ནི་རང་བཞིན་གྱི་གཤིས་རྒྱུད་འཇམ་ལ། མི་གཞན་གྱི་དཀའ་ངལ་མཐོང་ཚེ་བཟོད་ཐབས་མེད་པའི་སེམས་ནང་སྡུག་བསྔལ་ཡོང་གི་ཡོད། བཙུན་མོ་བསུས་ནས་ལོ་གྲངས་དུ་མར་ཕྱིན་ནའང་ཕྲུག་གུ་མ་བྱུང་བས། ཡབ་ཡུམ་གཙོས་པའི་འབངས་མི་སེར་རྣམས་སེམས་ཁྲལ་གྱིསགནས་སུ་ལྷུང་སྟེ་ཡར་དཀོན་མཆོག་ལ་མཆོད་པ་དང་། མར་ངན་སློང་ལ་སྦྱིན་བ་བཏང་། ཡིན་ནའང་རིགས་སྲས་ཁྱོན་ནས་མ་བྱུང་བའི་ཀུན་གྱིས་ད་ནི་པདྨའི་ལུང་པའི་རྒྱལ་རྒྱུད་ཆད་སོང་སྙམ་པའི་སྡུག་བསྔལ་བྱེད་བཞིན་པའི་སྐབས་ལ་བཙུན་མོར་རྒྱལ་སྲས་ཡིད་དུ་འོང་བ་ཞིག་འཁྲུངས། པདྨའི་ལུང་གི་རྒྱལ་སྲིད་འཛིན་མཁན་བྱུང་སོང་ཞེས་འབངས་མི་སེར་རྣམས་དགའ་ཚོར་ཆེན་པོས་དགའ་སྟོན་རྒྱ་ཆེར་རོལ།

དེ་འདྲའི་དགའ་བདེའི་ཚོར་བ་རོལ་བཞིན་པའི་སྐབས་གློ་བུར་སྟོན་གཞུང་ལ་ནམ་མཁའི་དབྱིངས་ལ་ཆུ་འཛིན་མཁྲེགས་ཤིང་དབྱར་རྔའི་སྒྲ་དབྱགས་འཐེན་ཞིང་གློག་དམར་འཁྱུག ། གཉེན་སྐྱེས་ཚོགས་ཀྱང་ཤིང་སྡོང་འོག་ལ་བྲོས་གང་ཐུབ་བྱས། ལུང་པའི་ཕུ་ནས་ཆུ་ལོག་ཤུགས་ཆེན་པོ་འུར་སྒྲ་དང་བཅས་རྒྱུག་འོང་བ་དང་། ཟམ་པ་དང་ལམ་ཁ་ཆུས་གཏོར་བཤིག་བཏང་བ་ཙམ་དུ་མ་ཟད། མདའི་ཞིང་ཁའི་སྟོན་ཏོག་ཚང་མ་སེར་བས་བརྡུང་། ཞིང་པ་རྣམས་སྡུག་བསྔལ་གྱིས་མིག་ཆུ་རང་དབང་མེད་པ་ཤོར་བཞིན་”ང་ཚོས་ག་རེ་ཟ་དགོས་རེད་དམ་”ཞེས་སྡུག་སྐད་ཤོར་བཞིན་གནས། ཉིན་གཅིག་རྒྱལ་སྲས་དོན་འགྲུབ་ཆོས་ཞོགས་པ་སྔ་པོ་ལངས་ཏེ་རྒྱལ་ཁང་གི་ཐོག་ཁར་ཕེབས་ཏེ་ལུང་པའི་སྟོད་སྨད་ལ་བྱ་ར་མཛད། ལུང་པ་སྟོད་སྨད་སྐྱོ་ལྷང་ངེར་གྱི་རྣམ་པ་མངོན་ཏེ་རྒྱལ་སྲས་བསམ་ཞིག་གི་གནས་སུ་ལྷུང་།
དེ་ནས་མ་བྱན་སླེབས་ནས་གུས་ཞབས་ཀྱིས་”རྒྱལ་སྲས་ལགས་ཞོགས་ཇ་ཞལ་བཞེས་བར་ཕེབས་”ཞེས་ཞུས་པ་དང་། རྒྱས་སྲས་ཁ་སྐོར་ནས་རྒྱལ་ཁང་ལ་ཕེབས་ཏེ་ཞལ་ལག་བཞེས། དེ་ནས་རྒྱལ་སྲས་ཀྱིས་བློན་པོ་སྐད་བཏང་སྟེ་”ངེད་གཉིས་དེ་རིང་ཕྱི་རོལ་ལ་འཆམ་འཆམ་འགྲོ་དགོས་ཡོད་པས། ཁྱོད་ཀྱི་རྟ་ལ་སྒ་རྒྱོགས་ཤོག་”ཅེས་བཀའ་བཏང་བ་དང་། བློན་པོ་ཉི་ལྡན་གྱིས་གུས་ཞབས་ཀྱིས་ཁ་སྐོར་ཏེ་ཆིབས་ར་ལ་ཕྱིན་ཏེ་འདོ་བ་རྐྱང་དཀར་ལ་སྒ་སྟན་བསྟད་དེ་བཞོན་ཆོག་བཟོས། ཡབ་ཡུམ་གཉིས་ལ་རྒྱལ་སྲས་དེ་ལས་མེད་པའི་གང་འདོད་རང་དབང་གི་ཐོག་ནས་བྱེད་བཅུག་གི་ཡོད།

རྒྱལ་སྲས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བློན་པོ་ཉི་ལྡན་དང་མཉམ་དུ་ཕྱི་རོལ་ལ་ཕྱིན། གཞུང་ལམ་གཡས་གཡོན་ཉམ་ཐག་དུ་མ་ཞིག་ལག་ཏུ་ཕོར་པ་ཟིན་ནས་ལྟོ་སློང་བཞིན་པ་མཐོང་མ་ཐག་རྒྱལ་སྲས་ཀྱི་ལུས་ལ་གྲི་བཙུགས་པ་ལྟར་སྡུག་བསྔལ་གྱིས་ཁེངས་ཤིང་། རྒྱལ་སྲས་རྟ་ཐོག་ནས་འབབ་སྟེ་སྤང་སྟེང་ལ་བསྡད། བློན་པོ་ཉི་ལྡན་ཡང་ལམ་སང་རྟ་ཐོག་ནས་འབབ་སྟེ་རྒྱལ་སྲས་ཞབས་སྟེགས་གཏིང་བ་དང་། རྒྱལ་སྲས་ཀྱིས་ཉམ་དམའ་པོའི་ཐོག་ནས་”བློན་པོ་ལ་ང་ཚོའི་འབངས་མི་རྣམས་འདི་འདྲ་སྐྱོ་པོ་འགྱུར་དོན་གང་རེད་དམ་”ཞེས་དྲིས།
བློན་པོས་དབུགས་རིང་ཞིག་བཏང་སྟེ་”ང་ཚོའི་ལུང་པ་འདིར་སྟོན་ཉེས་རིམ་བསྟུད་བྱུང་སྟེ་ད་ལྟའི་གནས་སྟངས་དེ་བྱུང་བ་རེད་”ཅེས་ཞུས་རྗེས། རྒྱལ་སྲས་བཞུགས་གནས་ནས་ཡིད་སྐྱོ་པོ་ཐོག་ནས་བཞེངས་ཏེ་”འབངས་མི་ཉམ་ཆུང་ལ་དཀའ་སྡུག་དེ་དག་སེལ་ཐབས་ཀྱི་ཐབས་ཤེས་གང་ཡོད་དམ་”ཞེས་དྲིས།
བློན་པོ་ཉི་ལྡན་སྤུས་མོ་སར་བཙུགས་ཏེ་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཞུ་དོན། “རྒྱལ་པོ་ཐུགས་སྤྲོ་པོ་ཡོང་གི་མ་རེད་སྙམ་སྟེ་གསང་བ་བྱེད་དགོས་བྱུང་ཚུལ་”ཞུས་པས། རྒྱལ་སྲས་དབུགས་རིང་ཞིག་བཏང་སྟེ་བློན་རྒན་ཉི་ལྡན་ལ་ཡར་ལངས་དགོས་པའི་བརྡ་བསྟན། རྒྱལ་སྲས་ཀྱིས་”ཁྱོད་ལ་ཁག་མེད། ད་ངེད་གཉིས་ནང་ལ་འགྲོ་”ཞེས་བརྗོད་དེ་རྒྱལ་ཁང་ལ་ཕེབས་ཏེ་ལམ་སང་འདུ་ར་ཚོགས་དགོས་པའི་བཀའ་ཕབ་པས། ཡབ་ཆེན་གྱིས་བསམ་པ་དེ་རིང་དུས་རྒྱུན་ལྟར་མ་ཡིན་པ་རྒྱལ་སྲས་ལ་དོན་རྐྱེན་གང་ཞིག་བྱུང་བ་ཡིན་ནམ་བསམ་སྟེ་རྒྱལ་སྲས་ལ་སྐད་ཆ་དྲིས་པས། རྒྱལ་སྲས་ཀྱིས་”དེ་རིང་ལམ་ལ་སྤྲོ་སེང་འགྲོ་དུས་ཉམ་ཐག་སྐྱོ་པོ་ཧ་ལས་པ་དུ་མ་ཞིག་མཐོང་རྒྱུ་འདུག །དེ་དག་མཐོང་དུས་ངའི་སྙིང་ལ་གྲི་བཙུགས་པ་ནང་བཞིན་སྡུག་བསྔལ་བཟོད་ཀྱི་མི་འདུག་ཡབ་ཆེན་རྒྱལ་པོ་ལགས། བང་མཛོད་ལ་འབྲུ་རིགས་གང་ཡོད་འབངས་མི་སེར་ཉམ་ཐག་ཅན་རྣམས་ལ་སྦྱིན་པ་གཏོང་དགོས་དྲན་གྱི་འདུག་ན་འདུ་ར་ཚོགས་ནས་བློན་ཆེ་ཆུང་རྣམས་དང་མཉམ་དུ་གྲོས་བསྡུ་བྱེད་རོགས་གནང་”ཞེས་ཞུ་མ་ཐག་ཏུ་ཡབ་ཆེན་རྒྱལ་པོ་ཅུང་ཙམ་ཁྲོ་བའི་རྣམ་འགྱུར་དང་འབྲེལ། “དེ་འདྲ་གཏན་ནས་ཡོང་གི་མ་རེད། རྒྱལ་བརྒྱུད་དུ་མ་ཞིག་གིས་བསག་གནང་བ་རེད་ལ། རྒྱལ་ཁམས་ཕན་ཚུན་གཡུལ་འགྱེད་བྱུང་ན་དམག་ཕོག་སུ་གཏང་གི་རེད་དམ་དགོངས་པ་ཡག་པོ་བཞེས་དགོས་ཁྱོད་རང་ད་ལྟ་ལོ་ཆུང་རེད་ལ་གནས་ཚུལ་མང་པོ་ཤེས་ཀྱི་མ་རེད་”ཅེས་བརྗོད་པ་དང་།
རྒྱལ་སྲས་ཀྱིས་ཡབ་རྒྱལ་པོ་ལ་གུས་འདུད་དང་བཅས། “ཡབ་ཆེན་རྒྱལ་པོ་མཆོག་ལགས། ཡབ་ཆེན་མཆོག་གི་གསུང་པ་དེར་རྒྱུ་མཚན་འདུག་ཡིནའང་འབངས་མི་སེར་ལྟོ་ཤི་ཐེབས་ན་སྡེ་འབངས་མེད་པའི་རྒྱལ་པོ་གང་འདྲ་ཡོང་གི་རེད་དམ། འབངས་མི་ཇི་སྲིད་འཚོ་བ་དང་། དེ་སྲིད་རྒྱལ་པོ་འཚོ་ཐོབ་ཀྱི་རེད་”སོགས་ཡུན་རིང་བཤད་ཀྱང་ཡབ་རྒྱལ་པོའི་བློ་ལ་དེ་ཙམ་མ་འབབ་ཀྱང་རྒྱལ་སྲས་ངོ་མ་ཟློག་ཙམ་བང་མཛོད་ནས་ཟ་འབྲུ་གསུམ་ཆ་གཅིག་སྦྱིན་པ་གཏོང་རྒྱུའི་ཞལ་བཞེས་ཐོབ། རྒྱལ་སྲས་དགའ་ཐག་ཆོད་ནས་བློན་ཆེན་ཉི་ལྡན་ལ་”འབངས་མི་ཐག་རྣམས་སང་ཉིན་རྒྱལ་པོ་ཚང་གིས་སྦྱིན་གཏོང་གནང་གི་ཡོད་ན་མ་གོ་མ་ཐོས་མེད་པར་ཕེབས་དགོས་པའི་བརྡ་སྦྱར་ཤོག་”ཅེས་མངགས་བྱ་ལྟར་ཉི་ལྡན་གྱིས་བང་ཆེན་ས་གནས་ས་ཐོག་སོ་སོར་མངགས་ཏེ་བརྡ་སྤྲད། ལུང་པ་སྟོད་སྨད་ནས་ཉམ་ཐག་དུ་མ་རྒྱལ་ཁང་གི་སྒོར་ཞོགས་པ་སྔར་པོ་འདུ་འཛོམས་བྱུང་།

རྒྱལ་སྲས་ཞོགས་པ་སྔར་པོ་བཞེངས་ཏེ་ཞོགས་བཟས་བཞེས་ཏེ་བློན་པོ་ཉི་ལྡན་དང་གཡོག་འཁོར་རྣམས་དང་མཉམ་དུ་བང་མཛོད་ནས་འབྲུ་རིགས་བཏོན་ཏེ་ཉམ་ཐག་རྣམས་ལ་ཆོས་སྦྱིན་མཛད་པའི་ཉམ་ཐག་རྣམས་ཀྱིས་རྒྱལ་སྲས་ལ་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ཏེ་”ཁྱེད་ཀྱི་བཀའ་དྲིན་ང་ཚོ་ལྟོག་ཤི་ཐེབས་གྲབ་སྐབས་ཚེ་སྲོག་ལས་སྐྱོབ་སོང་”ཞེས་མིག་ཆུ་འཁོར་བཞིན་རྒྱལ་སྲས་ལ་ཞུ་བཞིན་ཡོད། ཡབ་རྒྱལ་པོས་བང་མཛོད་ནས་འབྲུ་རིགས་གསུམ་ཆ་གཅིག་ལས་སྦྱིན་གཏོང་བྱེད་རྒྱུའི་ལས་བཀའ་མ་ཐོག །གསུམ་ཆ་གཅིག་སྦྱིན་གཏོང་ཟིན་ཡང་ད་དུང་ཉམ་ཐག་མ་རྫོགས་པས་རྒྱལ་སྲས་ཀྱིས་ད་ནི་ཡབ་རྒྱལ་པོས་བཀའ་བཀྱོན་ག་ཚད་གནང་ན་གནང་སྙམ་སྟེ་བང་མཛོད་ཀྱི་འབྲུ་རིགས་ཚང་མ་སྦྱིན་གཏོང་མཛད། རྒྱལ་སྲས་ཀྱིས་སྦྱིན་གཏོང་མཛད་ནས་བང་མཛོད་སྟོངས་པ་བཟོས་སོང་ཞེས་ཡབ་རྒྱལ་པོ་ལ་ཞུ་མཁན་བྱུང་བ་དང་། ཡབ་རྒྱལ་པོ་ཁོང་ཁྲོ་ཚད་མེད་བཞེས་ཏེ་བཞུགས་ནས་བཞེངས་ཏེ་འབྲུ་མཛོད་གཟིགས་ཞིབ་ཀྱི་ཆེད་དུ་ཕེབས། བང་མཛོད་སྟོངས་པ་གྱུར་བ་གཟིགས་རྗེས་རྒྱལ་པོས་སྲས་ལ་”ད་ནི་པདྨའི་ལུང་པར་རྒྱུ་ནོར་མེདཔའི་སྤྲང་ལ་གྱུར་ཟིན་ན། རྒྱལ་སྲས་ཁྱོད་”མིག་གི་མཐོང་སར་མེད་པ་གང་དུ་འགྲོ་འདོད་ན་ཕྱིན་ད་ནས་བཟུང་སྟེ་ངའི་མིག་གི་མཐོང་སར་་མེད་པར་རྒྱུག་”ཅེས་བརྗོད་དེ་རྒྱལ་ཁང་ལོག་ཕེབས། དེ་ནས་ཡུམ་དང་བློན་འཁོར་རྣམས་ཀྱིས་རྒྱལ་པོར་རྒྱལ་སྲས་དོན་འགྲུབ་ཕྱི་རོལ་ཕེབས་མི་དགོས་པའི་ཞུ་བ་ནན་ཏན་ཕུལ་ཡང་རྒྱལ་པོས་སྨྲ་བ་ལན་གཅིག་ཅེས་བརྗོད་དེ་གསན་འཇོག་མ་གནང་བ་རེད།

རྒྱལ་སྲས་དོན་འགྲུབ་ཡུམ་གྱི་མདུན་དུ་ཕྱིན་ནས་དྲིན་ཅན་”ཨ་མ་ལགས་ངས་ཁྱེད་ཡབ་ཡུམ་གཉིས་ལ་དྲིན་ལས་མཇལ་ཐོབ་མ་སོང་བའི་དགོངས་འགལ་མེད་པར་མཛོད་”ཅེས་བརྗོད་དེ་ཡུམ་ལ་དབུ་ཐོད་གཏུགས་ཙམ་བྱས་ཏེ་ཤར་གྱི་ཐོག་ལ་ཐོན་ཕྱིན། བློན་པོ་ཉི་ལྡན་མཉམ་དུ་འགྲོ་གྲབས་སྐབས་རྒྱས་སྲས་ཀྱིས་”བློན་པོ་ཉི་མ་ལགས། ཁྱོད་ང་མཉམ་དུ་ཡོང་མི་དགོས། དེ་ལས་ཡབ་ཡུམ་གཉིས་ལ་རོགས་ཕན་གང་ཐུབ་གནང་རོགས་བྱོས་”ཞེས་ནན་བརྗོད་་ཀྱི་རེ་སྐུལ་བྱས་ཏེ་རྒྱལ་སྲས་གཅིག་པུ་རི་བོ་དུ་མ་བརྒལ་ཏེ་ཕྱིན། མཐར་ལུང་པ་བཀོད་ལེགས་ཡིད་དུ་འོང་བ་ཞིག་ལ་འབྱོར། དེར་རྒྱལ་པོ་དྷ་རམ་ཟེར་བའི་ཆོས་དད་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡོད།
དེར་སྲས་མོ་ལས་བུ་མེད་ཅིང་། རྒྱལ་པོས་ཕྱོགས་བཞི་གཟིགས་ཏེ་བྱ་ར་བྱེདབཞིན་པའི་སྐབས་ཕར་གེ་རི་ཁུག་ནས་མི་ཞིག་དལ་གྱིས་འོང་བ་མཐོང་སྟེ་བློན་པོ་ལ་མི་དེ་སུ་རེད་འདུག་ལྟོས་ཤོག་ཅེས་བཀའ་བཏང་། བློན་པོ་རིག་མགར་ལམ་སང་གུས་ཞབས་འགའ་བྱས་ཏེ་རྒྱལ་ཁང་ཐོད་ནས་འབབ་སྟེ་སྒོ་ཕྱེས་ཏེ་ཕར་ཙམ་ཕྱིན། གཞོན་ནུ་དེ་ཐང་ཆད་ནས་ས་ཁུག་ལ་ཉལ་མ་གཙུག་ཏུ་བསྡད།གཞོན་ནུ་ཉེ་འགྲམ་ལ་བློན་པོ་ཕྱིན་ནས་ཁྱོད་ག་ནས་འོང་བ་ཡིན་ནམ། ས་ཆ་ག་ལ་འགྲོ་རྩིས་ཡོད་དམ་སོགས་འདྲི་རྩད་གནང་བས། གཞོན་ནུ་དེས་རྔུལ་ནག་ཕྱི་ཙམ་བྱས་ཏེ་ང་ནི་ས་མཐའི་སྤྲང་འཁྱམ་ཞིག་ཡིན་པས། རྒྱབ་ལ་གོན་རྒྱུ་དང་། ཁ་ལ་ཟ་རྒྱུ་བཟས་ག་ནས་རག་ན་དེར་ང་ཡི་ལུང་པ་རེད་ཅེས་བརྗོད།
དོན་འགྲུབ་ནི་ཉིན་གྲངས་འགའ་ཤས་ལ་ལུང་བརྒལ་ཏེ་རྐང་ཐང་ལ་འོང་བས་ངོ་གདོང་སེར་ཁ་དང་ནག་པོ་ཆགས་ཤིང་། གྱོན་ཆས་ལ་ཁའི་དར་ལྕོག་ལྟར་གྱུར་ཡོད་པས། བློན་པོ་དེ་རང་བཞིན་མེད་པའི་གཞོན་ནུ་དེར་སྙིང་རྗེ་ཚད་མེད་སྐྱེས་ནས་རྒྱལ་ཁང་ལ་ཁྲིད་ནས་ཁ་ལག་སོགས་སྤྲད། དེནས་བློན་པོ་རིག་མགར་གྱིས་ལམ་སང་གཞོན་ནུ་ཁྲིད་ནས་རྒྱལ་པོ་དྷ་རམ་གྱི་མདུན་དུ་བཅར། རྒྱལ་པོ་དྷ་རམ་གྱིས་གཞོན་ནུ་ཞིབ་བར་གཟིགས་ཏེ་ཁྱེད་ལུང་པ་ག་ནས་ཡིན་ནམ། ཕ་མའི་མཚན་ལ་གང་ཟེར་བ་སོགས་དྲིས། གཞོན་ནུས་ངའི་ཕ་མ་སུ་ཡིན་མི་ཤེས། ང་ལ་བྱམས་པོ་སུས་གནང་བ་དང་། བཟས་གོས་སུས་གནང་བ་ཡིན་ན་དེར་ཕ་མ་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་བརྗོད་པས། མི་ཚོས་ང་ལ་གཞོན་ནུ་དོན་འགྲུབ་ཅེས་བཤད། རྒྱལ་པོས་བུ་ཆུང་འདི་ཧ་ཅང་རིག་པ་གྲུང་ཞིང་། བློ་གྲོས་ལྡན་པ་ཞིག་རེད་འདུག་དགོངས་ཏེ་དེ་རིང་ནས་བཟུང་སྟེ་ང་ཚོ་ལུང་པར་སྡོད་ཅེས་ལབ།

གཞོན་ནུ་དོན་འགྲུབ་ཀྱིས་བཀའ་དྲིན་ཆེ་གནང་ཞེས་ཞུས་ཞིང་། དུས་དེ་ནས་བཟུང་སྟེ་ལུང་པ་དེར་བསྡད་དེ་རྒྱལ་བློན་གྱི་བཀའ་གང་གནང་བ་རྣམས་རྡོར་རི་མོ་བྲིས་པ་ལྟར་ལས་དོན་གནང་གི་ཡོད་པས། རྒྱལ་འབངས་ཀུན་གྱིས་གཞོན་ནུ་དོན་འགྲུབ་ལ་བློ་སེམས་མགུལ་ཞིང་། ཐམས་ཅད་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད། དེར་བརྟེན་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་གཅིག་ལ་རྒྱལ་པོའི་སྲས་མོ་ལྷ་མཛེས་དང་གཞོན་ནུ་དོན་འགྲུབ་གཉིས་གཉེན་སྟོན་བྱ་རྒྱུ་ཡིན་པ་ཀུན་ལབསྒྲགས་ཏེ་གཉེན་སྟོན་གྲ་རྒྱས་པ་ཞིག་བཏང་བ་རེད། (སྒྲུང་རྫོགས་མེད།)

ཆབ་མདོ་ངག་ཕུན་ནམ་ཆབ་ངོམས་ཨ་ཚོགས་ཀྱིས། 2016/2/13

བརྩམས་སྒྲུང་།

Post navigation

Previous Post: ལྗོངས་རྒྱུ་ལ་སྦྱིན་བདག་ཞུ་ཐུབ་མ་སོང་བས་དགོངས་དག
Next Post: ཡོ་རོབ་མནའ་འབྲེལ་དང་ཏུར་ཁ། གསེ་རི་ཡའི་སྐྱབས་བཅོལ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme