Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྲུང་གཉིས་དང་རྣག་ཐོག་ཁབ་གཙགས།

Posted on 2011-02-24 By དགེ་རབ་ 13 Comments on སྒྲུང་གཉིས་དང་རྣག་ཐོག་ཁབ་གཙགས།

ཉིན་འགའ་ཡི་སྔོན་ བཙན་བྱོལ་ནང་གི་མཁས་པ་ཞིག་ལ་གླེང་མོལ་ཞུ་རྒྱུའི་གོ་སྐབས་བྱུང་། བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་སྐོར་ལ་སྐད་ཆ་བཤད་པ་ཡིན། ང་ཚོས་འོས་མི་འདི་ལ་བཟང་དང་སྐྱོན་འདི་འདུག་སོགས་མང་ཙམ་བཤད་པའི་མཐར་ཁོང་གིས། “ད་ང་ཚོའི་དམངས་གཙོ་འདི་ལ་བྲོ་བ་ཞིག་འདུག བཀའ་བློན་ཁྲི་པའི་འོས་མི་གསུམ་ག་མི་སྐྱ་ཡིན་སྟབས་ང་ཚོ་ལ་སྐྱོན་བརྗོད་བྱེད་རྒྱུ་དང་བསྔགས་བརྗོད་བྱེད་རྒྱུ་གང་ཡིན་ཡང་བྱེད་ཆོག་ཆོག་ལྟ་བུ་ཞིག་ཡོད་པ་རེད། གལ་སྲིད་འོས་མི་དེ་ཚོ་སྟོན་པའི་མནབས་བཟའ་མཆོད་ཡོད་མཁན་དག་ཡིན་ཚེ་འདི་འདྲ་ཡོང་མི་སྲིད།”ཅེས་གསུངས་སོང་། འདི་ངའི་སྒྲུང་དང་པོ་དེ་ཡིན།
སྒྲུང་གཉིས་པ་དེ་ལོ་མང་པོའི་སྔ་རོལ་ལ་འདེད་དགོས་བྱུང་། དེ་ཡང་བསྟན་འཛིན་མགོན་པོ་ནས་བརྩམས་ཏེ་ཞུ་དགོས་བྱུང་། བསྟན་འཛིན་མགོན་པོ་ནི་ལོ་རབས་དགུ་བཅུའི་ནང་བོད་ཀྱི་གསར་འགྱུར་གྱི་ཡོང་ཁུངས་ཤིག་རེད། རྡ་སའི་སྲང་ལམ་གཡས་གཡོན་དུ་ཡོད་པའི་རྡོ་རྩིག་དེ་འདྲའི་ཐོག་ནས་བཞུགས་ནས་ རླུང་འཕྲིན་ཞིག་ལ་ཉན་ཏེ་ཡོད་པ་ཡང་ཡང་མཐོང་གི་རེད། འོན་ཀྱང་དེ་ནི་ངའི་བརྗོད་གཞི་མིན། ཁོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་བར་རྩོད་པ་ཞིག་བྱུང་བ་རེད། སྐབས་དེར་ཚོགས་གཞོན་བྱ་དུར་བཟང་པོས། “ཁྱོད་ལ་ལས་ཀ་དམིགས་བསལ་མི་འདུག རྡ་རམ་ས་ལར་བསྡད་ན་འགྲོ་སོང་ཆེན་པོ་རེད། ཁྱོད་ཀྱི་སྒོར་མོའི་ཡོང་ཁུངས་གང་ཡིན།”ཞེས་དྲི་བ་དྲིས་པ་རེད། ད་དུང་ཚོགས་གཞོན་འདིས་འདི་ལྟར་དྲི་བ་འདྲི་བ་ནི་རང་གི་འཇོན་ཐང་ངམ་རིག་རྩལ་ལྟ་བུ་ཞིག་ལ་བརྩིས་ནས་ངོམ་སོ་བྱས་པ་རེད། དེ་ངའི་སྒྲུང་གཉིས་པ་ཡིན།
ངས་སྒྲུང་འདི་གཉིས་ཀྱི་བར་ནས་བོད་ཡིག་འབྲི་མཁན་ཚོར་ཞུགས་ཡོད་པའི་རྣག་ཅིག་ངོ་སྤྲོད་བྱེད་བསམས་པ་ཡིན། རྣག་ཆེན་པོ་ཞིག་རེད་འདུག དེ་ལ་ཁབ་ཆུང་ཆུང་ཞིག་གིས་གཙགས་བསམས་པ་ཡིན། ང་ཚོས་དམངས་གཙོའི་གོ་སྐབས་འདི་བེད་སྤྱོད་བྱེད་གི་ཡོད། ད་ཉེ་ཆར་གྱི་བོད་ཡིག་དྲ་ངོས་དག་ལ་བལྟས་ན། ང་ཚོའི་མིའི་གཤིས་ཀ་ཞིག་སྟེ། རྩོམ་པ་པོ་དང་མཆན་འདེབས་པ་པོས་ཅི་ཞིག་བཤད་ཡོད་པ་དེ་ལ་ལན་མི་འདེབས་པར། རྩོམ་དང་མཆན་བུ་འབྲི་མཁན་གྱི་སྟེང་ལ་མཆོངས་འགྲོ་གི་འདུག བདེན་པ་རི་འདྲ་ཞིག་མདུན་ལ་བཞག་ན་ཡང་། ད་དུང་མཆན་དང་རྩོམ་འབྲི་མཁན་གྱི་ཀུན་སློང་ལ་སྐྱོན་འདོགས་པ། ཁོང་ཚོའི་སྒེར་བབས་ལ་སྐྱོན་འདོགས་པ། ཁོང་ཚོའི་ནང་མི་ལ་སྐྱོན་འདོགས་པ་འདི་འདྲ་གནང་ཡོང་གི་འདུག འདི་དག་ནི་ཧ་ཅང་སྤང་འོས་པའི་སྤྱོད་པ་ཤ་སྟག་རེད། འདི་ནི་རྣག་དེ་རེད། རྣག་འདི་མི་མང་པོ་ལ་འདུག དེ་ལ་ཁབ་ཆུང་ཆུང་འདིས་གཙགས་ཡོད།
ང་ཚོ་ཚང་མ་བཤད་རྒྱུ་ལ་དགའ་པོ་ཡོད་རེད། བཤད་རྒྱུ་དེ་ཡང་མ་བཀླགས་མ་བརྟག་པར་བཤད་རྒྱུ་ལ་དགའ་པོ་ཡོད་རེད། སྐད་ཆ་ཞིག་བཤད་འདོད་ན། ཐོག་མར་དེའི་ཁུངས་བཙལ། དེའི་རྒྱུ་ཆ་ལ་བརྟགས། དེ་ནས་ཁུངས་ལུང་དང་བཅས་བཤད་ཐུབ་ན་ནི་ཧ་ཅང་ལེགས་མོད། དེ་འདྲ་ནི་ང་ཚོའི་གོམས་གཤིས་ལ་མེད་སོང་བ་རེད། རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་བ་དེ་ད་ལྟའང་མ་འགྱུར་བར་བསྡད་ཡོད་པ་རེད། ཚིག་ཐོག་ལ་སོང་བའི་རྐྱེན་དེ་ལ་བརྟེན་ནས་ གནས་ཚུལ་དང་བསམ་ཚུལ་མ་བསྲེ་ཞེས་པའི་གོམས་གཤིས་དེ་མེད་སོང་བ་རེད། ཨེ་རེད།

རྩོམ་རིག

Post navigation

Previous Post: པོན་ཌི་ཅ་རི་ནས་ཀོ་རི་ཡའི་གློག་བརྙན་གྱི་ཤུགས་རྐྱེན་མཐོང་བ་།
Next Post: བོད་ཀྱི་དུས་བབ་ནས་རྡོག་ཐོན་བྱས་རྗེས་ཀྱི་གཏམ།

Comments (13) on “སྒྲུང་གཉིས་དང་རྣག་ཐོག་ཁབ་གཙགས།”

  1. ཀེ་ཏ་ཀ says:
    2011-02-24 at 9:09 am

    རེད་རེད། རྣག་དེ་རྩོམ་འབྲི་མཁན་དང་མཆན་འདེབས་མཁན་ཙམ་མ་ཡིན་པར་རྩོམ་འགོད་མཁན་ལའང་ཡོད་པས། ཁབ་རྩེ་འདིས་རྣག་ཆ་ཚང་གཏིང་ལོན་མི་ཐུབ་ཀྱང་དེ་དག་མཉམ་གཅིག་ཏུ་བརྟོལ་ཐུབ་པར་ཤཀྱཱ་ཐུབ་པས་སྲུང་།

  2. མི་ says:
    2011-02-24 at 9:10 am

    རང་གི་མགོ་རྣག་གིས་ཟིན་ཡོད་པ་ལ་ཁབ་གཙགས་རེ་བྱེད་རྒྱུ་ཤེས་མེད་པ་འདྲ།

  3. ཤར་ཕྱོགས་ཁུག་རྟ། says:
    2011-02-24 at 9:27 am

    སྒྲུང་དང་པོ་དེ་ཕལ་ཆེར་བདེན་མིན་མི་ཤེས། མནའ་བཟའ་མཆོད་མཁན་གོང་ན་མེད་དག་ལ་བཤད་རྒྱུ་རག་ན་ཤོད་རྒྱུ་ད་བར་ཐེ་ཚོམ་བྱས་མྱོང་མེད་པ་རེད།
    དེ་ནས་མ་བརྟག་མ་དཔྱད་མ་བཀླགས་མ་མྱང་བར་འབྲི་ཁུལ་བྱེད་པའང་བདེན་པ་རེད་དེ། བརྟག་ནས་མྱོང་བ་ཐོན་མཚམས་ཕར་ནང་ཅིག་མཐོང་མདོག་སྟོན་པ་དེ། འགྲིག་མི་འགྲིག་ལ་ལྟ་རྒྱུའི་གོམས་གཤིས་ཀྱང་མེད་པ་འདྲ། གང་ལྟར་མཚམས་རེར་དོན་མེད་དུ་དགོད་བྲོ་བ་ཞིག་ནི་རེད།

  4. རིན་པོ་ཆེ། says:
    2011-02-24 at 9:48 am

    སྐུ་སྲུང་མདའ་དཔོན་ཀེ་ཏ་ཀ་ཡང་སླེབས་འདུག འགོད་མཁན་ཟེར་ནས་སྐད་རྒྱག་གི་འདུག་གཱ ཅིག་མ་འགྲིག་ནི་མིན་ནམ། ཧཧཧཧཧ

  5. འཇིག་མེད་ says:
    2011-02-24 at 11:43 am

    སྒྲུང་གཉིས་ཀར་ལ་ཆོ་མིན་འདུག

  6. ལྡོང་གསེར་མིག says:
    2011-02-24 at 12:30 pm

    བཀུར་འོས་རབ་གསལ་ལགས། ངའི་རྣག་དེ་འཆན་འགོད་པ་སྒེར་ཐོག་ཏུ་བཟུང་བ་མ་ཡིན་པར་རྩོམ་བྲིས་པའི་རྩོམ་ལ་བརྟགས་ཏེ་རྣོག་ཐོག་ཏུ་ཁ་གཙགས་བྱེད་ན་འདོད། སྐུ་རྩེད་ཡིན།

    དང་པོ། ངའི་བསམ་བློར་ཁྱེད་ཀྱིས་བཀའ་འདྲི་ཞུ་སའི་བཙན་བྱོལ་ནང་གི་མཁས་པ་དེར་མཁས་པའི་ཐ་སྙད་མི་འབུལ་རོགས། གང་ཡིན་ཟེར་ན ཁོང་གིས་ “གལ་སྲིད་འོས་མི་དེ་ཚོ་སྟོན་པའི་མནབས་བཟའ་མཆོད་ཡོད་མཁན་དག་ཡིན་ཚེ་འདི་འདྲ་ཡོང་མི་སྲིད།” ཞེས་གསུངས་འདུག ལས་ཐོག་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སྟོན་ནབ་བཟའ་མཆོད་མཁན་ཞིག་ཡིན་ན་ཡང། བཀའ་ཁྲིའི་འོས་བཞེངས་དང་། ཕྱག་ལས་ཀྱི་དུས་ཡུན་སྐབས། སྤྱི་ཚོགས་ཁྲོད་ནས་གླེང་སློང་མང་ཙམ་བྱུང་དང་འབྱུང་བཞིན་པ་དེའང་མཁྱེན་མི་འདུག ངའི་བསམ་བློར་ད་ལྟའི་ཆར་ཡང་བཀའ་ཁྲིའི་འོས་མི་གསུམ་ལ་བཟང་ངན་གཉིས་ཀྱི་ཕྱོགས་ནས་གླེང་སློང་འདྲ་མིན་བྱེད་པ་ནི་དམངས་གཙོའི་ཁྱད་ཆོས་ཞིག་ཏུ་བསམ་བསྡད་ཡོད། འོན་ཀྱང་རེ་འགས་ལྟག་སྒོ་རྒྱབ་འཛུལ་གྱིས་མི་དགོས་ས་ནས་སྐྱོན་འཛུགས་པ་རེའང་ཡོད་སྲིད།

    གཉིས་པ། བསྟན་འཛིན་མགོན་པོའི་སྐོར་རེད། “ད་དུང་ཚོགས་གཞོན་པ་༼བྱ་དུར་བཟང་པོ་༽འདིས་འདི་ལྟར་དྲི་བ་འདྲི་བ་ནི་རང་གི་འཇོན་ཐང་ངམ་རིག་རྩལ་ལྟ་བུ་ཞིག་ལ་བརྩིས་ནས་ངོམ་སོ་བྱས་པ་རེད།” ཅེས་ལོ་མང་པོ་ཞིག་གི་སྔོན་དུ་བྱ་དུར་བཟང་པོས་ཁྱོད་ཀྱི་སྙིང་རྩ་རུ་བསགས་བཅུག་པའི་རྣག་འབུར་དེ་ད་དུང་སངས་མི་འདུག ངའི་བསམ་བློར་དེ་ལྟར་བྱས་པ་ནི་ཚོགས་གཙོ་གཞོན་པ་བྱ་དུར་བཟང་པོའི་འཇོན་ཐང་རེད་བསམ། གང་ཡིན་ཟེར་ན་ཕ་རོལ་བོའི་བྱས་ཉེས་ཡོད་མེད་ལ་མ་ལྟོས་པར། གདོང་ལ་མཆོང་ནས་དྲི་བ་འདྲི་ཕོད་པ་ཕོ་རྒོད་ཅིག་གི་ལས་ཀ་རེད། རབ་གསལ་ལགས། དགོངས་པ་ཁྱོན་ནས་མ་འཚོམས། ཡུམ་དུམ་པ། རྣམ་དཔྱོད་ཅན་གྱི་བྱ་དུར་ལྟ་བུའི་རིགས་ང་ཚོའི་སྤྱི་ཚོགས་ཁྲོད་གཅེས་ཀི་དགོས་གི། དེས་ན་དང་པོ་ཁྱོད་ཀྱིས་གཞན་གྱི་རྣག་མ་རལ་གོང་ཁྱོད་ཀྱི་རྣག་ཐོག་ཏུ་ཁབ་ཆེན་པོ་ཞིག་གིས་གཙགས་བྱེད་རོགས། ཁབ་ཆུང་ཆུང་གིས་ཡོང་མིན་མི་ཤེས་གི་གོ། ས་ག་ས་དོག

    གསུམ་པ། ཁྱོད་ཀྱིས་ “ང་ཚོའི་མིའི་གཤིས་ཀ་ཞིག་སྟེ། རྩོམ་པ་པོ་དང་མཆན་འདེབས་པ་པོས་ཅི་ཞིག་བཤད་ཡོད་པ་དེ་ལ་ལན་མི་འདེབས་པར། རྩོམ་དང་མཆན་བུ་འབྲི་མཁན་གྱི་སྟེང་ལ་མཆོངས་འགྲོ་གི་འདུག” དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། གང་ཡིན་ཟེར་ན། མང་པོ་ཞིག་གིས་མཆན་གྱི་གོ་དོན་ལ་མི་བརྟགས་པར་འབྲི་མཁན་གྱི་མིང་གཅིག་པུར་བལྟས་ཙམ་གྱི་རྗེས། ཕ་རོལ་གྱི་སྐྱོན་མཚངས་བསྔོག་ཐབས་ཀྱི་ལས་ལ་ཞུགས་མཁན་མང་ཙམ་ཡོད་པ་འདྲ། གང་ལྟར་ང་ཚོ་ཚང་མའི་ངོས་ནས་ཕན་ཚུན་བརྩི་བཀུར་དང་བསམ་ཤེས་ཀྱི་ལམ་ནས། ལེགས་སྤེལ་ཉེས་འགོག་གི་རྩོམ་བྲིས་དང་མཆན་ཡིག་འགོད་རྒྱུ་ཤིན་ཏུ་གལ་ཆེ། མཐར། ཁ་བརྡའི་སྐུ་ཚེ་བརྟན་ཞིང་། བོད་མི་རིགས་ཀྱི་བདེན་མཐའི་འོད་སྣང་ཡིག་ཐོག་ཏུ་འཁོད་པའི་དྲ་རྒྱ་ཐོག་མ་རུ་འགྱུར་བར་ཤོག །

  7. ཨ་རིག་དགེ་མཐོང་། says:
    2011-02-24 at 4:05 pm

    ཨ་རི་ན་ཡོད་ནི་འདི་ཚོ་འདྲ་རྒྱུ་མི་འདུག དཔེར་ན། བཀྲས་མཐོང་ལོ་དྲུག་ཅུ་རེད་ལབ་ན་སུས་རྣ་བར་འགྲོ། དགེ་རབ་ཀྱི་རིག་པ་དྭངས་མོ་འདི་འདྲ་ཞིག་དེང་སང་བོད་ཁྱིམ་གྱི་བྱིས་པ་ཚོ་ར་མེད་ཁུ་ཡ།དེ་རིང་གི་འདི་རྣག་ཐོག་ཁབ་གཙགས་ཤིག་སོ་ཅང་བྱེད་ཐུབ་མེད་ཁུ། འོན་ཀྱང་ཉེན་བརྡ་འམ་གོ་རྒྱུ་ཅན་གྱི་སྐད་ཆ་ཞིག་བཤད་འདུག
    ཁ་སང་ཁ་ཅིག་གིས་བཅར་འདྲི་བྱས་པ་མ་ཀློག་ནས་ངར་ལངས་ཀི་ཡོད་ཐ།

  8. ཨ་རིག་དགེ་མཐོང་། says:
    2011-02-24 at 4:16 pm

    བཤད་རྒྱུ་ཞིག་ལྷག་སོང་ཟིག སྒྲུང་དང་པོ། ད་ལོའི་བཀའ་ཁྲིའི་ནང་དུ་གྲྭ་བ་ཞིག་མེད་ནོ་མ་གཏོགས་ཡང་བླ་རྒན་ཚོ་ཟེར་ནས་ཡོད་ཚོད་ལ་ཁ་གཏོང་ངེས་རེད། དེ་ནི་ངས་ལམ་འགྲོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།

    སྐབས་རྗེས་མ་བཀའ་ཁྲི་ཚོས་སྒོར་མོས་འགྲོ་གྲོན་བཏང་ནས་སྤྱི་ཚོགས་ལ་འཁྲུག་ཆ་དོད་པོ་ཡོང་ནོ་ཁོ་ཐག་རེད།
    ཕལ་ཆེར་གཅིག་ཐེངས་ན་མྱི་གསོད་རྒྱུ་རེད། ད་དུང་རྡ་རམ་ས་ནས་མཉམ་དུ་འདུག་རྒྱུ་ཡང་དཀའ་ངལ་འཕྲད་རྒྱུ་རེད། གཅིག་ཐེངས་ན་ད་ལོ་མྱི་གསོད་རྒྱུ་རེད། ཁ་སང་སྔོན་མ་དུས་བབ་ཟིན་བྲིས་སུ་ལི་ཐང་བ་ཞིག་གིས་བློ་སེང་ལ་བཀའ་ཁྲི་མ་ཐོབ་ན་རྙོག་དྲ་བཟོ་ངེས་ཡིན་ཟེར་ནས་བྲིས་འདུག

    ད་ལོའི་བཀའ་ཁྲི་འདེམས་སྟངས་ཐད་ནས་མི་རབས་རྒན་གཞོན་དབར་དུ་རྩོད་རྙོག་འདྲ་བོ་ཞིག་དང་། ཡང་སྐྱ་སེར་གཉིས་ཀྱི་དབར་དུ་འགལ་ཟླ་ལྟ་བུའི་ཚོར་བའམ་རྣམ་པ་ཞིག་ཐོན་སོང་།
    དཔེར་ན་གདན་ས་ཁག་དང་དགོན་སྡེ་ཁག་ནས་བློ་སེང་ལ་རྒྱབ་སྐྱོར་མང་མོས་དང་། ཨ་རི་སོགས་གཞན་ནས་བཀྲས་མཐོང་ལ་རྒྱབ་སྐྱོར་མང་མོས་ཐོབ་པ་དེས། ཕན་ཚུན་མགོ་རྨོངས་མ་རྨོངས་ཀི་སྐད་ཆ་བཤད་ཀྱིན་འདུག

    ད་རྙོག་དྲ་ཇེ་ཆེ་རེད། གསུམ་པའི་ཉི་ཤུ་ཉིན་ཚང་མས་མ་བརྗེད་རོགས་ཞུ

  9. ལ་རྒྱའི་བདག་པོ། says:
    2011-02-24 at 10:09 pm

    དྲ་གྲོགས་ཨ་རིགས་དགེ་མཐོང་ལགས་དང་དགེ་རབ་ལགས་བཀྲིས་བདེ་ལེགས།
    ངས་རྒྱུ་དུ་ནས་ཁྱེད་ཚོར་གདེང་མཆོག་བྱེད་པ་བཞིན་དོན་ལ་གནས་བཞིན་ལགས་ན་མུ་མཐུད་ནས་བློ་སྤོབས་སྐྱེས་ཤིག་
    ༡༽དངོས་གནས་ཡ་མཚན་རེད།་མི་འགའ་ཤས་ཀྱི་བློ་སེང་ལ་བཀའ་ཁྲིའི་སྐུ་སྟེགས་མ་རེག་ན་ཁོང་གིས་བོད་གཞུང་ནང་ལས་ཀ་བྱེད་ཀྱི་མ་རེད་ཟེར་བ་།
    ༢༽བློ་སེང་ལ་འོས་མ་ཐོབ་ན་མི་མང་སེམས་ཤུགས་ཆགས་ཀྱི་རེད་ཟེར་བ།
    ༣༽བློ་སེང་ལ་འོས་མ་ཐོབ་ན་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་ཡིན་ཟེར་བ།
    ༤༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཆོལ་ཁའི་ཞེན་འགོག་རེད་ཟེར་བ།
    ༥༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་སྐུ་དྲག་གི་རྒྱུག་ཁྱི་རེད་ཟེར་བ།
    ༦༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་བོད་ལ་རེ་བ་མེད་ཚུལ་བརྗོད་པ།
    ༧༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཆིག་སྒྲིལ་ལ་གནོད་ཀྱི་ཡོད་སྐོར་བརྗོད་པ།
    ༨༽བློ་སེང་ཕམ་ན་བོད་ཕམ་པ་རེད་ཟེར་བ།
    ༩༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཤ་རུས་གཅིག་པའི་སྤུན་ཟླའི་འབྲེལ་བ་ཡང་གཅོད་རྩིས་ཀྱི་སྐོར་བརྗོད་པ།
    ༡༠༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་རྙིང་ཞེན་རེད་ཟེར་བ་བཅས་ལ་བལྟས་ན་བོད་མི་མང་འཇིགས་དང་།མི་མང་གི་མང་གཙོའི་བསམ་བློར་དུག་སྐྱོན་ཤུགས་ཆེན་བཏང་བ་ཞིག་རེད།
    ང་ཚོས་མང་གཙོའི་ལམ་སྲོལ་བཟང་པོ་དེ་བེད་སྤྱད་ནས་ལུགས་མཐུན་གྱི་འོས་བསྡུའི་འགྲན་རྩོད་ནང་མི་མང་ཚང་མས་མཉམ་ཞུགས་བྱས་པ་དང།རང་རང་ཕྱོགས་གཏོགས་སམ་ཁ་གཏད་ལ་དགེ་སྐྱོན་བརྗོད་རྒྱུ་ཡིན་པ་སྨོས་མེད་དགོས་པ་རེད།དེར་སེམས་སྦུག་དོག་པོས་བཟོད་མི་ཐུབ་པ་གང་ཡོད་དམ།
    ང་ཚོས་ད་ལྟའི་དུས་འདིར་བཀའ་ཁྲིའི་འོས་མི་གསུམ་པོ་སོ་སོའི་དགེ་སྐྱོན་རྣམས་་བཀའ་ཁྲིའི་རྩ་བའི་འོས་ཆོས་བརྒྱད་དང་འབྱར་ནས་དགེ་སྐྱོན་ཤུགས་ཆེན་གླེང་དགོས་པའི་དུས་ཚོད་ཅིག་རེད།
    ལྷག་པར་དགེ་རབ་ཀྱིས་འཁྱེར་ཡོང་བའི་བརྗོད་གཞི་ནང་བཞིན་འོས་མི་གསུམ་པོའི་ཆབ་སྲིད་ལྟ་བ་དང་ལངས་ཕྱོགས།ཆབ་སྲིད་ཀྱི་གནད་དོན་བཅས་ལ་བརྡར་ཤ་གཅོད་རྒྱུ་གལ་ཆེན་པོ་རེད།
    མཐའ་མ་བརྡར་ཤ་བཅད་པའི་རྗེས་ལ་བཙན་བྱོལ་མང་གིས་འོས་མང་ཤོས་ཐོབ་མཁན་གྱི་སྐྱེ་བོ་དེ་གཟི་བརྗིད་ལྡན་པའི་བཀའ་ཁྲི་ཞིག་བྱེད་ཐུབ་ཀྱི་རེད།

  10. ལ་རྒྱའི་བདག་པོ། says:
    2011-02-24 at 10:15 pm

    ཨང་༡༠དེར་འཇིགས་དང།(འཇིགས་སྐུལ་)ཞེས་པར་བཅོས་རོགས།

  11. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2011-02-24 at 11:49 pm

    ཁྱོད་ཀྱིས་གླེང་མོལ་བྱེད་སའི་མཁས་པ་དེ་སུ་རེད། ད་བར་མགོ་ཨི་ཁུང་དུ་བརྒྱུས་ནས་སྡོད་མཁན་ཞིག་ཡིན་ནི་མིན་ནམ། དངོས་གནས་ཡིན། ངས་བསམ་ན་ང་ཚོའི་སྤྱི་ཚོགས་འདིའི་ནང་དུ་མགོ་རྒྱལ་བ་རིན་པོ་ཆེ་ནས་མཇུག་རས་དམར་སེར་གཡོག་མཁན་ཞིག་གི་བར་གྱི་མི་རྣམས་ལ་སྐྱོན་བརྗོད་དང་སྐྱོན་འདོགས་མ་བྱས་ས་ཞིག་ལྷག་མེད་སྙམ། དྲང་མོ་ཡིན། མི་ཁ་ཤས་ཀྱིས་ག་དུས་ཡིན་ཡང་རང་ཉིད་གྲུང་མདོག་བསྟན་ནས་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱེད་ཀྱིན་འདུག དེ་ནི་ཁོ་ཚོ་གླེན་དྲགས་པས་རེད། མི་ཚང་མས་ཁ་ནས་ཤོད་མིན་ལ་མ་བལྟས་པར་དོན་ངོ་མ་ཅི་འདྲ་ཞིག་ཡིན་མིན་སེམས་ན་ཁྲིགས་ཁྲིགས་ཡིན་ནི་རེད། སུས་སུ་ལའང་མགོ་སྐོར་གཏོང་ཐུབ་ནི་མ་རེད། གལ་སྲིད་ཐུབ་པའི་དབང་དུ་བཏང་ཡང་གནས་སྐབས་ཙམ་རེད། སྐད་ཆ་བཤད་ན་བདེན་པ་བདེན་ཐུབ་བཤད་ན་ཡག་ནི་རེད། གཟི་བརྗིད་ཅིག་ཡིན་ནི་རེད།

  12. རིན་པོ་ཆེ། says:
    2011-02-25 at 3:05 am

    སྐྱོན་བརྗོད་བྱེད་ས་ཡོད་པ་དང་བྱེད་མཁན་ཞིག་བྱུང་ན་རང་ཉིད་ལ་སྐྱོན་ཡོད་མེད་ཞིབ་འཇུག་གཅིག་བྱས་ཏེ་དངོས་བདེན་ཡིན་ཡིན་ཡར་རྒྱས་འགྲོ་བའི་རེ་བ་ཡོད་པ་དང།གལ་ཏེ་མདགའ་འཁོན་འཛིན་གྱིས་གཞི་མེད་སྐྱོན་འདོགས་ཡིན་ན་རང་ལ་དེ་བས་བློ་རྩ་གཏན་པོ་དང་སོ་སོར་ཡིད་ཆེས་ཆེ་རུ་འགྲོ་ཡི་རེད།སྐྱོན་བརྗོད་འགྲོ་ས་མེད་མཁན་ཡིན་ན་རང་ཉིད་ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་རིམ་པས་མི་ཚོས་ཁ་ཡ་མ་བྱས་པར་གྲོགས་མེད་གཅིག་པུར་བཞག་གི་རེད།ཡིན་ནའང་མི་གཞན་ལ་སྐྱོན་བརྗོད་བྱེད་སྐབས་སྐུལ་སློང་བཟང་པོ་དང་ཕན་སེམས་བཅངས་ནས་སྐྱོན་ཡོད་པ་བཤད་དེ་ལེགས་བཅོས་བྱ་རྒྱུར་དམིགས་ནས་བཤད་ན་ཡག་པོརེད།མི་གཞན་གྱིས་ཉན་སྲིད་པ་རེད།་དེ་མིན་མི་དགའ་འཁོན་འཛིན་གྱིས་གཞི་མེད་སྐྱོན་འཛུགས་བྱས་ཚེ་གཞན་གྱིས་ཀྱང་དེ་མཚུངས་རྒོལ་ལན་སློག་རྒྱུ་ཡིན་ན།་ལས་རྙོག་དེ་རིགས་བྱེད་མི་ཉན།་བཀའ་བློན་ཁྲི་པ་ཡག་པོ་ཞིག་སླེབ་རྒྱུར་དགེ་འདོན་སྐྱོན་སེལ་གྱི་ལམ་ནས་བགྲོ་གླེང་བྱས་པ་བརྒྱུད་མི་རྩེ་ཕུད་གཅིག་ཡོང་ཐུབ་པ་བྱ་རྒྱུ་མི་ཚང་མའི་བསམ་ཚུལ་རེད།འོན་ཀྱང་མི་འགའ་རེས་རང་གི་འདོད་པྱོགས་དང་རང་གི་ཆོལ་ཁ་འམ་ལུང་ཚན་གྱི་གཞེན་ཁོག་བྱས་ཏེ་ཨ་ན་ཨུ་ཚུགས་ཀྱིས་མི་དེ་གདམ་དགོས་ལབ་པ་མ་ཟད།ཁོ་མ་བྱུང་ན་བོད་ཤོར་བ་དང་སྤྱི་ཚོགས་ནང་ཟིང་ལོང་ཡོང་རྒྱུ་ཟེར་བ་དེ་རིགས་བཙན་གཏམ་ཡིན་ན་མི་སུས་ཀྱང་སྐད་ཆ་དེ་ལྟར་བཤདན་དགའ་མོས་ཡོང་རྒྱུའི་ཚབ་ཏུ་མི་དགའ་བ་ཆགས་ཏེ་སོ་སོའི་འོས་འཔེན་བྱེད་ཡུལ་ལ་གནོད་གཞི་ཡོང་རྒྱུ་ཡིན་ན་དེ་རིགས་མི་གནང་བ་ཞུ།་དེ་ནས་གདན་སའི་ནང་གི་རིགས་ལམ་སློབ་གཉེར་བ་རྣམས་དངོས་འབྲེལ་བྱས་ན་འཇིག་རྟེན་མི་ནག་ལས་བློ་རྒྱ་ཡངས་པ་དང་ཉན་ཤེས་གོ་ཤེས་དགོས་ཀྱང་རིགས་གཅིག་ལ་ཕ་ཡུལ་ལ་རྒྱ་ལས་གཞན་གྱི་བམས་ཚུལ་མི་འདྲ་བ་འགྲོ་ས་མེད་པ་དེར་དངོ་གནས་ཡ་མཚན་སྐྱེ་གཞི་རེད་ཨང།རིགས་ལམ་སྦྱང་ནས་རིགས་པ་དངས༌གསལ་དུ་འགྲོ་རྒྱུའི་ཚབ་ཏུ་ཨུ་ཚུགས་ཚ་པོ་དེ་འདྲས་ཡོང་རྒྱུ་དེ་འདྲ་གང་ཡིན་ན་དྲན།་བཀའ་བློན་ཁྲི་པའི་འོས་གཞིའི་ཐོག་བཤད་ཀྱི་ཡོད།དགེ་འདུན་པ་ཚང་མར་ཞུ་གི་མེད།

  13. རིན་པོ་ཆེ། says:
    2011-02-25 at 3:12 am

    མགྱོགས་པོ་བྲིས་ཙང་ཡིག་ནོར་དང་ཆད་ལུས་ཡོང་གི་འདུག་གོང་གི་མཆན་ནང་བམས་ཞེས་པ་བསམ་ཚུལ་དང་དངོ་ཞེས་པ་དངོས་བཟོ་བཅོས་ཡོང་བ་ཞུ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme