Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྱུར་རྩོམ་༼མཚན་མོ་༽འགུལ་སྟངས་ཤིག་ལས་༼ནག་ཚང་ཞི་ལིའི་སྐྱིད་སྡུག༽དང་བསྡུར་བ།

Posted on 2020-01-142020-01-15 By ཁ་བརྡ་ No Comments on སྒྱུར་རྩོམ་༼མཚན་མོ་༽འགུལ་སྟངས་ཤིག་ལས་༼ནག་ཚང་ཞི་ལིའི་སྐྱིད་སྡུག༽དང་བསྡུར་བ།

———-ཁྲོ་གཏུམ། ༼ཨོ་གླིང་༽

སྒྱུར་རྩོམ་ལ། ཐད་བསྒྱུར་དང་དོན་བསྒྱུར་གཉིས་ཡོད་པ་རེད་ཟེར། སྒྱུར་རྩོམ་འདི་ནི། ཐད་བསྒྱུར་ལ་གཞོལ་བ་ཞིག་ཡིན་པ་མ་ཟད། ཚིག་གྲུབ་རེ་རེ་བོད་བསྒྱུར་གྱི་ཚིག་གྲུབ་རེར་གྲུབ་པར་འབད་པ་བྱས་པ་ཞིག་ཏུ་མཐོང་། དེ་བས། ལན་རེར་མགོ་རྐང་མ་འགྲིག་པའི་བསམ་ཚུལ་ཐོན་ཀྱང་། སི་ཏུའི་འགྲེལ་མཆན་དང་པྲ་ཏིའི་སུམ་རྟགས། སྲིད་དོན་རྒྱལ་རབས་སོགས་རང་སྐད་དུ་བརྩམས་ཀྱང་གོ་དཀའ་བ། དགེན་ཁ་བདེ་ཞིག་གིས་འགྲེལ་ན་བདེན་ཅོག་ཅོག་ཅིག་ཡོད་པ་ལས་སྒྱུར་རྩོམ་འདི་བཟང་བར་མཐོང་། ཚིག་གི་གྲུབ་ཆ་མ་འདྲ་བའི་རྩལ་ཁ་ཤས་ཀྱང་ཡོད་ཅིང་། ལྷག་པར་དུ་ཚིག་མཐའ་གཅོད་མཚམས་ཀྱི་རྩལ་ནི་ཏུན་ཧོང་གི་ཡིག་རྙིང་གི་འཕར་རྩ་བཀོལ་བ་འདྲ་ཞིག་འདུག

བྱིས་དུས་ཀྱི་གོ་རྟོགས་ཁྲོད་དང་། ཕ་མ་གཙོས་སྡེ་བའི་རྒན་རྒོན་རྣམས་ཀྱིས་སེམས་པའི་ཀློང་ལ་ཐེངས་མང་པོར་བླུགས་མྱོང་བའི་སྐད་ཆ་དེ་ནི། ང་བརྒྱད་ལོའི་བཀྲེས་ལྟོགས་དང་འཐབ་རྩོད། མཉམ་ལས། རིག་གནས་གསར་བརྗེ་ཆེན་མོ་སོགས་ཡིན་ལ། ས་སྒང་རིལ་མོ་འདིའི་ཆེས་མཐོ་ས་ན་ལྷིང་འཇགས་ཀྱིས་འཚོ་ཞིང་། ཞི་དུལ་གྱིས་གནས་པའི་མི་རིགས་ཤིག གློ་བུར་གྱི་གོད་ཆག་ཅིག་གམ་དུས་འགྱུར་གྱི་རྦ་རླབས་ཤིག་གིས་བཙན་པོའི་ལོ་རྒྱུས་སུ་གས་ཁ་བཏང་སྟེ། རྒྱལ་བལ་འབྲུག་གསུམ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་ཁ་ཐོར་དགུ་ཐོར་གྱི་གནས་སུ་བཏང་། དུས་འགྱུར་རྗེས་ཀྱི་མི་རབས་གཞོན་པ་རྣམས་ཀྱི་རྣ་ཐོས་དང་དེབ་ཀྱི་བང་མཛོད་ལས་གོད་ཆག་དེ་དག་རིམ་པར་ཤེས་པས་བསམ་བློའི་འཚར་ལོངས་ལ་རྨ་ཁ་བཏོད། རྨ་ཁ་དེ་ཡིད་ལ་བརྣག་ཞོར་ཤེས་རིག་གི་ཐེམ་སྐས་སུ་རྐང་པ་རིམ་སྤོ་བྱས་ཀྱང་དེབ་ཀློག་པའི་གོ་རྟོགས་ཁྲོད་དུ། བསམ་པའི་འཁྱེར་སོ་གསལ་པོ་ཞིག་སྐྱེས། དེ་ནི། ངག་རྒྱུན་གཏམ་རྒྱུད་དང་དེ་འབྲེལ་གྱི་གཏམ་བཤད་དག་ལས། འདས་ཟིན་པའི་ལོ་རྒྱུས་ཀྱི་བརྙས་བཅོས་ཚོད་མེད་རྣམས་གསལ་ཁ་འབྱེད་བྱེད་ཅིག་ཏུ་མཐོང་བ་དེ་ཡིན།

༼མཚན་མོ།༽ནི་སྒྱུར་རྩོམ་ཞིག་སྟེ། སྒྱུར་བ་བོ་སྐད་གྲགས་ཅན་ཞིག་ཡིན་པས་མ་བཀླགས་ཚད་མེད་ཀྱི་གྲས་སུ་བཞག་པ་ཡིན། དེ་ལྟར་དེབ་དེ་བཀླགས་ཚར་བ་དང་མཉམ་དུ། ངས་ནག་ཚང་ནེའུ་བློ་དྲན་སོང་། མཚན་མོའི་རྩོམ་པ་པོ་དང་ཁོང་གཉིས་ལ་འདྲ་བའི་ཆ་ཞིག་ཡོད་པ་ནི། དུས་གསར་གྱི་འགྱུར་བའི་ཁྲོད་དུ་མི་སེར་རྣམས་ཀྱིས་དཀའ་སྡུག་ཚད་མེད་མྱང་བ་ཟད། བཀྲེས་སྐོམ་གྱི་དཀའ་སྡུག་ལས་མི་ཡི་མི་གཞི་འགྱུར་ཞིང་། སྲོག་འཚོ་ཆེད་མྱི་ཤ་ཟ་བའི་དཔེ་འཇོག་གསོན་པོའི་འཚོ་བ་དངོས་ཉམས་སུ་མྱོང་མཁན་དང་། དངོས་མྱོང་དེ་རྩོམ་ལུས་སུ་བཀོད་པ་མ་ཟད་རྩོམ་པ་པོའང་རང་ཉིད་ཡིན་པའི་དེབ་༼ནག་ཚང་ཞི་ལིའི་སྐྱིད་སྡུག༽དང་༼མཚན་མོ།༽གཉིས་རེད།

དེབ་གཉིས་བཀླགས་ནས་དམིགས་གསལ་བ་ཞིག་རྙེད་པ་ནི། བྱིས་པ་འདི་གཉིས་བཀྲེས་སྐོམ་དང་མནར་གཅོད་ཀྱི་བཙོན་སྒར་ལ་ཚུད་ཅིང་། ཇི་ལྟར་མི་འདོད་པ་ཡིན་ནའང་རང་གི་ཕ་མ་སྤུན་མཆེད་མིག་མདུན་ནས་བསད་པའི་སྡུག་བསྔལ། ཁོང་གཉིས་ཀྱི་བྱིས་བློ་འཚར་སྟངས་ཀྱི་གོ་རིམ་ནས་བཀྲེས་སྐོམ་དང་གཅར་རྡུང་གི་བཙོན་འོག་ལས་བདེན་པ་བདར་སྟངས། དཀའ་ལས་ལ་འཐབ་རྩོད་བྱས་པ། འཆི་བ་ལ་འཐབ་རྩོད་བྱས་པའི་ལོ་ཟླའི་ཁྲོད་དུ་ཚེ་སྲོག་ཐར་བ། འཇིགས་དངས་དེ་དག་གི་ཁྲོད་ནས་བྱིས་བློ་རྒྱས་ཤིང་བློ་གྲོས་ཀྱི་དྭངས་མ་མི་ཡུལ་དུ་ཕུལ་བའི་དེབ་འདིས་ང་ཚོ་སད་དུ་བཅུག་ཡོད་པའི་སྣང་བ་སྟེར།

 

ཚེ་སྲོག་ཅིག་འཆི་བའི་དུས་ཚོད་ལ་སྒུག་ཅིང་འཆི་བར་སྤྲོ་བཞིན་དུ་མ་ཤི་བའི་ཚེ་སྲོག་སྲ་བརྟན་ཞིག དུས་རབས་ཀྱི་བར་མཚམས་སུ་མིའི་ཚེ་སྲོག་རྩེད་སྤྱད་བྱས་པའི་སྲིད་ཇུས་ཡ་ང་བ་ཞིག་གིས་མི་ཡིས་མི་ཚོགས་ཤིག་དུད་འགྲོ་བཞིན་ཁྱུ་འདེད་དང་སྡེབ་གསོད་བྱས་པའི་དེབ་ཀྱི་བརྗོད་དོན་ལས། ཚེ་སྲོག་དེའི་ཆེས་མཐའ་མའི་རྒྱལ་ཁ་དང་ཐོག་མའི་མནར་གཅོད་དང་བཀྲེས་སྐོམ་གྱི་ཀློང་ནས། ༼ བཅིངས་འགྲོལ་སྐལ་བརྒྱར་བརྟན་པར་ཤོག༽ ཅེས་འབོད་སྒྲ་དང་རེ་སྨོན་སྤུར། སྐད་ཆ་འདི་ནི་ཡང་ཡང་གོ་མྱོང་བའི་གཏམ་རྒྱུད་དངོས་ཤིག་གི་ཕྱི་ནང་སྟེ། ངའི་ཕ་མེས་རྣམས་ཀྱིས་མྱངས་ཤིང་། གསོན་པོ་ཡོངས་ཀྱིས་ངའི་རྣ་བར་བླུགས་པའི་གཏམ་རྒྱུད་ཡ་ང་བ་ཞིག་ཡིན། འདི་ལྟར་མཉམ་ལས་བྱས་པའི་ཚིག་གིས་མི་མང་གི་བཀྲེས་ལྟོགས། མནར་གཅོད། རྡུང་རྡེག བཙོན་སྒར་སོགས་ཚད་ལས་བརྒལ་བའི་སྡུག་བསྔལ་ཞིག་བརྒལ་བའི་རིམ་པ་དེ་ཡང་དེབ་དང་གཏམ་ལས་མངོན་གསལ་བཏོད་ཡོད། ཇི་སྲིད་བསྐལ་པའི་བར་གནས་པ་ཞིག་བྱས་ཡོད།

བཙོན་ཁང་ནས་མྱངས་པའི་ལོ་རྒྱུས་འདི་ལས། སྐབས་དེའི་འགྲོ་བ་མིའི་ཐོབ་ཐང་ནི་བཤས་ར་ཤིག་སྟེ། ནམ་གསོད་པ་དང་ནམ་ཤི་བ། ཡང་ན། ཤི་བའི་ཉིན་མོ་ནམ་ཞིག་ཡིན་པའི་དམིགས་ཡུལ་མ་གཏོགས་སེམས་སུ་ཤར་རྒྱུ་ཅི་ཡང་མེད་པའི་དུས་འགྱུར་ཞིག བཅིངས་འགྲོལ་གྱི་མིང་ཚིག་འདིས་གཅུར་བའི་གཉོམ་ཆུང་གི་མི་སེར་གང་མང་ཞིག དོན་མེད་དང་ཉེས་མེད་ངང་ཚེ་སྲོག་ཤོར་བ་དེས། མི་ཡུལ་འདིར་དམྱལ་ཁམས་ཤིག་བསྐྲུན།

སྒྲུང་འདི་སྙན་ངག་ལ་བཅིངས་པ་ལྟ་བུ་ཞིག་དང་། འདིའི་ནང་དུ་སྐབས་རེར་ཉམས་མྱོང་གི་གནས་ལུགས་ཤིག་དཔེ་གཟུགས་སུ་བཀོད། བར་བར་ནས་འཆི་བ་ལ་ངང་སྒུག་བྱེད་པའི་དུས་ཚོད་ལ་སྟེས་དབང་གིས་སླེབས་དང་མ་སླེབས་པའི་སོ་མཚམས་ཕྱེ་བ། གཙོ་བོ་འཆི་བར་སྒུག་པའི་བཙོན་ར་དེའི་བརྙས་བཅོས་ཀྱིས་ཚེ་སྲོག་གི་རིན་ཐང་ནི་མག་མོག་ཅིག་ཏུ་གྱུར་ཞིང་། ཆོས་ལུགས་དང་དད་མོས། མི་དང་དད་པའི་བར་གྱི་འདུ་ཤེས་ལ་འགྱུར་ལྡོག་ཇི་ལྟར་ཐེབས་པའི་སྣང་ཚུལ་ནི་ཚེ་སྲོག་ཤོར་ལ་ཉེ་བའི་སྐབས་སུ་ད་གཟོད་ལྷིང་ལ་བུད་པ་གསལ་སྟོན་བྱས་འདུག

མནར་གཅོད་ཀྱི་ཆེས་མཐའ་མའི་གུ་ཡངས་ནི། བཙོན་སྒར་ལས་ཐར་བ་དེ་རེད། དེ་དུས། འདོད་ཡོན་གྱི་དབང་དུ་ཚུད་དེ་ཁྱོད་རང་གི་མདུན་ནས་བསད་པའི་ཕ་མ་དང་བུ་ཕྲུག་ཚོར་དགྲ་ཤ་ལེན་པའང་བརྗེད་སོང་བའི་རྣམ་འགྱུར་ཞིག་གིས་རྩོམ་མཇུག་བསྡུས་པ་མ་ཟད། དེབ་འདི། མིའི་མི་གཞི་ལ་སྡོམ་རྒྱག་ཞོར་མཐའ་མར་ཚེ་སྲོག་ཅེས་པའི་གོ་བབ་ནི་འདོད་ཞེན་གྱི་ཕྱོགས་སུ་ཤོར་ཏེ། རང་གཅུན་སྡོམ་གྱི་གནས་ལུགས་དེ་དྲན་ཤེས་ཀྱི་ཁམས་སུ་བརྟན་ཚུགས་ཤིག་འཛུགས་མ་ཐུབ་པ་དང་། བརྟན་ཚུགས་མེད་སོང་བའི་དབང་གིས་སྐྱེས་པའི་ཡ་ང་བའི་མི་གཤིས་གཟུགས་བརྙན་དུ་ཕབ་སྟེ་རྩོམ་མཇུག་བསྡུས་འདུག ད་གཟོད། མཚན་མོ་ནི། ད་དུང་ཡང་མཚན་མོའི་ཀློང་དེ་ན་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༡༥ ཉིན།

ངོ་སྤྲོད།

Post navigation

Previous Post: བུ་མོ་ཚེ་རིང་གཡུ་སྒྲོན།
Next Post: རྒྱ་མཚོའི་དབུས་ནས་ཕྱི་མིག་བོད་ལ་འཕངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme