Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྱུ་མའི་ཁམས་ཀྱི་སྙན་ངག

Posted on 2014-01-062014-01-06 By ཡེ་ཤེས་ 12 Comments on སྒྱུ་མའི་ཁམས་ཀྱི་སྙན་ངག

ཀླུ་སྨྱོན།

སྟོད་ན་གངས་རི་འདར་འདར། །
བར་ན་རྫ་རི་ཡོམ་ཡོམ། །
སྨད་ན་ཆུ་མོ་ངུ་ངུ་། །
ང་ཚོའི་ལས་ལ་གཟིགས་དང་། །
ཕོ་བྲང་པོ་ཏ་ལ་ཡང་། །
རྡུལ་དུ་ཞིག་པའི་ཐལ་བ། །
རླུང་གིས་རྒྱལ་ཁམས་ཁུར་སོང་། །
ངུ་ན་ངུ་གོ་ཆོད་དོ། །
གསེར་ཁྲིའི་འདབ་མར་བྲིས་པའི། །
མི་འཇིག་གཡུང་དྲུང་རི་མོ། །
ཁྭ་ཏ་སྐྱུང་ཀ་དག་གིས། །
གྲིབ་ནག་འགེལ་སར་གྱུར་འདུག །
ཞོགས་པའི་སྐྱ་རེངས་དམར་པོ། །
ཡང་སྐྱར་འཆར་རྒྱུ་ཡོད་པས། །
ཁྲག་གི་ལོ་ཟླ་རིང་མོ། །
གྲི་དང་མེ་མདའ་གླེང་ཡོང་། །
དགུན་གྱི་ལྗོན་པ་ཁེར་ངུ་། །
གྲང་རླུང་ཁྲོད་དུ་འགྲེངས་དུས། །
སྙིང་ནས་བབས་པའི་ཁ་བ། །
རྡོག་གཅིག་གནམ་ནས་ལྷུང་སྲིད། །
སྲིད་པའི་འཁོར་ལོ་ཆེན་པོ། །
རྒས་གཉེར་ལག་པས་བསྐོར་ཚེ། །
ཚེ་སྲོག་མར་མེ་འདྲ་བོ། །
ཤི་མིན་གསོན་མིན་འབར་རོ། །
ཡ་གིའི་མཛེས་མར་གཟིགས་དང་། །
མ་གིའི་རྒན་མོར་ལྟོས་དང་། །
བར་གྱི་ཆགས་ལྡན་ངེད་ཅག །
སེམས་ཀྱི་འགྱུར་བག་རྒོད་ཨང་། །
ཆུ་མོའི་གཞུང་གི་མེ་ཏོག །
ཁྲ་ཁྲ་སིལ་སིལ་འདྲ་ཡང་། །
གང་དུ་བཞུར་བའི་ལས་དབང་། །
ལྡོག་མེད་བཀའ་ལུང་བཙན་ནོ། །
སྦྲུལ་ལོ་ཕར་ཕར་བཞུད་སོང་། །
རྟ་ལོ་ཚུར་ཚུར་བརྒྱུགས་བྱུང་། །
དཔྲལ་བར་བྲིས་པའི་རྒས་གཉེར། །
སྐྲ་དཀར་གྲངས་དང་འགྲན་ནོ། །
སྨུག་པ་འཐིབ་ན་འཐིབས་ཤོག །
ཆར་བ་འབབ་ན་བོབས་ཤོག །
ཉི་མར་བྲིས་པའི་སྙན་ངག །
ས་གཞིའི་པང་ན་མཛེས་སོ། །
རི་བོའི་ཐོད་ཀྱི་ཟླ་བ། །
སྐར་མས་རྒྱང་འཕུད་བཏང་ཡང་། །
སྨིན་དྲུག་གཅིག་པུའི་བརྩེ་བ། །
སྙིང་གི་གསེང་ན་ཁོལ་ལོ། །
མདུན་གྱི་གློག་ཀླད་གྲུ་བཞི། །
ལོ་དང་ཟླ་བའི་སྐྱོ་རོགས། །
གསེར་གྱི་ཀ་ཁ་སུམ་ཅུ། །
མི་ཚེ་གཅིག་གི་འཚོ་རྟེན། །
སྤྲིན་གྱི་རྦ་རླབས་འཕྱུར་ཏེ། །
དགུང་ཁའི་ཉི་འོད་བསྣུབས་ཀྱང་། །
སྙན་ངག་འདྲ་བའི་གྲོང་ཚོ། །
རེ་ཞིག་ཁ་ཁུ་སིམ་སིམ། །
སྣང་བ་བུན་བུན་འདི་ཡི། །
ཕ་རོལ་རྒྱ་མཚོ་ཆེན་པོ། །
གྲུ་གཟིངས་ཆུང་ཆུང་དེ་ཚོ། །
ཡིག་འབྲུ་རྡོག་འགའ་ཡིན་ནོ། །
སེམས་དང་སེམས་པ་གླན་ས། །
གདོད་མིའི་བུ་མོ་ཁྱོད་ཡིན། །
གཡུ་ཡི་རྣ་རྒྱན་འོད་དེ། །
མུན་པའི་ནང་དུ་འཕྲོས་ཤོག །
བྲང་གཞུང་ཉི་འོད་འདྲ་བོ། །
བདག་གི་སྙིང་ལ་འཕྲོས་ཏེ། །
མི་ལོ་བཞི་བཅུའི་སྐོམ་གདུང་། །
སྐད་ཅིག་ཉིད་དུ་སེལ་བྱུང་། །
ཚེ་འདི་མི་རྟག་འདྲ་ལ། །
སྣང་བས་བྲིད་བྲིད་འདྲ་ཡང་། །
བརྩེ་སེམས་སྣུམ་པོ་འདི་ལ། །
ཡིད་ཆེས་བརྒྱ་ཆའི་བརྒྱ་ཡོད། །
ཇི་སྲིད་ས་གཞི་འཁོར་ནས། །
ནམ་མཁའི་ཕ་མཐར་འགྲོ་དུས། །
དེ་སྲིད་སྙིང་སྡུག་མ་འདིའི། །
བྲང་གི་དྲོད་ཁོལ་འཇམ་པོ། །
སྙན་པའི་གླུ་རུ་གྱེར་རོ། །
སྲིད་པ་སྒྱུ་མའི་ཁམས་ཀྱི། །
རི་བོའི་འདབས་ཀྱི་ཆུ་མོ། །
དྭངས་གཙང་མེ་ལོང་འདྲ་སྟེ། །
བདག་གི་ངོ་གདོང་མི་གསལ། །
དབྱར་གྱི་མཛེས་ལྗོངས་དེ་དག །
དགུན་གསུམ་བཙལ་ཀྱང་མི་རྙེད། །
སྣང་བ་འདི་དག་བསྒྲིགས་ནས། །
ལྡེབས་རིས་ཆེན་མོ་བཞེང་ངོ་། །
མུ་ཏིག་དམར་པོའི་སྐེ་རྒྱན། །
སུ་ལ་ཐོབ་པ་མ་ཤེས། །
སྙན་ངག་ཅིག་གི་ལེགས་སྐྱེས། །
དབྱངས་ཅན་ལྷ་མོས་སྦྱིན་ནོ། །
མིག་གི་མཐའ་རུ་འཛུམ་པའི། །
ལོ་བརྒྱའི་གདུང་བ་གྲང་མོ། །
མེ་རུ་སྦར་བའི་སྙན་ངག །
དོ་ནུབ་ཁྱོད་ལ་འབྲི་འོ། །

སྙན་ངག

Post navigation

Previous Post: གཉིད་ཀྱི་བདེ་བ།
Next Post: ངན་པ་དགུ་འཛོམས་ཀྱི་ངོ་སྤྲོད་དོགས་གཅོད་རལ་གྲི།

Comments (12) on “སྒྱུ་མའི་ཁམས་ཀྱི་སྙན་ངག”

  1. ཞུས་ཆེན་པ says:
    2014-01-07 at 7:37 am

    གནའ་བོའི་མགུར་ཚིག་འདྲ་བོ། །དབུས་པའི་གཞས་ཚིག་འདྲ་བོ། །ཨ་མདོའི་ལ་གཞས་འདྲ་བོ། །ངག་ལ་གྱེར་ན་སྙན་ཡང་། །ནང་དོན་ཆགས་པའི་གཏམ་ཡིན།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-01-07 at 8:10 am

    སྟོད་ན་གངས་རི་ཏི་སེ་བརྗིད། །
    བར་ན་ཕོ་བྲང་པོ་ཏ་ལ། །
    སྨད་ན་གཙང་ཆུ་མང་པོ་རྒྱུག །
    ང་ཚོའི་བོད་ཀྱི་ཡུལ་ལུང་སྐྱིད། །

  3. ཞུས་ཆེན་པ says:
    2014-01-07 at 8:32 am

    ཀླུ་སྨྱོན་རྒས་ཀི་རྒས་ཀི་སྙན་ངག་རྒས། །ཀླུ་སྨྱོན་འཁྱམས་ཀི་འཁྱམས་ཀི་ཨ་རིར་འཁྱམས། །ཀླུ་སྨྱོན་བླ་མ་ཆགས་ནས་སྙན་ངག་ཟད། །ཀླུ་སྨྱོན་ཆོས་ལ་འཐིམས་ནས་སྒྲུང་རྩོམ་བརྗེད། །

  4. ཆོས་འཕེལ་དར་རྒྱས་ says:
    2014-01-07 at 12:35 pm

    སྟོད་ཀྱི་གངས་རི་ཞི་སོང་།
    བར་གྱི་སྤང་རི་བརྐོས་སོང་།
    སྨད་ཀྱི་ཆུ་བོ་རྙོག་སོང་།
    བོད་པ་ཚང་གི་ལས་ཀ
    བསམ་གྱིན་བསམ་ན་སྐྱོ་ལ།

  5. BONPO says:
    2014-01-07 at 8:37 pm

    བོན་རྒྱལ་བཙན་པོའི་རྒྱལ་ཁབ། སིལ་བུར་བཏང་ནས་ཐོར་བཞག། བོན་ཁམས་གངས་ཅན་བོད་མི། གཞིས་བྱེས་གཉིས་སུ་གྱེས་སོང་།
    སེམས་པ་སྐྱོ་བའི་སྐད་ཆ། རི་མ་འདབ་ལ་བཤད་པས། རི་བོ་ས་རྡོ་ཡིན་ཀྱང་། མགོ་བོས་གཡུག་གཡུག་བྱས་བྱུང་།

  6. ཨ་ཕྱི་ཆོས་སྒྲོན says:
    2014-01-08 at 12:23 am

    དམ་ཆོས་དགུང་ནས་དར་བཞག །
    བོད་ཡུལ་རྒྱ་ཡིས་བཟུང་སོང་། །
    བོན་པོས་རྩ་ཆུ་རྩོད་གླེང་། །
    ཁྲེལ་མེད་དྲ་ཐོག་གང་བཞག །

  7. BONPO says:
    2014-01-08 at 4:05 am

    བཙན་པོ་ལྷ་སྲས་དར་མས། རྡོ་རིང་ཡི་གེ་ཀློག་དུས། བན་དེ་དམ་ཉམས་ཅིག་གིས། དུག་མདའ་བརྒྱབ་ནས་བཀྲོངས་བཞག །
    ཆོས་རྒྱལ་བཀའ་དྲིན་ཅན་གྱི། གདུང་བརྒྱུད་རྩ་བ་གཅོད་མཁན། བན་དེ་ལས་ངན་ཞིག་གིས། བྱས་ཉེས་བོད་ཁམས་ཕུངས་སོང་།

  8. ཞུས་ཆེན་པ says:
    2014-01-08 at 12:11 pm

    བོད་ཀྱི་གདོད་མའི་བོན་ཆོས། །ཆོས་རྒྱལ་བཙན་པོས་བསྣུབས་སོང་། །ནང་བསྟན་བོད་ལ་དར་ལ་ནས། །ནང་འཁྲུག་སློང་འགོ་བརྩམས་སོང་། །བོད་ཀྱི་ཆོས་སྲིད་ཟུང་འབྲེལ། །ཏང་གིས་བརྩབས་ཧྲུལ་བཏང་སོང་། །དམར་བོའི་སྲིད་ལུགས་དར་ནས། །ལྟ་ལོག་ས་ཁྱབ་རྡོ་ཁྱབ། །རིག་གནས་གསར་བརྗེའི་རྗེས་སུ། །གྲྭ་ལོག་བླ་ལོག་མང་གི །དབུ་མའི་སྲིད་བྱུས་བཟུང་ནས། །མཐའ་དབུས་གང་ལ་མ་སླེབས། །བར་དོའི་ཞིང་ཁམས་ཤིག་ན། །ནང་འཁྲུག་ནང་འགལ་མང་གི །

  9. དོན་འགྲུབ་ཚེ་རིང་ says:
    2014-01-08 at 1:39 pm

    ཨ་རོགས་ ཨ་ལེགས་ཚང་། བདེ་མོ་ཡིན་ན། ང་ལ་ལས་དོན་ཆུང་ཆུང་ཞིག་ཞུ་རྒྱུ་འདུག། Amalia Rubin ཟེར་བའི་བོད་གཞེས་གཏོང་མཁན་ཞི་མོ་དེ་། ས་དེ་ན་ཡོད་ཚུལ་འདུག་། ང་ལ་མོའི་ཁ་པར་ཨང་གྲངས་སམ་ཡང་ན་དྲ་འཕྲིན་ཁ་བྱང་ཞིག་གཙར་གཅོད་གནང་རོགས་གནང་། ངའི་ཁ་པར་510 230 8152 དང་དྲ་འཕྲིན་tibetantsampa@gmail.com ཡིན། བཀའ་དྲིན་ཆེ།

    དོན་འགྲུབ་ཚེ་རིང་གི་ས་རན་སུ་སེ་སུ་ཁོ་ནས་

  10. བསམ་ཤེས། says:
    2014-01-08 at 5:18 pm

    ཕྱི་རྒྱལ་གྱི་སྙན་ངག་དེ་ཚོ་ངག་གི་བརྗོད་པ་དང་ཐག་ཇེ་ཉེ་དང་མིང་དང་དོན་གཉིས་ཤིན་དུ་གསལ་བས་དེས་དོན་རྟོག་འགྱུར་སེམས་ཐག་ཇེ་ཉེ་རེད། བོད་པའི་སྙན་ངག་མང་ཆེ་བ་ངག་ནས་བཀླག་དཀའ་བ། ༼མགོ་ཅན་འདོགས་ཅན་མང་བ།༽ཡིད་ལ་འཆར་དཀའ་བ། ༼འབྲེལ་མེད་དང་ལྐོག་འགྱུར་མང་བ།༽མིག་ལ་མཐོང་དཀའ་བ། ༼ཡི་གེ་ལ་ཚེགས་མེད་པ།༽དེ་བཞིན་ཚོར་བ་བསླེབ་དཀའ་བ། ༼སྟོང་པ་ཉིད་དང་། བྱང་ཆུབ་སེམས་ལྟ་བུ་བློ་ཡུལ་ལས་འདས་པ།༽ ངུ་དགོས་དང་གོད་དགོས་མ་ཤེས་པ། ༼འགལ་འདུ་ཅན་གྱི་རྣམ་རྟོག་མང་བ།༽དེ་བཞིན་སྐྱོན་ཆེ་ཤོས་དེ་མིའི་འཚོ་བ་དང་འབྲེལ་བ་ཆུང་བ། ༼རང་ལ་མེད་བཞིན་དུ་གཞན་ལ་སྤྲོད་འདོད་པ་ཕྲུ་གུའི་རྩེད་མོ་ལྟ་བུ།༽

    ཁྱེད་ཚོས་གཟིགས་ན་ཇི་འདྲ་རེད། 

    དཔེར་ན། སྔོན་མ་བོད་པའི་མཁན་པོ་ཞིག་གིས་རྩ་བ་ཤེས་རབ་ཁྲིད་སོང་། བཅོམ་ལྡན་འདས་ལྟ་བུ་ལ་འགྲེལ་བཤད་ཆུ་ཚོད་གཉིས་གོར་སོང་། བཅོམ་ཟེར་ན་འདི་རེད། ལྡན་ཟེར་ན་འདི་རེད་ཟེར་ནས་ཚང་མ་མགོ་ན་དགོས་བཟོས་སོང་། དབྱིན་ཇིའི་ནང་ལ་Buddhaཟེར་ན་ཚང་མས་གོ་བཞིན་འདུག ཅིའི་ཕྱིར་ང་ཚོ་སོ་སོས་རྙོག་ཁྲ་འདི་འདྲས་བཟོ་བཞིན་ཡོད་དམ། དེ་བཞིན་བོད་ཀྱི་ནང་ཆོས་དང་རིག་གཞུང་གི་སློབ་ཁྲིད་བྱེད་སྟངས་མང་པོ་ཞིག་འདི་འདྲ་རེད།

  11. ཀླུ་སྨྱོན། says:
    2014-01-08 at 6:59 pm

    དོན་འགྲུབ་ཚེ་རིང་། ཞི་མོ་དེ་དེང་སང་ཕྱི་སོག་ན་ཡོད། ཚུར་མོའི་མིང་ངོ་དེབ་རྒྱོབས་དང་རྙེད་སོང་། ཁ་བརྡ་དེ་རུ་བྱོས།
    བསམ་ཤེས། ད་འོ་ན་དབྱིན་ཡིག་ནང་། ing, ung, eng, ang, i, o, u, e, o སོགས་ཀྱིས་ཁེངས་བསྡད་མེད་པའི་སྙན་ངག་ཅིག་ཁྱེར་ཤོག་དང་དེ་ནས་བོད་ཡིག་སྙན་ངག་ལ་ཆད་པ་ལྕི་མོ་ཞིག་གཅོད། དེ་ཨེ་རེད།

  12. གསར་བུ། says:
    2014-01-08 at 9:00 pm

    སྒྱུ་མའི་ཁམས་ཀྱི་སྙན་ངག།
    དགྱ་མོའི་རྐུབ་ལ་གཟས་འདུག།
    གཟན་ཤམ་དཀར་སེར་དམར་ལྗང་།།
    སྒྱུ་མ་མཁན་དང་འདྲ་བྱུང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme