Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོར་མོ་ཡོད་ན་། ཁང་པ་ཉོ་བའི་དུས་ཚོད་རེད་།

Posted on 2011-06-082011-06-08 By ཁ་བརྡ་ 4 Comments on སྒོར་མོ་ཡོད་ན་། ཁང་པ་ཉོ་བའི་དུས་ཚོད་རེད་།

0517_buy_or_rent-500x312
ཨ་རིའི་ཁང་པའི་ཁྲོམ་ཐོག་ཏུ། ཕྱི་ལོ་༢༠༠༦དང་བསྡུར་ན། ཁང་པ་དཀྱུས་མའི་གོང་ཚད་བརྒྱ་ཆ་༣༠ཙམ་མར་ཆགས་འདུག དེ་དང་བསྟུན་ནས། དངུལ་ཁང་ཁག་གིས་ཁང་ཉོའི་བུ་ལོན་གཡར་རྒྱུ་དམ་དུ་བཏང་འདུག ད་དུང་། དངུལ་ཀྱི་སྐྱེད་ཀ་ཡང་མར་ཆགས་འདུག
གནས་སྟངས་འདིའི་འོག་ཏུ། ཨ་རི་བ་དང་ཨ་རིའི་གནས་སྡོད་པ་ཚོའི་སེམས་ཁྲལ་ནི། ཁང་པ་ཉོ་གི་ཡིན་ནམ། ཁང་པ་གླས་ནས་སྡོད་གི་ཡིན་ནམ། ཡང་ན། སོ་སོའི་ཕ་མའི་མཉམ་དུ་སྡོད་ཀྱི་ཡིན་ནམ། དྲི་བ་འདི་དག་གིས། ཨ་རི་བ་མང་པོའི་མཚན་མོའི་རྨི་ལམ་དཀྲོགས་བཞིན་འདུག ད་། སྒོར་མོ་ཡོད་ན། ཁང་པ་ཉོ་བའི་དུས་ཚོད་རེད་། གནས་ཚུལ་རྒྱས་པ་འདི་ནས་ཉོན།

གསར་འགྱུར།

Post navigation

Previous Post: ཉག་རོང་དུ་དགེ་འདུན་པས་ངོ་རྒོལ།
Next Post: གྲོགས་ཚེ་ལོ་རྒྱལ། སྒྲུང་ཚེ་ལོ་རྒྱལ། ༼ཚན་པ་དང་པོ༽

Comments (4) on “སྒོར་མོ་ཡོད་ན་། ཁང་པ་ཉོ་བའི་དུས་ཚོད་རེད་།”

  1. Thonmi Nyugu says:
    2011-06-09 at 1:21 am

    འདི་ནི་ལས་འབ྄ྲས་ཤེས་བ྄ྱ་བ་དང་འབ྄ྲེལ་ས྄ྙམ་ཏེ། དཔེར་ན་ཡི་དག་ར྄ྣམས་བཟའ་བཏུང་གི་ཕ྄ྱིར་རི་ལུང་ཀུན་ལ་མ྄ྱུལ་ནས་ལུང་པའི་ཕུ་ན་བཟའ་བཏུང་ཡོད་པ་ཤེས་ནས་དེར་ར྄ྒཡུགས་ལུང་པའི་མདར་བཟའ་བཏུང་ཡོད་ཚུལ་ཐོས་ནས་དེར་བཞུད་མདོར་ན་གང་དུ་ས྄ླེབ་ན་དེར་བཟའ་བཏུང་འཇའ་ལ྄ྟར་ཡལ་འག྄ྲོ་བ་བཞིན་བསོད་ནམས་དམན་པའི་ཨེ་ཤེ་ཡ་དག་ཨ་རི་དང་ཡུ་རོབ་ན་ལོངས་ས྄ྤ྄ྱོད་འདུག་ཅེས་འབད་པ་ཡོད་ར྄ྒུ་བ྄ྱས་དེར་འབ྄ྱོར་པ་ན་ལོངས་ས྄ྤ྄ྱོད་ནུབ་ག྄ླིང་ན་ཉམས་ཤིང་། རག྄ྱ་དཀར་ནག་གཉིས་སུ་འཕེལ་ར྄ྒ྄ྱས་སུ་འག྄ྲོ་བ་འདི་ཅི་འད྄ྲའི་དཔེ་དོན་མཚུངས་པོ་འདུག་གཟིགས་ཤིགས།

  2. མེ་ཏོག་དཀར་པོ། says:
    2011-06-09 at 3:22 am

    ཐོན་མིའི་སྨྱུ་གུ་རེད་མིན་འདུག་ ཐོན་མི་གཉིས་པ་ཞིག་ཡིན་པ་འདྲ། ཡི་གེ་གསར་བཟོ་མང་པོ་གནང་འདུག་

  3. བརྩོན་རྒྱམ། says:
    2011-06-09 at 6:05 am

    སྤྱིར་ཚོ་བའི་གནས་ཚུལ་ཞིག་ཡིན་དུས་དེ་ལ་སེམས་འཁྲུལ་ཡོད་པ་ཆོས་ཉིད་རིད།   དེ་ལས་གནས་སྐབས་རིང་སྡུག་སྲན་བྱས་ནས་དངུལ་ཅུང་ཙམ་རགས་པ་དེ་བསོག་འཇོག་མཛད་ནས་བོད་ལ་ལོག་ཐུབ་ཞིག་བྱུང་དུས་དེ་ནས་ངོ་མ་ཁང་པ་ཞིག་བཟོས་ན་དགེ་མཚན་ཆེ་བར་མཐོང་དེ་འདྲ་ཡིན་ཙང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་བའི་བོད་རིགས་སྤུན་ཟླ་རྣམ་པ་ཚང་མའི་བོད་མིའི་བདེ་སྡུག་བརྗེད་མི་སྲིད་པ་ཞིག་རེད་ཡིན་ཡང་དྲན་གསོས་ཆེད་དུ་བསམ་ཚུལ་ཞིག་ཞུ་འདོད་བྱུང་། དང་པོ་རང་གི་བུ་ཕྲུག་ལ་རང་གི་སྐད་དང་ཡི་གེ་སླབ་རྒྱུ་དང་བོད་མིའི་གོམ་གཤིས་དང་ཐུན་མོ་མ་ཡིན་པའི་བོད་མིའི་ཁྱད་ཆོས་སོགས་ཆུང་དུས་ནས་ངོ་སྤྲོད་བྱེད་རྒྱུ་དང་བོད་རྒྱལ་ཁབ་ཟེར་དུས་རང་བཞིན་གྱི་དགའ་བོ་ཡོད་མཁན་ཞིག་བྱེད་རྒྱུ་ཕ་མ་ཚོས་ལག་ཏུ་ཡོད་པ་ཞིག་རེད། མ་ཟད་བུ་ཕྲུག་ཚོས་སེམས་ནང་དུ་ཕྱིའི་རྒྱལ་ཁབ་འདི་གནས་སྐབས་སྡོད་གནས་ཡིན་པ་ལས་ང་ཚོ་བོད་ལ་ལོག་དགོས་བསམ་པ་ཞིག་ངེས་པར་ཕ་མ་རང་ཉིད་ནས་བཟོ་ཐུབ་པ་ཞིག་བྱེད་གལ་ཆེ།

  4. Thonmi Nyugu says:
    2011-06-09 at 7:49 am

    མེ་ཏོག་དཀར་པོ་དང་། བརྩོན་རྒྱམ་བཅས་ལ་གུས་འདུད་འབུལ། ཡེ་གེ་གསར་བཏོད་མིན་ཀྱང་ངེད་ཀྱི་གློག་ཀླད་ནང་གི་ཁ་བརྡའི་དྲ་རྒྱ་དེས་བོད་སྐད་ཇི་བཞིན་མི་ཤོད་པ་དང་བོད་ཡིག་འབྲི་དུས་སྨྱུ་གུ་ཇི་བཞིན་མ་ཐེག་པ་རེད། དགོངས་དག་ཞུ། ངོ་མ་གཏམ་གྱི་ནང་དོན་ནི་འབྱོད་རྒུད་ཀྱི་འཁོར་ལོ་འདི་ནི་ལོ་རྒྱུས་ཀྱི་ཆ་ཤས་ཡིན་པ་དང་འཚོ་བའི་བརྒྱུད་རིམ་ཞིག་ཡིན་པ་ནི་བརྩོན་རྒྱམ་གྱི་གསུང་ཟུར་དང་རྒྱངས་ཐག་མི་རིང་། དཔེར་ན་མར་འདྲིལ་སོང་ན་འདྲིལ་སའི་གནས་དེ་ནས་ཡར་ལངས་དགོས་པ་བཞིན་རང་ཡུལ་དང་རང་ཁྱིམ་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་འདི་གལ་ཆེན་ཞིག་རེད། འོན་ཀྱང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་ན་སྒོར་མོ་གལ་མི་ཆེ་ཞེས་སྨྲ་ག་ལ་ཐུབ་འོན་ཀྱང་སྒོར་མོ་གཙོ་བོ་མིན་པའི་ངོས་འཛིན་བྱེད། གཙོ་བོ་གང་རེད་ཅེས་དྲིས་ན་གཙོ་བོ་སྤྱི་དང་བྱེ་བྲག་གི་ཤེས་བྱ་ཡོན་ཏན་རྣམས་ཡིན་པས་རང་ཡུལ་ནས་ཐོབ་དཀའ་བའི་གོ་སྐབས་སྤྱད་དེ་དེང་རབས་པའི་ཤེས་བྱ་ཡོན་ཏན་བསྣམས་ཏེ་རང་ཡུལ་ལ་བྱོན་ན་དེ་ནི་བླ་ན་མེད་པའི་ལེགས་སྐྱེས་ཆེན་པོ་ཞིག་རེད་འདོད། དཔེར་ན་གནའ་རབས་སུ་བོད་ཀྱི་བློ་རིག་བཀྲ་བའི་ན་གཞོན་དག་རྒྱ་གར་དུ་ཕྱིན་ནས་རིག་པའི་གནས་དག་ཁོང་དུ་ཆུད་པར་མཛད་དེ་ཕྱིར་གངས་ཅན་ལྗོངས་སུ་བྱོན་པས་རང་རེའི་རིག་གཞུང་འདི་ཕྱུག་པོར་སོང་བ་ལ་ཀླན་ག་མེད་པ་དང་འདི་ལྟ་བུར་དཔེ་མཚོན་བྱས་ན་ནོར་བ་མེད་སྙམ། གཞན་ཨ་སྒོར་གཅིག་བུར་ཡིད་ཆེས་གནང་ན་དེང་རབས་ཁྲོམ་རར་རྒྱལ་ཁབ་དང་རྒྱལ་ཁབ་དབར་བུ་ལོན་སྤྲོད་འཇལ་དཀའ་བ་སོགས་ཨ་སྒོར་གྱི་གཟི་བྱིན་ལ་འཕར་འབུབ་ཆེ་བས་ཐུགས་གཟབ་གནང་འོས། ལར་ནས་རང་ཅག་གིས་མདུན་ལམ་འཚོལ་བར་འགྲོ་དུས་གསར་འགྱུར་བརྒྱུད་ལམ་དག་ལ་གཟིགས་ཞིབ་ཀྱིས་དཔལ་འབྱོར་དང་ཤེས་རིག་སོགས་འཛམ་གླིང་སྤྱིའི་འཕེལ་འགྲིབ་དང་ཁ་ཕྱོགས་ཇི་འདྲ་ཡིན་འགྱུར་ལྡོག་ཇི་འདྲ་འབྱུང་གི་འདུག་ཚོད་དཔག་སྔོན་ལ་གནང་རྒྱུ་གལ་ཆེན་པོ་རེད།་དེ་ལྟར་མ་གནང་བར་གྲོང་པ་ཁྱིམ་མཚེས་རྣམས་གང་དུ་འགྲོ་གི་འདུག་དང་སེམས་ཁམས་ཀྱི་དགའ་སྡུག་ལ་ཆགས་འཇོག་གཙོ་བོ་མི་གནང་བའི་རེ་བསྐུལ་ཞུས་ན་ཁྱེད་རྣམས་ཀྱིས་བཟོད་པར་མཛད་རིགས་སམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme