Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོ་ཤེར་གྱི་ལས་དབང་།

Posted on 2021-04-06 By ཁ་བརྡ No Comments on སྒོ་ཤེར་གྱི་ལས་དབང་།

སྐྱེས་སར་ཀླུ་སྒྲུབ།

ཕལ་ཆེར་ད་ལྟའི་དུས་སུ། བོད་ཕྱི་ནང་གཉིས་ཀྱི་ཤེས་ཡོན་པའི་སྡེར། སྒོ་ཤེས་རབ་རྒྱ་མཚོ་ཟེར་དུས་མི་ཤེས་མཁན་ཞིག་མེད་ཚོད་རེད། དེ་སྔ་ཕྲན་རྔ་བ་ཀིརྟི་དགོན་པར་ཡོད་དུས། སྒོ་ཤེར་གྱི་འཛིན་གྲྭ་ང་ཚོའི་གོང་མའི་གོང་མ་དེ་ཡིན་ཞིང་། སྐབས་དེར་ཁོང་བློ་རྟགས་གང་རུང་གི་འཛིན་གྲྭ་ཞིག་ཏུ་ཡོད་འདུག  མི་ཚང་མས་ཁོང་རིག་པ་ཧ་ལས་པའི་ཡག་པོ་ཅན་ཞིག་ཏུ་ངོས་འཛིན་བྱེད། ཕྱི་ལོ་ ༡༩༩༠ ཡས་མས་སུ་ཁོང་རྒྱ་གར་དུ་གནས་སྐོར་ལ་སོང་བ་དང་། དེ་སྐབས་སྟབས་ཡག་ནས་རྡ་སའི་ཀིརྟི་གྲྭ་ཚང་ནང་མ་བསྡད་པར་བོད་དུ་ཕྱིར་སླེབས་ནས་མུ་མཐུད་གཞུང་ཆེན་མོར་སློབ་གཉེར་བྱས་ཏེ་ཐེམ་པ་རིམ་འཛེགས་ཀྱིས་འཛིན་རིམ་རྒན་གྲས་སུ་སླེབས། གལ་ཏེ་ཁོང་། རྡ་སའི་ཀིརྟི་གྲྭ་ཚང་དུ་བསྡད་ཡོད་ན། བོད་བརྒྱུད་ནང་བསྟན་གྱི་གཞུང་ཆེན་མོ་ཁག་ལ་སློབ་སྦྱོང་བྱེད་ཐབས་མེད་པར། མི་ཚེ་ཆུད་ཟོས་སུ་གྱུར་ཡོད་པ་གདོན་མི་ཟ། 

གང་ལྟར། ཕྱོགས་གཅིག་ནས་ཁོང་གི་ཕ་འདས་བོ་དེ་ཉིད་རྔ་བ་རྨེའུ་རྒྱལ་བོའི་བློན་རྒྱུད་ཅིག་ཡིན་ཁར།  ཕྱིས་སུ་ཁོང་གི་ཕ་རྒྱ་གར་དང་བལ་ཡུལ་སོགས་སུ་ཚོང་ལས་གཉེར་ཏེ་ས་སྒོ་འདྲ་མིན་འགྲིམས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་པའི་ཤུགས་རྐྱེན་འོག་ཁོའི་བསམ་བློའི་གོ་རྟོགས་དེའང་། མང་ཚོགས་དཀྱུས་མ་དང་མི་འདྲ་བར་ལྟོས་འཇོག་གིས་བཤད་ན། རྒྱལ་ཁབ་ཕྱི་ནང་གི་གནས་ཚུལ་ལ་རྒྱུས་ལོན་ཆེ་ཞིང་། བོད་རང་གི་རིག་གཞུང་ལ་ཡང་། དད་པ་དག་སྣང་གཅིག་བུའི་ཐོག་ནས་སློབ་སྦྱོང་མ་བྱས་པར། གུས་རྟག་གི་བརྩོན་པ་ཆེན་པོའི་ཁར། རྣམ་དཔྱོད་ཀྱི་འཇུག་པ་ཡངས་པོའི་ཚུལ་ལ་ནན་ཏན་མཛད་པས། སྤྱིར་མདོ་སྨད་རྔ་བའི་ཕྱོགས་དང་། བྱེ་བྲག་ཀིརྟིའི་དགོན་ཁག་ནང་དེ་སྔ་ཕན་ཆད་དུ་བྱུང་མ་མྱོང་བའི་ཤེས་ཡོན་ཅན་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར། དེའང་གཙོ་བོ། སྒོ་ཤེས་རབ་རྒྱ་མཚོ་ནི། རིག་གནས་ཀྱི་ཕྱོགས་ནས་རྩོམ་འབྲིའི་ཤེས་ཚད་དང་། ལྷག་པར་དུ་ཕུལ་བྱུང་གི་ཚིག་སྦྱོར་མངའ་བ། དེ་འདྲའི་གཞི་རིམ་གྱི་རྩོམ་པའི་ཡོན་ཏན་གྱི་ཆ་རྐྱེན་ཁར། ཟབ་ཅིང་རྒྱ་ཆེ་བའི་ནང་བསྟན་ཆོས་ལུགས་དང་། དེའི་ལྟ་གྲུབ། ད་དུང་དེའི་མཛེས་རྒྱན་ལྟ་བུར། ནུབ་ཕྱོགས་དང་། རྒྱ་ནག རྒྱ་གར་སོགས་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་མཚན་ཉིད་རིག་པ་དང་། གཏན་ཚིག་རིག་པ་སོགས་ཀྱི་ཐད་ནས་ཀྱང་མཁྱེན་རྒྱ་ཧ་ཅང་ཆེ་བས། སྒོ་ཤེས་རབ་འདྲ་བའི་རྩོམ་པ་པོ་ཚད་ལྡན་ཞིག་དང་། དགེ་རྒན་རྣམ་དག་ཅིག་ཀིརྟི་དགོན་ཁག་དང་། རྔ་ཡུལ་དུ་གཏན་ནས་བྱུང་མ་མྱོང་བ་ཡིན་པས། སྒོ་ཤེས་རབ་རྒྱ་མཚོ་ནི་བོད་སྤྱིའི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཚོའི་གྲལ་གྱི་མཐོ་སར་བཞུགས་འོས་པའི་སྐྱེས་བུ་ཞིག་ཡིན། 

ཕྲན་བོད་ནས་ཐོན་རྗེས་ཏེ། ཕྱི་ལོ་ ༡༩༩༨ ཡས་མས་སུ་རྒྱ་གཞུང་གིས་བོད་ས་ཁྱོན་ཡོངས་སུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་རབ་དང་རིམ་པ་སྤེལ་སྟབས། སྒོ་ཤེས་རབ་རྒྱ་མཚོས་རྔ་བ་ཀིརྟི་དགོན་པ་ནས་ལས་འགུལ་དེ་རིགས་ཀྱི་རིམ་པ་སོ་སོར་ཐབས་བརྒྱ་ཇུས་སྟོང་གིས་གདོང་ལེན་བྱས། སྐབས་དེའི་ལས་འགུལ་སོ་སོའི་སྐབས་སུ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་དགོས་པ་དེ་སློབ་གསོའི་རྩ་དོན་ཡིན་སྟབས། ལས་འགུལ་དེ་རིགས་ལ་གདོང་ལེན་གང་ལེགས་བྱས་ཤིང་། དེ་རྗེས་དགའ་ལྡན་ལྔ་མཆོད་ཅིག་གི་སྐབས། ༧གོང་ས་མཆོག་གི་སྐུ་པར་གཟི་བརྗིད་ཅན་ཞིག་གློག་མཆོད་ཀྱི་དཀྱིལ་དུ་སྒྲིག་གཤོམ་བྱས་པ་སོགས་སྔ་ཕྱིའི་གནས་ཚུལ་འདྲ་མིན་ལ་ཁག་བཞག་སྟེ་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད། བཙོན་ཁང་ནང་ནས་རྒྱའི་སྐད་ཡིག་ལ་ལེགས་པར་སྦྱངས་ཏེ། བཙོན་ཁང་གི་སྒོར་བུད་མཚམས་ཞིབ་འཇུག་གི་རྒྱུ་ཆའི་དཔེ་ཀློག་ལ་ཕན་ཐོགས་ཆེན་པོ་བྱུང་བར་བཤད། དེ་ནས་མུ་མཐུད་གཞུང་ཆེན་ཁག་ལ་སློབ་སྦྱོང་། དོན་གཉེར་ཅན་མང་པོར་འཆད་ཁྲིད། རང་གི་ཞིབ་འཇུག་རྩོམ་འབྲི་སོགས་བྱས་ནས་སྔ་ཕྱིར་དཔེ་དེབ་བརྒྱད་ཙམ་དཔེ་སྐྲུན་བྱས། དེ་རྗེས་ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་ལྷ་ས་ནས་དཔེ་ཆ་ལྟ་བཞིན་པའི་སྐབས་ཁོང་དང་། གྲྭ་བ་གཞན་མང་པོ་ཞིག་ལོ་གཅིག་ཙམ་རིང་ཟུར་འགོག་བྱས། 
གང་ལྟར་སྒོ་ཤེས་རབ་རྒྱ་མཚོ་ནི་མཐར་གཏུགས་ན། ༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་སློབ་ལམ་སྟོན་ཐོག་ཤར་སྐྱོད་བྱེད་མཁན་གྱི་སྐྱེས་བུ་རྣམ་དཔྱོད་ཅན་ཞིག་ཡིན་ལ། ད་ལྟའི་བོད་མི་རིགས་ཀྱི་ལས་དབང་འདིར་ངོས་འཛིན་གཏིང་ཟབ་ཐོབ་པའི་དུས་རབས་འདིའི་དཔའ་རྒོད་ཅིག་ཀྱང་ཡིན། མ་ཟད། བོད་མི་རིགས་ཀྱི་བླ་སྲོག་དང་། ཟུངས་ཁྲག་ལྟ་བུའི་ཆོས་དང་རིག་གཞུང་གི་རྒྱུན་སྤེལ་ཞིང་། བོད་ཀྱི་མ་འོངས་པའི་ན་གཞོན་རྣམས་ལ་རང་ཉིད་ངོས་ཟིན་དུ་འཇུག་མཁན་གྱི་ལམ་སྟོན་པ་ཆེན་པོ་ཞིག་ཡིན། དེར་བརྟེན་ངས་ནམ་རྒྱུན། སྒོ་ཤེས་རབ་རྒྱ་མཚོ་ནི། མདོ་སྨད་རྔ་བ་ནས་མཆེད་པའི་བསམ་བློའི་དཔལ་ཡོན་དང་། ཤེས་རིག་གི་འོད་སྣང་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།  ཕྱི་ལོ་ ༢༠༡༣ ཙམ་ལ་ཁོང་རྔ་བ་ཀིརྟི་དགོན་པར་ཡོད་སྐབས་སུ། དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཟེར་བས། དགོན་པ་རང་ཁོངས་ཀྱི་གྲྭ་བ་ཚོས་རྩོམ་ཡིག་འབྲི་སྤེལ་བྱེད་ཕྱོགས་ཐད་ནས་སྒྲིག་གཞི་གསར་པ་ཁག་ཅིག་གཏན་འབེབས་བྱས། སྒྲིག་གཞི་དེ་ཚོའི་ཡང་སྙིང་དེ། གྲ་བ་སུ་ཞིག་གིས་རྩོམ་བྲིས་ཀྱང་། དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་དག་ཐེར་ཆོག་མཆན་མེད་པར་འགྲེམས་སྤེལ་མི་ཆོག་པ་བྱས། ཚུལ་དེ་ལྟ་བུའི་རྒྱ་དམར་གུང་ཁྲན་གྱི་བྱེད་བབ་ཇི་བཞིན་པ་དེ་ཉིད། དགོན་པའི་གྲྭ་རྒན་གཞོན་ཇི་སྙེད་ཅིག་གི་བློར་མ་བབས་སྟབས། སྒོ་ཤེས་རབ་རྒྱ་མཚོས་<<ཁ་ཞིག་མི་གྲག་ག་མེད་བྱུང་།>>ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ་བཀག་རྒྱ་དེ་ཕྱིར་འཐེན་བྱེད་རེ་བྱས་ཀྱང་། མཐར་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཟེར་བས་གྱོད་ཉལ་བྱས་ཏེ། རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་དགོན་པ་དང་ཁ་འབྲལ་དུ་བཅུག དེ་རྗེས་ཀིརྟི་དགོན་པ་དང་། ཀིརྟི་རིན་པོ་ཆེ་བཅས་ནས་ཀྱང་ཤེས་ཡོན་འགན་འཛིན་ལྷན་ཚོགས་ལ་རྒྱབ་གཉེར་རྟིང་གནོན་གྱི་གསལ་བསྒྲགས་རིམ་པར་བྱས་ཏེ། དོན་དུ་སྒོ་ཤེས་རབ་རྒྱ་མཚོ་གནས་དབྱུང་བཏང་བ་སོགས་ཡིད་སྐྱོ་དགོས་པ་ཇི་སྙེད་ཅིག་བྱུང་། དེའང་། རྒྱ་གུང་ཁྲན་ཏང་སྒོ་ཤེས་རབ་རྒྱ་མཚོར་སྡང་ཟུག་ཆེ་དོན་ནི། ཁོང་བོད་མི་རིགས་ཀྱི་སེམས་ཁམས་ཅན་ཞིག་ཡིན་པས་རེད་ལ། ཀིརྟི་དགོན་པ་ཁོང་ལ་སྡང་ཟུག་ཆེ་དོན་དེ། ཁོང་ནི་བླ་མ་དང་། དགོན་བདག་སོགས་ཚིག་གི་ལོ་མ་ཙམ་ལ་དད་མོས་བྱེད་མཁན་ཞིག་མིན་པར་གནས་ལུགས་དང་རྒྱུ་མཚན་ཉག་གཅིག་ལ་གཞི་བཅོལ་བའི་རྣམ་དཔྱོད་ཅན་ཞིག་ཡིན་པ་དེར་ཐུག་འདུག
དེ་ལྟར་ཁོང་རྔ་བ་ཀིརྟི་དགོན་པ་ནས་གནས་དབྱུང་བཏང་རྗེས། བོད་ཡུལ་གྱི་དགོན་སྡེ་གཞན་དང་གཞན་དུ། ཆོས་དང་རིག་གནས་ཅི་རིགས་འཆད་ཁྲིད་བྱས་ནས་ཉེ་ཆར་རྒྱ་ནག་གཞུང་གིས་བསྐྱར་དུ་འཛིན་བཟུང་མ་བྱས་པར་དུ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་བྱས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། ལོ་འདིའི་ལོ་མགོར་ཁོང་ཁྲི་འདུར་འགྲོ་སྐབས་ཤིག་ལ་བོད་རང་སྐྱོང་ལྗོངས་གསང་བའི་ལས་ཁུངས་ཀྱི་མི་སྣས་འཛིན་བཟུང་བྱས། དེ་སྐབས་བོད་ཕྱི་ནང་གི་དགའ་ཉེ་བློ་དཀར་ཚང་མས། གནས་སྐབས་རིང་གསང་བ་བྱས་ན། མི་རིང་བར་ཐར་ཐབས་རེ་རྙེད་ཨེ་མི་ཡོང་ཞེས་རེ་སྒུག་བྱས་ཏེ། གནས་ཚུལ་གསང་བ་བྱས།  དེ་སྐབས་ཕྲན་རང་ལ་མཚོན་ན། ཁོང་ལ་ཐད་ཀར་ཕན་ཐོགས་པའི་བྱ་ཐབས་བྲལ་ཏེ། ༧གོང་ས་ཐམས་ཅད་མཁྱེན་པར་ཐུགས་སྨོན་སྐྱབས་འཇུག་ཅིག་གནང་སྐྱོང་ཡོང་བ་ཞེས་སྐྱབས་འཇུག་ཞུས། ལྷག་པར་དུ་སྒོ་ཤེས་རབ་རྒྱ་མཚོ་མཆོག་ལ་མཚོན་ན། ལྟ་བའི་མིག་དང་། ཁོག་པའི་སྙིང་ལྟ་བུ་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉག་གཅིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་རེད། ཡིན་ཡང་། ད་བར་དུ་གནས་ཚུལ་ལ་བཟང་ངོ་ཅི་ཡང་མ་ཤར་སྟབས། ད་ཆ་བོད་གཞིས་བྱེས་གཉིས་ཀས་གསོན་པོའི་མྱི་བདག་དང་། ཤི་བོའི་རོ་བདག་ཟེར་བ་ལྟར་ཐབས་བརྒྱ་ཇུས་སྟོང་ལ་འབད་དགོས་པའི་དུས་སུ་སླེབས་ཡོད་པར་མཐོང་ལ།
ངས་འདི་ལྟར་མཚམས་སྦྱོར་མདོར་བསྡུས་ཤིག་འབྲི་དོན་དེའང་། ད་ཆ་སྒོ་ཤེས་རབ་རྒྱ་མཚོའི་ལས་དབང་དེ་རླུང་ནང་གི་མར་མེ་ལྟ་བུའི་ཆེས་ཛ་དྲག་ཅིག་གི་ནང་ཡོད་སྟབས། ཁོང་གི་མ་འོངས་པ་དེ་སླར་ཡང་ང་ཚོ་དང་མཉམ་འཛོམས་ཤིག་ཡོང་གི་ཡོད་དང་། ཡང་ན། བློ་ཡུལ་དུ་མི་ཤོང་བའི་དོན་རྐྱེན་གཞན་ཞིག་གི་ཕྱོགས་སུ་འགྲོ་གི་ཡོད་ཤོད་དཀའ་བར་གྱུར་མཚམས་འདིར། ཁོང་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་གལ་ཆེ་སྙམ་གྱིས་སྤེལ། །

བསམ་ཚུལ།

Post navigation

Previous Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 10
Next Post: སྒོ་ཤེས་རབ་རྒྱ་མཚོ་དང་ཁོང་གི་རིག་གཞུང་བསམ་བློའི་ཞིབ་འཇུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme