Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོ་ཤེར་གྱི་འགྱོད་གདུང་ལ་ལྟ་བ།

Posted on 2014-01-202014-01-20 By ཁ་བརྡ་ 36 Comments on སྒོ་ཤེར་གྱི་འགྱོད་གདུང་ལ་ལྟ་བ།

ཨོ་རྒྱན་ཉི་མ།

ཞོགས་དུང་། སྨན་བླ་སྐྱབས། སྒོ་ཤེར་ཁྱོད་ཚོའི་ཁ་དེ་ལ་བདག་པོ་དང་། ལག་དེ་ལ་ཚོད་འཛིན་མེད་པའི་རྒྱུ་མཚན་གྱིས་ལས་མཐའ་འདིར་ཐུག་སོང་བ་རེད། ད་<<འགྱུར་ལྡོག་གིས་བསྐྱེད་པའི་སེམས་ཁྲལ།>>ཇེ་ཆེ་དང་། ཡིད་རྟོན་དང་། བག་ཕེབས་ཟེར་བ་དེ་ལོ་རྒྱུས་ཙམ་དང་། གཏམ་རྒྱུད་ཙམ་ལས། དོན་དངོས་མིའི་སེམས་ཁམས་དང་གཏན་དུ་གྱེས་ཕྱག་ཞུ་བཞིན་པ་རེད། འདི་དག་ཚང་མ་<<བག་ཆགས་དོང་སྤྲུག>> <<ཕྱིར་རྟོག>> <<ངོ་ཚོ་སད་རན།>>ཞེས་པའི་ལོག་དེབ་དེ་ཚོས་བསྐྱེད་པ་རེད། ཁྱོད་རང་གིས་རྡུག་སྐད་ཤོར་ལུགས་ལ་ལྟོས་དང་། ལོག་དེབ་དེ་ལ་རིན་ཐང་ཞིག་འདུག་གམ། མ་གཞི་ནས་ཁྱོད་ཀྱིས་བྲིས་པའི་ལོག་དེབ་ལྟ་མ་མྱོང་ལ། ངས་དེབ་དེ་ཀློག་པ་ལ་འབད་བརྩོན་མ་བྱས་པ་དང་། མ་འཕྲད་པ་དེ་ཡང་བསོད་ནམ་ཞིག་ལོས་ཡིན་བསྙམ་ནས་བསྡད་ཡོད།

ཁ་བརྡ་ལ་དགའ་བའི་གྲོགས་པོ་རྣམ་པ། སྒོ་ཤེར་གྱིས་འགྱོད་པའི་སྨྲེ་སྔགས་ལ་ལྟོས་དང་། <<སྔར་གྱི་བགྲེས་སོང་རྣམས་དང་མི་མཚུངས་པ་ཞིག་ལ། མི་རབས་གསར་པ་དག་ནི་རང་ཉིད་སྡུག་རབས་དང་། གཙེས་རབས། མནར་རབས་ཀྱི་སྨྲེ་ངག་འདོན་པར་དགའ་ན་ཡང་། སྐྱེ་བོ་གཞན་གྱི་དཀའ་སྡུག་ལ་སེམས་ཁུར་དང་གདུང་སེམས་ཀྱི་ཚོར་བ་དེ་ཙམ་མེད་པར་མ་ཟད། གཞན་ལ་རང་བྱུང་གནོད་སྐྱོན་ཕོག་ཚེ་དགའ་འབོད་སྒྲོག་པའི་རྣམ་འགྱུར་ཚུན་ཆད་ཀྱང་བསྟན་བྱུང་བ་མིན་ནམ། དེ་ལྟར་བསམ་ན། ད་ནི་སྙིང་རྗེའི་བློ་དང་། བརྩེ་བའི་སེམས་རྩ་བར་གྱུར་པའི་བོད་པའི་གོམས་གཤིས་དང་། བག་ཆགས་མང་པོ་ཞིག་གནའ་གཏམ་དུ་འགྱུར་ལ་ཉེ་ཞིང་། གནའ་སྒྲུང་དུ་ཆགས་ལ་ཉེ་བའི་སྔ་ལྟས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདྲ་བས། རང་གིས་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་། གལ་ཏེ་མུ་མཐུད་དུ་འདི་ལྟར་སོང་ན། ནམ་ཞིག་བོད་ལ་དམངས་གཙོའི་ལམ་ལུགས་ཚུགས་ཤིང་། རང་དབང་གི་སྤྱི་ཚོགས་ཤིག་གྲུབ་པའི་དབང་དུ་བཏང་རུང་། མི་དང་མིའི་བར་མཛའ་བརྩེ་དང་། ཕན་སེམས་ཀྱི་ཀུན་སློང་མེད་པར་གྱུར་ཚེ། བདེ་སྐྱིད་ཀྱི་འཚོ་བའི་ཇི་ལྟར་རོལ་ལམ? མི་ཚེའི་རིན་ཐང་ཇི་ལྟར་མངོན་ནམ?>>འདྲི་རྟགས་དང་པོ་ཁྱོད་རང་ཚོའི་རྣམ་རྟོག་ལ་བཀོད། ལན་ཡང་ཁྱོད་རང་དང་ལྟ་སྤྱོད་མཐུན་པ་ཚོས་མཉམ་རུབ་ཀྱིས་འདེབས་པའི་དུས་ཚོད་རེད།

ད་ཕྱི་སོང་ནི་རེད་ཞི་ལི། གནའ་མིའི་དཔེ་ལ། ཨ་མའི་ཁ་རྨ་དེ་སོས་མེད། ཨ་ཕའི་ལག་རྨ་དེ་སོས་ཡོད། ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་བ་རེད། མཆིལ་མ་ཐང་ལ་འཕེན་ཚར་དུས་གྱེན་ལ་བླང་ནས་ནོར་བ་རེད། དང་པོ་ནས་བསམ་བློ་ཡག་པོ་གཏོང་ཐུབ་ན་མཁས་པ་རེད། ཕྱིས་སུ་འགྱོད་ན་བླུན་པོ་ཟེར་བ་རེད།

དགུ་རོང་སྤུན་གྲོལ་ཟེར་བ་དེས་སྒོ་ཤེར་ཁྱོད་དང་། མཁན་པོ་ཚུལ་བློ་གཉིས་མཚུངས་པར་བཤད་དེ། ས་ལྡིང་གནས་ལྡིང་བྱེད་ཀྱིན་འདུག་མོད། ངས་བལྟས་ན་ཁྱོད་རང་གི་རང་གཤིས་དང་། མཁྱེན་པའི་ཡོན་ཏན་གང་ཅིའི་ཐད་ནས་མཁན་པོ་ཚང་དང་གཏན་ནས་མི་འདྲ་བར་འདོད། དེ་ཕྱིར་རང་གིས་རང་ལ་ཡིད་རྟོན་དེ་ཙམ་ཡོད་རྒྱུ་མ་རེད་དེ། ཡོད་ན་ཡང་ནོར་བ་རེད། མ་གཞི་ནས་ཁྱོད་ཀིརྟི་དགོན་པ་ནས་རྒྱ་ཕུད་བཏང་བའི་གནས་ཚུལ་དེ་རྗེས་སུ་ཡི་རང་ཞུས་མྱོང་། གང་ཡིན་ཞེ་ན་རང་སྣང་གང་ཤར་ཡོད་ཚད་ཁ་ནས་ཐོན་མཁན་དེ་ལ་གནས་ལུགས་ཡོད་ཀྱང་། སྨྱོན་པ་ཞེས་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་ལ་དེ་ལྟར་བསྙད་པ་རེད།

འཇིག་རྟེན་འདིར་སྐྱོན་མེད་ཡོན་ཏན་ཁོ་ན་འདོད་མཁན་མང་ཡང་། སྐྱོན་ཡོན་འདྲེས་མར་སྤྱོད་དེ་འགྲོ་བ་ལས་སྐྱོན་ཆ་ཚང་སྤོང་ཐུབ་མཁན་དཀོན་པོ་རེད། དེ་ཕྱིར་དཀོན་མཆོག་ཟེར་བ་དེ་ཟུར་དུ་བཞག་པ་རེད། ད་ལྟའི་ཁྱོད་ཀྱི་འགྱོད་པ་ནི་ཆུང་ཆུང་རེད། དུས་ནམ་ཞིག་གི་ཚེ་བོད་མི་ཕལ་ཆེ་བ་ལོག་ལམ་དུ་ལྷུང་ཞིང་། མཐོ་སྒང་འདིར་ལོག་སྨྲ་བས་གང་ཞིང་། སེམས་སྡུག་གི་མུན་པས་གཙེས། ཕ་མ་སྤུན་མཆེད། ནང་མི་གཉེན་འབྲེལ་ཆ་ཚང་། ནང་ཕན་ཚུན་ལ་ཡིད་ཆེས་གཏན་དུ་བྲལ་བ་ན། དེ་དུས་ཁྱོད་ཚོའི་འགྱོད་པ་ནི་གངས་རི་མཐོན་པོ་དེ་དང་། རྫ་རི་མཁྲེགས་པོ་དེས་ལྕོག་ཐབས་བྲལ་ལ། སྨན་པས་གཤག་བཅད་ད་ང་། ཚན་རིག་པས་ཞིབ་འཇུག་གིས་མི་ཕན། ཡོད་ཚད་ནས་ཡོད་ཚད་སྨྱོ་ནད་གྱིས་ཟིན་ངེས་སོ། །

སྣ་ཚོགས།

Post navigation

Previous Post: ལེན་རྒྱུ་སྐྱུར་རྒྱུ་གཉིས་ཀ་ཡོད་པའི་བགྲོ་གླེང་།
Next Post: མི་རྐྱང་གི་འགྲུལ་བཞུད།

Comments (36) on “སྒོ་ཤེར་གྱི་འགྱོད་གདུང་ལ་ལྟ་བ།”

  1. ལྷ་མོ། says:
    2014-01-20 at 12:43 am

    གསེར་དང་མཚུངས་པའི་རྣམ་དཔྱོད་ལ། །
    རང་སྐྱོན་མི་ཤེས་ཕུང་གསུམ་པས། །
    འཕྱ་སྨོད་ག་ཞ་འདོན་པ་འདི།།
    གཟུར་གནས་མིག་ལ་མཛེས་མ་ཡིན། །

  2. ཁེར་བུད། says:
    2014-01-20 at 1:00 am

    རང་གི་བློར་མ་བབས་ཚེ། བྱས་རྗེས་དང་ལྷག་བསམ་རིག་སྟོབས་ཅན་དག་ལ་མདའ་འཕེན་མདུང་འཛུགསབྱེད་པར་ཅི་མི་སྙམ་པ་འདི་ནི། རྗེས་ལུས་དང་རྨོངས་ཞེན་གྱི་རང་རྟགས་གཤའ་མ་རེད་ཡ། ་

  3. བཀྲ་ཤིས་དོན་འགྲུབ། says:
    2014-01-20 at 1:28 am

    ཨྱོན་ཉི་མ་ཟེར་བ་འདི་སྔ་མོ་ནས་ཀླད་པ་རུལ་ཚར་བ་ཞིག་ཏུ་ཐག་བཅད་ཡོད་མོད། འདི་འདྲའི་ཐུ་པོ་ཞིག་ཡིན་གྱི་རེད་རྩ་བ་ནས་དྲན་མ་སོང་། དངོས་གནས་མི་འདི་ཐང་ཐང་མི་འདུག ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

  4. བཀྲ་ཡེ་ཚང་། says:
    2014-01-20 at 1:56 am

    ཧ་ཧ་ཧ་་་ངོ་མ་སྨྱོན་པ་ཆགས་ཡིན་ས་རེད། རླབས་ཆེན་གྱི་སྐྱེས་བུ་ཁོང་ཚོ་བསྡུར་ན་ཁྱོད་ནི་ཁོང་ཚོའི་སྐྱག་པའི་ནང་གི་སྐྱག་འབུ་ཞིག་ཚདལོུང་ན་བསོད་ནམས་རེད་ལོ།

  5. གནམ says:
    2014-01-20 at 2:14 am

    སྨན་བླ་སྐྱབས་ཡག་པོ་བྱས་ནས་འདུག་གི་བཅུག་ཨ། ཁོ་རེ། འཛམ་བུ་གླིང་། ཟོས་ཡོང་། ཁ་ལ་མ་ཉན་ན། བླ་མ་ཡིན་རུང་རྐུབ་ཀི་ནང་ལ་ཚ་ཐག་ཆོད་ཅིག་བླུག་གི་ཡིན་ཐལ། ཧ་ཧ་ཧ།

  6. རུ་ཤུལ་བུ་ says:
    2014-01-20 at 3:04 am

    སྒོ་ཤེར་གྱི་དེབ་མ་ཀློག་པར་དེབ་ཀྱི་བརྗོད་དོན་རྟོགས་པ་འདི་ཨོ་རྒྱན་ཉི་མའི་ཐུན་མོང་མ་ཡིན་པའི་ཡོན་ཏན་རེད། ཁོའི་བཤད་ཚད་འདི་རེད། ཕྱོགས་སྔའི་ནམ་མ་ལངས་གོང་དགག་བཞག་གི་ཉི་མ་ཟེར་བ་འདི། ངོ་མ་དགོད་རྒྱུ་རང་གི་ཅི་བཤད་ཀི་ཡོད་པ་ཡང་ཤེས་མི་འདུག ད་དུང་གཞན་ལ་་་་་་་་་་་་་་་་་་་་་་་་་་་་་་་་་

  7. ཆུ་ཐིགས་སྔོན་མོ says:
    2014-01-20 at 3:04 am

    ངེས་དོན་གྱི་མཁས་པ་ཆེན་པོ་ཨོ་རྒྱན་གཉིས་པ་ཉི་མའི་མཚན་ཅན་ལ་གུས་ཕྱག་སྔོན་དུ་བཏང་སྟེ་ཞུ་བར་བྱ་བ་ནི་་་སྐུ་ཉིད་གང་མགྱོགས་ཅི་མགྱོགས་ཀྱིས་རྡ་སའི་ཉེ་འདབས་ཀྱི་ནོར་གླིང་སྙིང་སྟོབས་གླིང་དུ་ཕེབས་ན་ཡག་པོ་མེད་འགྲོ་དྲན་གྱི་འདུག་པས་སྐུ་ཉིད་ཀྱིས་ཐུགས་བསམ་ལྷོད་པོ་ཞིག་བཞེས་རོགས་གནང་་་་་འཕྱི་དྲགས་ན་རྦད་དེ་འཕྲོ་བརླག་ལ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ་བས་གླིང་དེར་ཕེབས་རྒྱུ་དགོངས་དབྱིངས་སུ་འཇགས་པར་འཚལ།

  8. ཨ་ནུ་ཐང་བསོད་ནམས། says:
    2014-01-20 at 4:47 am

    བོོད་མི་རྣམས་ཀྱིས་གོ་རྟོགས་སད་ན་ཨོ་ཉི་ལ་སྦྱིན་བདག་བྱེད་མཁན་དཀོན་ལ། བླ་མ་ཟེར་ནས་གོང་དུ་བཀུར་མཁན་དེ་བས་མེད་པས་རང་དོན་དང་བབ་ཚེ། མི་སུ་ཡིན་ཡང་སྙིང་རླུང་ན་བར་ཆོས་ཉིད་ཡིན་པས་ཨོ་ཉི་ལ་ཁག་མི་འདུག བསམ་ཤེས་བཏང་ཐུབ་ཀྱིན་འདུག འོན་ཀྱང་། བོད་མི་རྣམས་བྲན་གཡོག་གིས་ཟད་ཅིང་བླ་གཡོག་གི་རྒས་ན་མི་རིགས་འདི་འཆི་རྐྱེན་དུ་འགྱུར་ཞིང་། མི་རིགས་གཞན་གྱི་བཙན་འོག་ཏུ་འཆི་བས་མ་ངེས་སོ།
    ནང་ཆོས་མེད་ན་བཟང་སྤྱོད་མེད་འདོད་ན་ཁ་ཆེ་་མེད་ན་ཡ་རབས་མེད་ཅེས་བ་དང་གཅིག་མཚུངས་ཡིན་པས་མ་ངེས་སོ། ནུབ་ཕྱོགས་ཆོས་མེད་རིང་ལུགས་ཀྱི་མི་གཞི་ཆོས་ལུགས་ཡོད་མཁན་གྱི་རྒྱ་གར་དང་། ཨ་རབ་རྒྱལ་ཁབ་ལས་ལྡབ་མང་པོའི་བཟང་ལ། ནང་པའིི་རྒྱལ་ཁབ་མང་པོའི་མི་གཞི་ལས་ཀྱང་ཧ་ཅང་ཡག་པ་མ་ཟད། བདེ་འཇགས་ཀྱང་ཡིན་པ་མཐོང་ཆོས་རེད།

  9. ཅོ་རི་ཉི་མ། says:
    2014-01-20 at 5:40 am

    ཨོ་ཉི་་་་ཁྱོད་རང་་་་བོད་པའི་སྤྲུལ་ཆུང་ཕུང་སུམ་པ་ཚོ་གསོད་ཀྱི་ཡིན་ཟེར་མཁན་ཞིག་གིས་ངོས་ནས་བྱམས་དང་སྙིང་རྗེ་བཤད་པའི་ཐོབ་ཐང་ཅང་ལྷག་ཨེ་ཡོད་ན། ལྷག་པ་ཏུ་ཐེག་ཆེན་པའི་སྤྱོད་པ་བཤད་པའི་ཐོབ་ཐང་ཁྱོད་ལ་མེད། ཕུང་སུམ་པ་ཚོ་ཡང་མ་གྱུར་གྱི་སེམས་ཅན་ཡིན་པའི་ཕྱིར། རྟགས་ཁེད།

    ཞོགས་དུང་དང་སྨན་ལྷ་སྐྱབས། དགེ་ཆོས་དང་དོན་འགྲུབ་རྒྱལ། སྒོ་ཤེར་དང་མདའ་སྨྱུག་་་་སོགས་ཀྱིས་ཁྱོད་ཀྱི་བཀོར་ཕོར་བཅག་ཡོང་གི་ཡོད་ན་་་ཁ་ཐུག་ལབ་རོགས།་་་་ཧཧཧ
    ངས་བྱས་ན་ཁྱོད་རང་ཁ་བཙུམ་ནས་སྡོད་དང་དགའ། སྒོ་ཤེར་ལགས་ཀྱིས་ཁྱོད་ལ་འགྲོ་སྟངས་འདུག་སྟངས་མི་ཤེས་པ་བཟོ་ཡོང་། ཁྱོད་ལ་རིག་གནས་ནི་མེད། ཁ་ཚིག་ནི་མེད། རྣམ་དཔྱོད་ནི་མེད།

  10. བསྟན་འཛིན་རྒྱལ་པོ། says:
    2014-01-20 at 5:45 am

    ཨོ་ཉིས་རང་མཚང་རྦད་དེ་བསྟན་སོང་བ། དཀོན་མཆོག་མཁྱེན། མི་འདི་ལྟ་བུ་ནི་འཛམ་ནང་གི་ལྷག་མ་དང་སྤྱི་ཚོགས་ནང་གི་ཟས་རྫོད་རེད།

  11. ཅོ་རི་ཉི་མ། says:
    2014-01-20 at 5:50 am

    བོད་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་ཆེ་ཤོས་སྒོ་ཤེར་ལྟ་བུའི་གྲྭ་པ་མང་པོ་ཕེབས་ཐུབ་མིན་ལ་རེག་ལུས་ཡོད། གྲྭ་རྐྱང་མཁས་པ་ཚོའི་ནང་ནས་སྒོ་ཤེར་ལྟ་བུའི་གྲྭ་པ་མང་རེ་སོང་ན་བོད་ཀྱི་ཆོས་སྲིད་གཉིས་ཀ་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ངེས་རེད་འདོད།། ངོ་མ་འདི་ནི་རེ་བ་ཡིན། སེམས་ཁུང་གི་རེ་བ་ཡིན། རེ་སྨོན་ཡིན། ཆོས་ལུགས་པའི་བྲན་གཡོག་མཇུག་སྒྲིལ་ཐུབ་པའི་རེ་བ་ཡིན། ཆོས་ལུགས་པའི་སྒེར་གཅོད་འོག་ནས་ཐར་ཐུབ་པའི་རེ་འདུན་ཡིན་ནོ།།

  12. འཕྲུལ་གྱི་བཙན་པོ། says:
    2014-01-20 at 6:40 am

    གོང་གི་དེབ་དེ་དག་མ་བཀླགས་པར་ལོག་རྟོག་གི་དེབ་ཡིན་པ་གང་ནས་ཤེས་སོང་། མི་སུམ་ཅུ་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུ་རྭ་ཁ་དྲུག་ཅུ་ཟེར་གནའ་མིའི་བོད་ཀྱི་གཏམ་དཔེ་དེ་གོ་མ་མྱོང་ནས། འུ་ཅག་གི་སྤྱི་ཚོགས་འདིར་བསམ་བློ་གཤག་བཅོས་བྱེད་དགོས་ན་ལྟ་བ་སྣ་ཚོགས་དར་དགོས་ལ་ལྷག་པར་དུ་ཞོགས་དུང་དང་སྒོ་ཤེར་སོགས་ངེས་པར་དུ་མཁོ།

  13. གསར་བུ། says:
    2014-01-20 at 7:06 am

    མི་ཡི་ལུས་ལ་གླང་གི་རྣམ་དཔྱོད་ཅན།།
    ཨོ་རྒྱན་ཉི་མིའི་ཐུགས་ལ་ཕྱག་འཚལ་ལོ།།
    ཅེས་བསྟོད་པ་སྔོན་དུ་བཏང་ནས་ཁ་བཏགས་སེར་པོ་ཞིག་དང་སྒྲོ་ལོ་བམ་པོ་ཞིག་མཐོ་རུ་གཏེགས་བཞིན་བྲང་གི་མྱོས་བུམ་ཟུང་ལྷུག་ལྷུག་གིས་གསོལ་བ་བླ་ལྷག་ཏུ་འདེབས་དོན།
    མི་ཤེས་ཤེས་མདོག་དང་མི་མཁས་མཁས་མདོག་གིས་བཀུར་འོས་སྐྱེས་ཆེན་ཞོགས་དུང་དང་སྨན་བླ་སྒོ་ཤེར་སོགས་ལ་ཅིག་བཤད་ཐུབ་པའི་ཚད་ཅིག་སྐྱེ་བ་འདི་ཁྱེད་སྐུ་ཉི་མ་སེར་པོ་སླེབས་མི་ཐུབ་པ་ཡེ་ཤེས་སྤྱན་ཡངས་ཀྱིས་གཟིགས་ན་ཅི་མ་རུང་སྙམ་པ་དང་།
    འདིར་ཞུ་དོན། ཨོ་རྒྱན་གླང་གང་ཉིད་ཀྱིས་སྒོ་ཤེར་གྱི་གསུངས་རྩོམ་ལ་གླང་སྤྱན་གྱིས་གཟིགས་ཙམ་ཡང་མ་གནང་བར་ཉ་ཉོག་ལུང་བ་གང་བཤད་ཐུབ་པ་ཙམ་གྱིས་གདུལ་བྱ་ཐ་མལ་བ་ང་ཁྱོད་ཀྱི་མཁྱེན་པ་ལ་དད་པའི་སྤུ་ལོང་གཡོ་བཞིན་ཡོད་པ་ལགས་ན་རྗེས་ཕྱོགས་ཡང་དེ་བཞིན་རང་འཚང་མང་ཙམ་སྟོན་པའི་ཐུགས་རྗེ་མི་ཆུང་བར་མཁྱེན་མཁྱེན།

  14. རྩེ་རྒྱལ། says:
    2014-01-20 at 7:07 am

    ཧ་ཧ་ཧ!!!!!!!!!!! ཁོ་རེ་ཨོ་ཉི་ཁ་གཅིག་ལྕེ་གཉིས་མ།
    ལྟ་མ་མྱོང་ཀློག་མ་མྱོང་ན་ཁྱོས་དེ་དག་ལོག་དེབ་ཡིན་པ་གང་གིས་ཤེས།
    ཁྱོའི་ཟ་རྒྱོ་དཀོར་བསྡུས་ཤེས་ན་མ་གཏོགས་གཞན་གང་གིས་མི་ཤེས་པ་ཐག་ཆོད།

  15. ཆབ་བྲག་ཕོ་ཉ། says:
    2014-01-20 at 8:36 am

    ཤིག་གསོད་པར་སྟ་རེ།

  16. ཆབ་བྲག་ཕོ་ཉ། says:
    2014-01-20 at 8:39 am

    མེ་འབར་བའི་སྒོ་ཤེར།
    “ད་རེབ་ཀྱི་གནས་ཚུལ་འདི་ནི་སྒེར་གཅོད་མི་གཅོད་དང་འབྲེལ་བ་མེད་པའི་རང་བྱུང་གོད་ཆག་ཅིག་རེད་ཨང་། སྤུན་ཟླ་ཚོའི་གཞིས་ཁྱིམ་མེ་རུ་ཤོར་དུས་དང་། ཆོས་གྲོགས་ཚོའི་སྡོད་ཤག་ཐལ་བར་གྱུར་དུས། དགའ་འབོད་དང་ཐལ་སྒྲ་སྒྲོག་མཁན་གྱི་བོད་མི་ཡོད་པ་གོ་མ་ཐག་ཏུ། བླ་རུང་གི་གྲྭ་ཤག་དེ་དག་དང་འདྲ་བར་སྐད་ཅིག་ཉིད་ལ་ངའི་སེམས་པའང་མེ་རུ་འབར་སོང་། སྙིང་ཁོང་དུ་བས་བཙངས་བྱུང་། ན་ཟུག་དང་ཚ་གཟེར་སྐྱེས་བྱུང་།”

  17. དགེ་འདུན་རྒྱ་མཚོ། says:
    2014-01-20 at 8:41 am

    ཨོ་རྒྱན་ཉི་མི་ནི་རྙོག་གྲ་མེད་ན་ཉི་མ་མི་འགྲོ་བའི་གྲས་རེད་པ།

  18. ཅོ་རི་ཉི་མ། says:
    2014-01-20 at 8:44 am

    ཨོ་ཉིས་ཉོན་ཨ་་་་་་་ཁྱོད་ཀྱིས་་་་ནམ་ཞིག་བོད་ལ་དམངས་གཙོའི་ལམ་ལུགས་ཚུགས་ཤིང་། རང་དབང་གི་སྤྱི་ཚོགས་ཤིག་གྲུབ་པའི་དབང་དུ་བཏང་རུང་། མི་དང་མིའི་བར་མཛའ་བརྩེ་དང་། ཕན་སེམས་ཀྱི་ཀུན་སློང་མེད་པར་གྱུར་ཚེ། བདེ་སྐྱིད་ཀྱི་འཚོ་བའི་ཇི་ལྟར་རོལ་ལམ?་་ཞེས་བཤད་འདུག དྲི་བ་ཡིན་མདོག་མདོག་རེད་འདུག

    ལན།
    དམངས་གཙོ་ཡང་དག་པའི་ལམ་ལུགས་ཤིག་ཚུགས་པ་ལ་མི་དང་མིའི་བར་དུ་འདྲ་མཉམ་དང་གུས་བཀུར་དགོས་པ་སྔོན་དུ་འགྲོ་དགོས། མི་དང་མིའི་བར་དུ་མཛའ་བརྩེ་དགོས་པ་སྔོན་དུ་འགྲོ་དགོས། མི་དང་མིའི་བར་དུ་མཛའ་བརྩེ་དང་འདྲ་མཉམ་གྱི་འདུ་ཤེས་མེད་ན་དམངས་གཙོ་ཡང་དག་པ་ཞིག་ཡོང་མི་སྲིད།

    དཔེར་ན། སྤྲུལ་སྐུ་མང་བའི་ཡུལ་ལུང་བོད་ལྟ་བུ་ལ་མཚོན་ན། མི་དང་མིའི་བར་མཛའ་བརྩེ་མེད་ལ་འདྲ་མཉམ་མེད། བླ་སྤྲུལ་རྣམས་པ་སངས་རྒྱས་ཀྱི་སྤྲུལ་པ་དང་ཐམས་ཅད་མཁྱེན་པ་ཡིན་ཞེས་གོང་དུ་བཀུར་དགོས། མི་དམངས་ནི་སྐྱེ་བོ་ཕལ་དང་ཉོན་རྨོངས་རྒྱུད་ལྡན་གྱི་གང་ཟག་ཡིན་ཞེས་མཐོང་ཆུང་བྱེད་འོང་། འདྲ་མི་མཉམ་པའི་གནས་ལུགས་གཅིག་རེད།

    བླ་སྤྲུལ་རྣམས་པ་ནི་སླུ་བ་མེད་པ་དང་ཚད་མའི་སྐྱེ་བོ་ཡིན་པས་རྒྱལ་ཁབ་སྤྱིའི་གནད་དོན་ཐག་གཅོད་པ་ལ་མཆོག་ཏུ་གྱུར་པ་བརྩི་དགོས། ཁོང་རྣམས་པའི་ཅི་གསུངས་བཀའ་ཡི་རྗེས་སུ་ཤར་བསྐྱོད་བྱེད་དགོས། བླ་སྤྲུལ་ཚོའི་བཀའ་ཡི་རྗེས་སུ་ཤར་བསྐྱོད་བྱེད་དགོས་པའི་མི་དམངས་ཤིག་ལ་རྒྱལ་ཁབ་ཀྱི་གནད་དོན་ཐག་གཅོད་བྱེད་པའི་དབང་ཆ་མེད། སོ་སོའི་རྒྱལ་ཁབ་ཀྱི་གནད་དོན་ཐག་གཅོད་པའི་དབང་ཆ་གཙོ་བོ་མི་དམངས་ལ་མེད་ན་དམངས་གཙོ་ཡང་དག་པ་མིན།

    མི་དང་མིའི་བར་ལ་མཛའ་བརྩེ་མེད་ན་ཕར་ཕྱོགས་ཀྱི་ཉམ་ཆུང་རྣམས་ལ་རིན་ཐང་མི་སྤྲོད། སྤྱིའི་པའི་གནད་དོན་ཐག་གཅོད་བྱེད་པའི་དབང་ཆ་མི་སྤྲོད། དཔེར་ན། དགོན་པ་ཞིག་ལ་ཆ་བཞག་ནའང་དགོན་པའི་གནད་དོན་ཐག་གཅོད་བྱེད་མཁན་གཙོ་བོ་སྤྲུལ་སྐུ་རྣམས་ཡིན་པ་ལས་གྲྭ་དམངས་མིན། སྐད་ཆ་འདི་དག་གི་སྐོར་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བཀའ་མོས་ཡག་པོ་ག་འདྲ་གནང་འདུག བཀོར་ཁུག་ཁྱོད་རང་ཁོང་གི་བཀའ་མོས་སློབ་སྦྱོང་བྱེད་མཁན་རྒྱུགས་་་་་་་ཤེས་སོང་ངམ།

  19. ཆབ་བྲག་ཕོ་ཉ། says:
    2014-01-20 at 8:46 am

    སྒོ་ཤེར་གྱི་རྒྱང་མཐོང།
    “གྲོགས་པོ་ཚོ། འུ་ཚོས་འདྲ་མཉམ་དང་། རང་དབང་། ཐོབ་ཐང་། དམངས་གཙོ་སོགས་གླེང་དོན་ནི། འཛམ་གླིང་གཙོ་རྒྱུགས་དང་མཐུན་པའི་ཤེས་དཔལ་གྱི་ལམ་ལུགས་ཤིག་བོད་ལའང་ཡོད་ན་ཅི་མ་རུང་སྙམ་སྟེ། ལམ་ལུགས་དེའི་འོག་ཏུ་བོད་མི་རེ་རེ་རྩིས་ཐང་ལྡན་པའི་ངང་ནས་འཚོ་ཐུབ་པའི་སྐལ་བ་ཞིག་བསུ་བའི་ཆེད་མ་རེད་དམ།

    དེ་བཞིན་དུ་འུ་ཚོས་དགག་སྒྲུབ་དང་། དོགས་སློང་། དཔྱད་བརྗོད་སོགས་བྱེད་དོན་ཡང་། རང་གི་སྲོལ་རྒྱུན་གྱི་རིག་གནས་དང་གོམས་གཤིས་ལ་ཕྱི་དོར་བྱས་ནས་དེ་ལ་འོད་མདངས་གསར་པ་ཞིག་རྒྱས་སུ་འཇུག་འདོད་པ་དང་། གཞན་གྱི་ཁོག་རྒྱ་དང་བློ་གྲོས་ཀྱི་ས་བོན་བོད་དུ་དྲངས་ཏེ་སྣ་ཚོགས་ཤེས་རིག་གི་དགའ་ཚལ་རང་ལ་སྨིན་དུ་འཇུག་འདོད་པས་ཡིན་གྱི། རང་དང་ལྟ་ཚུལ་མི་མཐུན་པ་དང་། དགའ་མོས་མི་མཚུངས་པ་དག་ལ་ཕན་ཚུན་དགྲ་རུ་བལྟས་ཤིང་། གྱོད་དུ་གྱུར་ཏེ། གཅིག་གི་མགོར་སྡུག་ཐོན་དུས་གཅིག་ཤོས་ཀྱིས་དགའ་འབོད་སྒྲོག་པའི་ལམ་དུ་འགྲོ་རྒྱུ་གཏན་ནས་མ་ཡིན་ཨང་།”

  20. ཅོ་རི་ཉི་མ། says:
    2014-01-20 at 8:49 am

    སྐྲ་རིང་མ་་་ཤིག་སུ་རེད་དམ། སུ་ལ་མཐོང་ཆུང་བྱེད་ཀྱི་ཡོད་དམ།

  21. ཆབ་བྲག་ཕོ་ཉ། says:
    2014-01-20 at 8:50 am

    སྒོ་ཤེར་གྱིས་མཐོང་བའི་ཕ་མེས་ཚོ།
    “འོན་ཀྱང་ཁྱད་མཚར་ཞིག་ལ། གཞན་གྱི་སྡུག་བསྔལ་གླེང་ན་མིག་ཆུ་འཆོར་སླ་བའི་བགྲེས་སོང་དེ་ཚོས། རང་ཉིད་ཀྱིས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་ཕྱིར་དྲན་བྱས་དུས་མིག་ཆུ་གཏོང་བ་ཧ་ཅང་ཉུང་། འཇིག་རྟེན་ཞིག་གི་ཆག་འཇིག་ཡོད་ཚད་ཀྱི་མྱོང་བ་དངོས་སུ་བརྒྱུད་པའི་ཁོ་ཚོར་མཚོན་ན། མུ་གེས་གཟིར་བའི་ལོ་ཟླ། འཐབ་རྩོད་ཀྱིས་མནར་བའི་བསྐལ་བ། “རིག་གསར”གྱིས་བཅུན་པའི་དུས་ཚིགས་སོགས་སུ་རང་ཉིད་ཀྱི་མགོ་ལ་ཆག་སྒོ་ཅི་བྱུང་ཞིབ་ཕྲ་གསུང་རྒྱུ་ལོས་ཡོད་དེ། དེ་དག་རེ་རེ་བཞིན་གླེང་མོལ་གྱི་སྐབས་སུ། སེམས་པ་ལྷོད་ཤིག་གེ་དང་། ངོ་མདངས་བརྟན་ལྷང་ངེ་བྱེད་པ་ལས། མིག་ཆུ་འདོན་པ་ཕར་ཟད་དབུགས་འཚང་ཙམ་གྱི་རྣམ་འགྱུར་སྟོན་མཁན་ཡང་ཉུང་ལ། ད་རུང་ལན་རེར་སྡུག་བསྔལ་གྱི་མྱོང་བ་འཇིགས་རུང་དག་དགོད་ཞོར་རྩེ་ཞོར་དུ་སྨྲ་བར་བྱེད་དོ། །”

  22. ཆབ་བྲག་ཕོ་ཉ། says:
    2014-01-20 at 8:52 am

    སྒོ་ཤེར་གྱི་མིག་ཆུ།
    “དེ་ལྟར་བསམ་ན། ད་ནི་སྙིང་རྗེའི་བློ་དང་། བརྩེ་བའི་སེམས་རྩ་བར་གྱུར་པའི་བོད་པའི་གོམས་གཤིས་དང་བག་ཆགས་མང་པོ་ཞིག་གནའ་གཏམ་དུ་འགྱུར་ལ་ཉེ་ཞིང་། གནའ་སྒྲུང་དུ་ཆགས་ལ་ཉེ་བའི་སྔ་ལྟས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདྲ་བས། རང་གིས་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་། གལ་ཏེ་མུ་མཐུད་དུ་འདི་ལྟར་སོང་ན། ནམ་ཞིག་བོད་ལ་དམངས་གཙོའི་ལམ་ལུགས་ཚུགས་ཤིང་། རང་དབང་གི་སྤྱི་ཚོགས་ཤིག་གྲུབ་པའི་དབང་དུ་བཏང་རུང་། མི་དང་མིའི་བར་མཛའ་བརྩེ་དང་། ཕན་སེམས་ཀྱི་ཀུན་སློང་མེད་པར་གྱུར་ཚེ། བདེ་སྐྱིད་ཀྱི་འཚོ་བའི་ཇི་ལྟར་རོལ་ལམ? མི་ཚེའི་རིན་ཐང་ཇི་ལྟར་མངོན་ནམ?

    དངོས་གནས་ཏེ། གཡས་ནས་ཅིག་ཚང་མེ་ཤོར་དུས་འུ་ཚོ་དགོད་ཆོག་ལ། གཡོན་ནས་གན་ཚང་ཆུས་ཁྱེར་ཚེ་ཡང་འུ་ཚོས་འཕྱ་ཆོག་མོད། ཉིན་ཞིག འུ་ཚོ་རང་ཉིད་ཀྱི་སྡོད་ཁྱིམ་མེ་རུ་འབར་ཞིང་། མལ་ས་ཆུ་ཡིས་ཁྱེར་ན་ནི། འུ་ཚོའི་ཉེ་འཁྲིས་ཀྱི་མི་དེ་དག་གིས་ཀྱང་ཚུར་ལ་ཧབ་དགོད་དང་འཕྱ་མོད་བྱེད་ངེས་པས། དེ་དུས་འུ་ཚོས་ཇི་ལྟར་བྱའམ? དགོད་རྒྱུ་ཡིན་ནམ་ངུ་རྒྱུ་ཡིན? ཡང་ན?”

  23. ཆབ་བྲག་ཕོ་ཉ། says:
    2014-01-20 at 8:55 am

    སྒོ་ཤེར་ལ་སེན་མོ་རྣོ་བོ་དེ་འདྲ་ཡོད་བཞིན་ཁྱོད་ཚོས་སྟ་རེ་འཕྱར་བའི་ངལ་བ་དོན་མེད་མ་རེད་དམ།

  24. ཆབ་བྲག་ཕོ་ཉ། says:
    2014-01-20 at 8:58 am

    མཐོང་ཆུང་ཡིན་ལ་མཐོང་ཆེན་ཡང་ཡིན། མ་གོ་གླུ་ལ་འགྲེལ་བ་མེད།

  25. གནམ says:
    2014-01-20 at 9:04 am

    ཆབ་མེད་ལུང་བ་སྟོང་སྒྲ་ཅན།
    བྲག་མེད་རྫ་རི་འཇམ་ཤ་ཅན།
    ཆབ་བྲག་ལུང་བའི་ཕུག་ཐོ་ན།
    གསར་རྐོ་རྒྱུ་མེད་པ་ཤེས་བཞག་ཐལ། ཧ་ཧ་ཧ། ཨ་དགའ་རྩེད་མོ་ཡིན།

  26. ཅོ་རི་ཉི་མ། says:
    2014-01-20 at 9:04 am

    ་ཧཧཧཧཧ་་་་རེད་རེད

  27. གནམ says:
    2014-01-20 at 9:05 am

    གསེར་

  28. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-20 at 9:22 am

    ཆབ་ཆེན་པོ་ཀླུ་མོ་སྟོང་འཁོར་གྱི།
    བྲག་གཟར་མོ་དབུ་རྩེ་སྤྲིན་བརྟོལ་དེ།
    ཕོ་ང་འདྲའི་ཕ་ས་བཙན་པོ་སྟེ།
    ཉ་གསེར་མིག་གཤོག་དྲུག་ངོམ་ས་ཡང། ཧཧཧཧཧ་ངོ་མ་ཡིན།

  29. ཆོས་འཕེལ་དར་རྒྱས says:
    2014-01-20 at 10:02 am

    ཨ་ཡིན་ན་ཨོ་ཡིན་ན་མྱི་ཤེས་མོད། ཨོ་རྒྱན་པའི་སྐད་ཆ་རྣ་ལ་མྱི་འགྲོ་གི ་་་་་་

  30. གནམ says:
    2014-01-20 at 10:33 am

    ཆབ་འཕྱོ་རྒྱུ་མེད་སའི་ཆུ་མུག་ཅན།
    བྲག་རི་རྒྱུད་མེད་པའི་གཡང་གཟར་ཅན།
    ས་མི་བཙན་བུ་རྟ་མི་བཙན་སའི།།
    བྲག་སྐྱ་བོ་ཞིག་ལ་ཆེ་བསྟོད་མེད། ཧ་ཧ་ཧ། འདི་ཡང་རྩེད་མོ་ཡིན།

  31. མྱི says:
    2014-01-20 at 4:59 pm

    ཁ་ནང་ཡོང་ཚོད་ཞིག་བྲིས་འདུག་པ་ལས་དོན་སྙིང་བོ་མི་འདུག རྗེས་ཕྱོགས་རྩོམ་རེ་འབྲི་ན་དོན་གནད་ཡོད་པ་འབྲི་རོགས

  32. མདའ་ཚེ་དོན། says:
    2014-01-20 at 5:46 pm

    ཆབ་ད༓ངས་མོ་ཀླུ་མོ་སྟོང་གནས་ས།། བྲག་དམར་པོ་རྒོད་པོ་སྟོང་འཕུར་ས།།
    ས་གཉན་པོ་དུད་ཁ་སྟོང་གི་ཡུལ།།མདའ་བཙན་པོའི་ངོ་སོ་ཡར་ལ་བསྟོད།།

  33. ཨ་ནུ་ཐང་བསོད་ནམས། says:
    2014-01-21 at 6:19 am

    འཇིག་རྟེན་ཟེར་བ་ནི་མི་ཡག་པ་ཁོ་ན་འདུག་ས་མ་རེད་ལ། ངན་པ་ཁོ་ན་འདུག་ས་མ་རེད། ལྟ་མཐུན་ཁོ་ན་དང་སྤྱོད་མཐུན་ཁོ་ན་འདུག་ས་མ་རེད། འཇིག་རྟེན་འདི་དགྲ་བོ་ཁོོ་ན་འདུག་ས་མ་རེད་ལ། གྲོགས་པོ་ཁོ་ན་འདུག་ས་མ་རེད། དགྲ་གྲོགས་གཉིས་དང་གཉེན་རིང་གཉིས་ཀ་འཚོ་སྡོད་བྱེད་ཡུལ་ཞིག་པས། གསེར་རྟ་ཡི་གྲོགས་པོ་ཚོས་གསེར་རྟ་ལ་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དང་། མི་མཐུན་མཁན་ཚོའི་དགའ་སྤྲོའི་ཐལ་མོ་རྡེབ་རྒྱུ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་བྱ་ཐབས་ཅི་ལ་ཡོད། དེ་བརྟེན། བོད་མི་ཆེས་ཉུང་ཤས་ཤིག་གིས་གསེར་རྟ་ལ་ཐལ་མོ་བརྡེབས་པའི་གནད་དོན་ལ་དེ་འདྲའི་བློ་ཕམ་བྱུང་རྐྱེན་ནི། གཟིགས་རྒྱང་ཐུང་དྲགས་པ་དང་། དགའ་ཕྱོགས་ལ་མོས་ཡ་མང་དྲགས་པ། འཇིག་རྟེན་བཀྲ་ཤིས་བདེ་ལེགས་སུ་སྒོམ་ཡ་མང་དྲགས་པའི་སྐྱོན་ལས་གཞན་དུ་མ་མཐོང་།

  34. བཀྲ་ཤིས་རྒྱལ། says:
    2014-01-22 at 10:50 am

    ཞོགས་དུང་། སྨན་བླ་སྐྱབས། སྒོ་ཤེར་སོགས་ལ་དམའ་འབེབས་འདྲ་བྱས་ཁུལ་གྱིས་རང་ཉིད་མི་གྲས་སུ་ཚུད་འདོད་པ་ནི་ནོར་འཁྲུལ་ཚབ་ཆེན་རེད། ཡ་ང་དང་ངོ་ཚ་སྤུ་ཙམ་ཡང་མེད་པའི་གོར་བཟན་ཨོ་ཉི། མིའི་དུས་ཚོད་འཕྲོ་བརླག་མ་གཏོང་་་་

  35. བཀྲ་ཤིས་རྒྱལ། says:
    2014-01-22 at 11:25 am

    བོད་དང་བོད་མིའི་རླུང་རྟ་ཉམས་ཞིང་རྒུད་པའི་དུས་འདིར། གློས་ལུགས་འདྲ་བའི་ཆབ་སྲིད་པ་ཆབ་བྲག་ལྟ་བུ་མང་པོ་འབྱུང་ལ། རང་ཉིད་རང་དབང་ལུང་པར་བྲོས་ཏེ། གཞིས་ལུས་བོད་མི་ཚོར་རང་སྲེག་འབོད་སྐུལ་བྲིས་པའི་ཉེས་པ་འདག་ཐབས་མེད། ཁྱེད་ཀྱི་སྡུག་ལག་དེ་བོད་ནང་གི་རང་སྲེག་རེ་རེ་དང་འབྲེལ་ཡོད་པ་ཡིན། ཁྱོད་ལ་འབྲི་རྩལ་ཐབས་ཆགས་ཤིག་ཡོད་པ་ལ་ཡི་རིང་ཡོད། འོན་ཀྱང་། སྒོ་ཤེར་སོགས་ལ་དཔྱད་པའི་རྣམ་དཔྱོད་མེད་པ་ཕར་ལྟ་ཚུར་གསལ་རེད། ངོ་མ་རང་ཉིད་ངོས་འཛིན་ཡག་པོ་ཞིག་གནང་ན་མི་ལེགས་སམ།

  36. རིག་པའི་བུ says:
    2014-01-25 at 12:18 pm

    མེ་སྲེགས་ལ་ལད་བརྡ་བྱེད་དགོས་ན་བྱེད་ས་ཆབ་བྲག་མིན་པ་ཞི་རྒོལ་ལ་བྱོས། ཞི་རྒོལ་གྱིས་མཐའ་མ་རང་སྲོག་བཅད་ཡ་ལས་གཞན་མེད་པས་ཞི་རྒོལ་ངོ་རྒོལ་བྱོས། ཞི་རྒོལ་བྱེད་རྐྱེན་ཡང་རྒྱ་ནག་གི་མ་དྲང་བའི་སྲིད་བྱུས་ཡིན་པས་དེ་ལ་བྱོས། སྲིད་བྱུས་ཀྱང་མི་སེར་སྤེལ་བའི་ལམ་ལུགས་ལས་བྱུང་བས་དེ་ལ་བྱོས། མི་སེར་སྤེལ་བའི་ལམ་ལུགས་ཀྱང་རང་ཉིད་ཀྱི་འགྲོ་ས་ནོར་ཞིང་རྗེས་ལུས་གྱུར་བས་གཞན་ལ་གོ་སྐབས་སྤྲད་པ་ཡིན་པས་རང་ལ་ལད་བརྡ་བྱོས། དེ་ལྟར་ཤེས་ན། རང་ཉིད་གཞན་ལྟར་སྟོབས་ལྡན་དུ་བཏང་ཐུབ་པ་ཡིན་ན་རང་དབང་རང་ཤུགས་ཀྱིས་ཡོང་བས། རང་ཉིད་སྟོབས་ལྡན་དུ་བཏང་རྒྱུ་འགྱེད་ས་ནས་ལངས་བའི་ཐབས་ལམ ཡག་ཤོས་དེ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme