Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོ་རྡུང་མཁན་སུ་ཡིན།

Posted on 2011-12-08 By ཡེ་ཤེས་ 12 Comments on སྒོ་རྡུང་མཁན་སུ་ཡིན།

ཀླུ་སྨྱོན།
སུ་ཡིན།
ནམ་གུང་ཏག་ཏག་ཅིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་མུན་པ་འཐིབས་ཡོད་ཅིང་།
མུན་ཁྲོད་དུ་འདྲེ་སྲིན་ཡང་རྒྱུ་བཞིན་ཡོད་སྲིད།
སུ་ཡིན།
ནམ་ཕྱེད་ཅིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་གྲང་ངར་ཆེ་ཞིང་།
ཕྱི་རོལ་ཏུ་ཁ་བ་འབབ་བཞིན་ཡོད།

སུ་ཡིན།
མཚན་དཀྱིལ་ཞིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་ཆོམ་རྐུན་འདུར་བཞིན་ཡོད་ལ།
ཕྱི་རོལ་ཏུ་ཤ་འཁོན་རྩོད་མཁན་ཡོད་སྲིད།
སུ་ཡིན།
ནམ་གུང་ཏག་ཏག་ཅིག་ལ་སྒོ་རྡུང་མཁན་སུ་ཡིན།
ཕྱི་རོལ་ཏུ་ཟླ་འོད་ཡོད་མི་སྲིད་ཅིང་།
ཕྱི་རོལ་ནས་སྐར་ཚོགས་ཀྱང་མཐོང་མི་སྲིད།
སུ་ཡིན།
སྒོ་རྡུང་མཁན་སུ་ཡིན།
གཤིན་པོའི་རྣམ་ཤེས་ཤིག་ཡིན་ནམ།
གསོན་པོའི་ཚེ་སྲོག་ཅིག་ཡིན།

སྙན་ངག

Post navigation

Previous Post: ཀ་ལུ་རིན་པོ་ཆེ་ལ་བསྔགས་བརྗོད་ཡོད།
Next Post: རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུ་ཐེངས་གསུམ་པར་སྤྲིངས་པ།

Comments (12) on “སྒོ་རྡུང་མཁན་སུ་ཡིན།”

  1. ལྡོང་གསེར་མིག says:
    2011-12-08 at 7:26 am

    རེད་རེད། རང་རེའི་སྤྱི་གཙུག་ཏུ་འཁྱིལ་བའི་མེས་པོ་ཞིག་སྟེ
    ཕྱག་ཏུ་ཤེལ་དཀར་གྱི་འཁར་རྟེན་རིང་མོ་འདོམས་དགུ་ཐོགས་ཤིང
    སྤྱི་གཙུག་ཏུ་དམུ་ཐག་གི་ཕྲེང་བས་བརྒྱན་པའི་བགྲེས་སོང་འཁྱལ་འཁྱོལ་ཞིག
    ཁོང་གིས་བཤད་ན་གངས་རིའི་སྣོད་བཅུད་ཀྱི་བཀོད་པ་རྡུལ་དུ་བརླགས་འདུག་ཅེས་སྤྱན་ཆུ་བརྡོལ

    རེད་རེད། ལྷ་འདྲེའི་རི་གྲོང་ལས་ཤོར་བའི་ཕོ་ཉ་ཞིག་སྟེ།
    ནམ་ཕྱེད་ཀྱི་མུན་པ་ཚར་བུར་གཤེགས་ཏེ་ལྷོ་མཐའ་ནས་སླེབས་ཤིང
    ཉིན་གུང་གི་ཉི་ཟེར་རྡོག་པས་རྫིས་ཏེ་བྱང་ཐང་ནས་བཞུད་པའི་འཇག་ཕྲན་ཞིག
    ཁོང་གིས་བཤད་ན་མེས་པོའི་སྐད་ཡིག་གི་ཚེ་སྲོག་དམར་པོ་རླུང་གིས་ཁུར་གྲབ་འདུག་ཟེར

    རེད་རེད། ཞི་བདེར་དུང་བའི་དྲང་སྲོང་ཞིག་སྟེ།
    མི་ལོ་ལྔ་བཅུའི་གོད་ཆགས་ཀྱི་རླུང་བུ་འཇམ་པོས་འགྲམ་པར་སེར་ཀ་ཕབས་ཤིང
    ཕྱག་རྟེན་དུ་རྒྱལ་སྤྱིར་རེ་བའི་ལྷུང་བཟེད་ཟད་པོ་ས་རྡུལ་གྱིས་འཚོས་པའི་བསོད་སྙོམས་པ་ཞིག
    ཁོང་གིས་བཤད་ན་མི་སུ་གཅིག་གིས་ཀྱང་མི་ཡི་རིན་ཐང་རྙེད་མི་འདུག་པས་ང་ནི་འགྲོ་གྲབ་ཡོད་ཟེར

    རེད་རེད། སྐད་རིགས་སྨྲ་བའི་ཁྱུ་མཆོག་ཅིག་སྟེ
    དུས་ལ་བབ་པའི་མི་རིགས་ཀྱི་གནས་བབ་གོ་དཀའ་བའི་སྙན་ངག་གིས་བཅངས་ཤིང
    ཚིག་འཁྲེག་པོ་རེ་རེའི་ལྕི་ཁོག་སྲང་ལ་འཇལ་ཏེ་མི་ལོ་བཅུ་ལྷག་འདས་རྗེས་གར་སོང་ཆ་མེད་དུ་གྱུར
    ཁོང་གིས་བཤད་ན་མི་ཚེའི་ཕྱེད་མི་རིགས་ཀྱི་ཆེད་དུ་བསྐྱལ་ཞིང་ཕྱེད་ཀྱང་མི་རིགས་ལ་འབུལ་གི་ཡིན་ཟེར

    རེད་རེད། དུད་ཁུང་ནས་བབ་པའི་རྒན་པོ་ཞིག་སྟེ
    རྨ་ར་ཨག་ཚོམ་དཀར་པོས་ཞལ་རིས་ཀྱི་ཕུང་པོ་ལེགས་པར་བརྒྱན་ཞིང
    དགོས་དགུ་འདོད་ཡོན་གྱི་རོལ་བ་ལྷམ་ནང་དུ་བཅུགས་པའི་རྟོག་ངོས་ཀྱི་གྲིབ་མ་ཞིག
    ཁོང་གིས་བཤད་ན་ཡེ་ཤུའི་ཆོས་ལུགས་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་བར་ཡོང་བ་ཡིན་ཟེར

    རེད་རེད། དུས་རབས་དང་འཚམས་པའི་སྙན་ངག་གི་རྒྱལ་སྲས་ཞིག
    རྟོག་བཏགས་ཀྱི་རོལ་དབྱངས་རྫ་ཆུ་དྭངས་མ་བཞིན་ལྷུང་ལྷུང་འབབ་ཅིང
    རྣམ་རྟོག་གཅེས་འཛིན་གྱི་གདོས་རྒྱ་བརྩད་ནས་བཅད་པའི་ནུབ་ཕྱོགས་ཀྱི་བྱ་བྲལ་བ་ཞིག
    ཁོང་གིས་བཤད་ན་མི་ཚེ་སྙན་ངག་དང་རྨི་ལམ་གྱིས་བསྐྱེལ་བཞིན་ཡོད་ལ་ཚེ་མཇུག་དེ་བཞིན་རོལ་སྐད།

    མ་རེད། མ་རེད། འདྲེ་སྲིན་རྒྱུ་བའི་འཁུན་སྒྲ་དང་། ཁ་ཆར་འབབ་པའི་ཤག་སྒྲ། ཤ་འཁོན་རྩོད་པའི་གཡུལ་སྒྲ། སྐར་ཚོགས་མེད་པའི་སྨག་རིམ། ཚེ་སྲོག་ལ་བརྒོལ་བའི་གཤེན་མ་སོགས་གང་ཡང་མ་རེད། ཐུགས་བདེ་མོ་གྱིས།

  2. ཀ་དག་ཆོས་དབྱིངས། says:
    2011-12-08 at 9:05 am

    དེ་འདྲེ་ཡིན་སྲི་རྒྱུ་མ་རེད། མི་ཡིན་རྒྱུ་རེད། མི་ཡིན་པ་མ་ཟད་ཁར་སྔོན་ཉིད་དང་སྟབས་བདེའི་ཞལ་ལག་མཉམ་དུ་རོལ་མཁན་གྱི་ཨ་རོགས་གསར་པ་གསར་རྐྱང་དེ་རང་ཡིན་རྒྱུ་རེད་ཡ། དེ་མིན་ན་བདུན་ཕྲག་སྔོན་མར་ཆུ་རས་སྔོན་པོའི་ལྭ་བ་ལྷབ་ལྷུབ་ཏུ་གཡོ་ཞིང་སེར་ནག་སྐྲ་ཡི་ཉག་མ་རླུང་གིས་བདལ་བཞིན་རྒྱང་བསྐྱོད་ཀྱི་རླང་འཁོར་ཆུང་ཆུང་ཞིག་ནང་གུ་དོག་པའི་རྐུབ་སྟེགས་་གཅིག་་ལ་གོ་ཉིས་ཆོད་ཁྱེད་དང་མོ་གཉིས་བྱེད་རླུང་གི་གསེབ་ནས་རྒྱ་མཚོ་རུ་ལྟད་མོ་ལ་རོལ་མཁན་དེ་མ་རེད་བས། དེ་གཉིས་ཡིན་པར་ཐག་ཆོད།

  3. དོལ་སྨྱོན། says:
    2011-12-08 at 11:01 am

    ལྡོང་གསེར་མིག་གིས་མཆན་བུའི་ཟོལ་གྱི་སྙན་ངག་དེ་ལ་མངོན་པར་བསྟོད་དོ།།

  4. lobsang. says:
    2011-12-08 at 1:15 pm

    མཚན་གུང་ཏག་ཏག་དེར།
    ཕྱི་རོལ་ནས་སྒོ་རྡུང་མཁན་དེ་ང་ཡིན།
    ཁྱེད་ཀྱིས་སྒྲོ་ལར་ལྔ་བརྒྱ་སྤྲད་ནས་དུས་བཏབ་པའི་རྒྱ་མོ་ང་ཡིན།
    ངའི་རང་གི་གཉའ་ཁ་གཙང་མོར་ཁྲུས་ནས་ཡོང་ཡོད།
    ངས་རང་གི་ནུ་མར་ཕུར་ཕུར་བཏང་ཞོར་ཡོང་ཡིན།
    ངས་ད་དུང་ཁྱེད་ལ་མཁོ་བའི་འཁྲིག་སྤྱོད་ཀྱི་ཡོ་ཆས་ཁ་ཤས་ཀྱང་ཁྱེར་ནས་ཡོང་ཡོད།
    སྒོ་ཆེན་ཕྱེས་དང།
    ཨ་ལགས་རིན་པོ་ཆེ།
    རིག་མ་སྒོ་རྩར་སླེབས་ཀྱང་ད་དུང་སྙན་ངག་ཚིག་དུམ་འགའ་ལ་མགོ་གཡེང་རྒྱུ་ཡིན་ནམ།
    ངས་ཁྱེད་ལ་བདེ་བ་ཆེན་པོའི་དྲོད་ཅིག་སྟེར།
    ངས་ཁྱེད་ལ་ཆགས་པ་ཆེན་པོའི་སྨན་ཞིག་སྟེར།
    ཁྱེད་ཀྱིས་སྒོ་ཕྱེས་ནས་ང་ལ་ཅིག་ལྟོས་དང།
    ངས་རང་གི་སྟུ་སྒོ་ཕྱེས་ནས་སླེབས་ཡོད།

  5. ཨ་རིག་འགྱུར་མེད། says:
    2011-12-08 at 4:09 pm

    ཨ་རོགས། ཚེ་རིང་སྐྱིད་ཐོན་བཞག་ནི་མིན་ན།
    ཨོ་རེད། དེ་སྔོན་གོམ་བགྲོད་ལ་འགྲོ་གི་ཡིན་སྐོར་ཞིག་གསུངས་པ་དྲན་མོད། དེའི་གཞུག་འཁྱོངས་སྐོར་ཞིག་ཐོས་མ་སོང་། ངས་ནི་ཕར་གོམ་བགྲོད་བྱ་མ་དགོས་པར་ཚུར་སྒོ་ཁར་འབྱོར་བ་ཡིན་ནམ་སྙམ་བྱུང་།
    ཧཧཧ
    ཀུ་རེ་ཡིན།

  6. གསལ་ལེ་རྒྱལ། says:
    2011-12-08 at 4:12 pm

    སྒོ་ཕྱེས་དང་། ང་ཡིན། མཇལ་བ་ཞིག་ཡིན
    ཐག་རིང་ཐག་རིང་ནས་ཡོང་བའི་མཇལ་བ་ཞིག་ཡིན
    ལོ་ཐོག་ཟླ་བརྩེག་གིས་ཡོང་བའི་མཇལ་བ་ཞིག་ཡིན།

    ཚང་སྐྱི་སྐམ་པོ་ཞིག་མཇལ་རྟེན་དུ་བཟུང་ཡོད
    མར་ལོ་ཆུང་ཆུང་ཞིག་སྐྱབས་རྟེན་དུ་བཟུང་ཡོད
    ད་དུང་བསྔོ་རྟེན་གྱི་ཚུལ་དུ་སྒོར་མོ་འགའ་ཡང་བཟུང་ཡོད།

    སྐྱབས་སུ་མཆིས། སྒོ་ཕྱེས་དང་
    སྐུ་ཚེག་དང་འོ་རྒྱལ་ལ་མ་འཛེམས
    རྐུན་མས་མ་འཕྲོག་པའི་སྒོར་མོ་འདི་དག་བླ་མའི་ཕྱག་ལ་འཇོག་དགོས།

    ས་འབུ་ནག་ནར་ལ་ཆོས་སྦྱིན་བྱས་བར་དད་ནས་ཡོང་བ་ཡིན
    གྲོག་མ་མིག་མེད་ལ་གནང་སྦྱིན་བྱས་བར་དད་ནས་ཡོང་བ་ཡིན
    ཕུག་རོན་བདག་མེད་ལ་འཕོ་བ་གསུངས་བར་དད་ནས་ཡོང་བ་ཡིན

    སྒོ་ཕྱེས་རོགས། སྐྱབས་སུ་མཆིས།
    འདུག་ཁོམས་མེད རྒས་གཉེར་གྱི་རི་མོ་ཚང་སོང་
    ལན་ཆག་གི་བུ་ལོན་འཇལ་ཟིན
    ཉལ་ནས་འདུག་ཁོམས་མེད་ལ་འདུག་མྱོང་ཡང་མེད།

    སྒོ་ཕྱེས་དང ང་ཡིན།
    མགོ་སྐྲ་དཀར་བའི་བོད་མོ་ཞིག་ཡིན
    དད་སེམས་དག་པའི་འབྲོག་མོ་ཞིག་ཡིན
    ཐག་རིང་ཐག་རིང་ནས་ཡོང་བའི་ཡོན་བདག་མ་འབྱོར་མེད་ཅིག་ཡིན།

    ཤ་རྩ་ཕོ་རོག་ལས་ནག་ནའང་སེམས་པ་དཀར་བའི་མཇལ་བ་ཞིག་ཡིན
    བསོད་ནམས་ཀྱིས་འདང་ན་དད་པས་ལོང་ཡོད མཇལ་ཁ་ཞིག་འཇོག་རོགས
    མཇལ་རྟེན་གྱིས་འདང་ན་དམ་ཚིག་གིས་དོམ་ཡོད འཕོ་བ་ཞིག་གསུང་རོགས

    ཉལ་ཁྲི་དེའི་ཉེ་ས་ནས རྒྱ་མོ་དེས་མཐོང་ས་ནས
    ང་ལའང་མཇལ་ཁ་ཞིག་འཇོག་རོགས འཕོ་བ་ཞིག་གསུང་རོགས
    ཕྱི་མའི་ལམ་རྒྱགས་ཡིན
    དུག་བཟོས་བཏང་ནིས་ཨེ་དགའ་ ཨ་ལ། ཧོ་ཧོ་ཡེ། སྒོར་མོ་ཚོ་ཁུར་ནས་འགྲོ་གི་ཡིན།

  7. ལ་སྟོད་བུ། says:
    2011-12-08 at 5:00 pm

    ད་ཨ་ཁུ་ཀླུ་སྨྱོན་འདི་ཡིས་ཡིད་ཀྱི་བརྟན་པ་གཅིག་ཆར་དུ་འཕྲོགས་པའི་ཚེ་རིང་སྐྱིད་དང་ཀོ་རེ་ཡ་ཡི་ཟ་ཁང་ནང་དུ་ཐུག་མྱོངས་པའི་ཀོར་མོ་ལས་སོགས་ཨ་ཁུའི་ཡིད་སྡོམ་ཤོར་སའི་ལྷ་མོ་དེ་དག་གིས་ཨ་ཁུའི་རྒྱུ་དངོས་དུས་ཚོད་ཐམས་ཅད་ཆུད་ཟོས་སུ་གཏོང་མཁན་དེ་དག་བཀའ་ལུང་ནས་བཤད་པའི་བུད་མེད་ཀྱི་ཁྱད་ཆོས་དེ་ད་གཞི་ནས་ངོ་ཐོག་སྲིན་མོ་སྲོག་གཅོད་དབུགས་ལེན་དུ་ངོས་བཟུང་ཐུབ་འདུག

    དང་པོ་ལྷ་མོ་འཛུམ་དཀར་མ།
    བར་དུ་སྲིན་མོ་གདོང་དམར་མ།
    ཐ་མ་སྲོག་གཅོད་དབུགས་ལེན་མ།

    ཞེས་པའི་གདམས་པ་དེ་ཏག་ཏག་བྱུང་འདུག

    ཨ་ལགས་ཀུ་ཙེད་ཞུས་ཡིན་དཱ་་སྙན་ངག་སྙན་མོ་ཞེ་བོ་གཅིག་འདུག

  8. སྣྲོན་ངག་ཁྲི། says:
    2011-12-08 at 6:31 pm

    ནམ་ཕྱེད་འཕེབ་མཁན་རྩ་གསུམ་མཁའ་འགྲོའི་ཚོགས།།
    ཕྱེད་ཡོལ་འཕེབ་མཁན་ལྷ་མོ་སྒྱུ་འཕྲུལ་མ།།
    ཐོ་རེངས་བྱོན་པ་ལུང་བསྟན་ལྷ་མོ་ཞིག།
    ནམ་ལངས་འབྱོར་པ་ཐག་རིང་འབྲོག་མོ་སྟེ།།
    ཉི་ཤར་རྩེབ་པ་ཨ་རིའི་རླ་རིང་མ།།
    ཉི་དྲོས་སོན་པ་ལྷོ་ཕྱོགས་ནག་རིལ་མོ།
    ཉིན་ཕྱེད་སླེབ་པ་ལྷོ་ཤར་སྐམ་ཚག་ཅིག།།
    ཕྱེད་ཡོལ་ཡོང་མཁན་རྒྱ་མོ་འབག་འབག་སྟེ།།
    ཉི་མྱུར་འཛོམས་པ་ཆགས་པའི་བང་མཛོད་མ།།
    ཉི་ནུབ་བཅར་མཁན་རྒྱ་བལ་འབྲུག་མོ་ཁྱུ།།
    ས་སྲོད་འོང་མཁན་སྲིན་མོ་ཀེང་རུས་མ།།
    སྲོད་སྐོར་མཇལ་མཁན་ཡ་མེད་མཚན་མཐུན་ཞིག།།
    ཞོགས་པ་བརྡུང་མཁན་མཛེས་ལྡན་ལྷ་མོ་བཅས།།
    དེ་དག་ཀུན་རྫོབ་སྣང་ངོར་ཐ་དད་ཀྱང་།།
    དོན་དམ་མལ་སར་མཉམ་མེད་རོ་གཅིག་པས།།
    མཚན་མཐུན་ཆགས་སྤྱོད་སྤངས་ནས་རང་རིགས་སྤེལ།།
    དེ་ཀུན་སྐྱ་སར་བབ་པའི་བོད་དོན་ཡིན།།།

  9. བོད། ལྷ་ཀླུ་གཉན་གསུམ། says:
    2011-12-08 at 6:35 pm

    ཉི་མ་མང་བོ་ཞིག་ལ་སྐུ་ཉིད་གྲགས་འགུལ་མ་བྱུང་། འདང་ནུབ་གནམ་ཀླད་བརྒྱུད་དེ་བརྙན་འབྲེལ་ཞིག་བཏང་བ་དེ་ཡི་སྐབས་སུ་བདེ་འཚམ་ཡིན་པ་ཤེས་སོང་། དེ་རིང་འདི་རུ་སྙན་ངག་ཞིག་བྲིས་འདུག་པ་མཐོང་བའི་དགའ་ཡོད། ཉིན་ཐོའི་མཇུག་སྐྱོང་རྒྱུ་མིན་ནམ་ལགས།

  10. རྒྱ་གར་རྨ་བྱ། says:
    2011-12-09 at 9:16 am

    འདི་ལྟར་བྲིས་ན་ལམ་སྟོན་ཅིག་དང་མིག་དཔེ་ཞིག་ལའང་་ཕན་པར་འདུག ཤིན་ཏུ་ལེགས། མུ་མཐུད་ཅིག དྲ་སྟེང་ནས་ཡལ་མ་འགྲོ་ཞིག གསལ་ལེ་རྒྱལ་སོགས་ཀྱིས་ཀྱང་ལེགས་པར་མཆན་བཏབ་པར་བསྔགས།

  11. གངས་ཕྲུག says:
    2011-12-09 at 9:25 am

    སྒོ་ཕྱེས་དང་།
    མགྱོགས་པོར་སྒོ་ཕྱེས་རོགས།
    ང་ཁྱེད་རང་གིས་དུས་གཏན་དུ་སྒོམ་པའི་མཛེས་མ་ཚེ་རིང་སྐྱིད་ཡིན་ཡ།
    སྒོ་ཕྱེས་དང་།
    མགྱོགས་པོར་སྒོ་ཕྱེས་ཡ།
    ཁྱེད་རང་གིས་ཞི་བའི་གོམ་བགྲོད་མ་གནང་གོང་དུ་ཁྱེད་ལ་གུས་ཞབས་ཀྱི་ཆེད་་་་་་་་་་་་
    སྒོ་ཕྱེས་དང་།
    མགྱོགས་པོར་སྒོ་ཕྱེས་ཡ།
    ངའི་ཡོད་ཚད་ཁྱེད་ལ་ཚེ་འདི་ཕྱིའི་གཉིས་ཀའི་དོན་དུ་འབུལ་ཆོག
    སྒོ་ཕྱེས་དང་།
    མགྱོགས་པོར་སྒོ་ཕྱེས་ཡ།
    ངས་ཁྱེད་ཀྱིས་མི་ཚེ་ནང་མྱོང་མ་མྱོང་བདེ་བའི་ཞིང་ཁམས་དེ་ལ་འཁྲིད་ཆོག
    སྒོ་ཕྱེས་དང་།
    མགྱོགས་པོར་སྒོ་ཕྱེས་ཡ།
    ཁྱེད་རང་ང་ལ་སྐྲགས་དགོས་མེད་ལ་ངས་ཀྱང་གསང་བ་ཕྱི་ལ་མི་འཆོར་བའི་འགན་ལེན་བྱ་ཆོག
    སྒོ་ཕྱེས་དང་།
    མགྱོགས་པོར་སྒོ་ཕྱེས་ཡ།
    ཨ་ཁུ་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་
    མགྱོགས་པར་་་་་་་་་་་་་

  12. ལུང་རྟོགས། says:
    2011-12-11 at 3:29 am

    ནམ་ཕྱེད་ཏག་ཏག་ལ་སྒོ་རྡུང་མཁན་ཞིག་བྱུང་ན་དེ་ནི་གདོན་འདྲེ་དང་རྐུན་ཇག་མིན་ན་ཨ་ལག་དགའ་སའི་ཞི་མོ་དེ་ཡིན་པ་ཐག་གི་ཆོད། འགྱོག་པོ་རྒྱུག་་་་་འགྱོག་པོ་རྒྱུག་་་་་ཡིན་ན་ཡང་དང་པོ་སྒོ་སྲུབ་ནས་བལྟ་རྒྱུ་མ་བརྗེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme