Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱོ་ངལ་ཆེ་བའི་སྟོན་ཟླ།

Posted on 2011-09-30 By དབང་ཕྱུག་ 3 Comments on སྐྱོ་ངལ་ཆེ་བའི་སྟོན་ཟླ།

བསམ་གླིང་ཚེ་རིང་ལྷ་མོ།

སྐྱེ་བོ་མང་པོས་ཟེར་ན་སྟོན་གྱི་ནམ་ཟླ་དེ་དངོས་གྲུབ་ཟླ་བ་རེད་ཟེར་མོད། འོན་ཀྱང་རང་ཉིད་ཆུང་དུས་ནས་སྟོན་ཟླ་དེ་ཤར་རིམ་བཞིན་ཡིད་ལ་སྨྲ་མི་ཤེས་པའི་སྡུག་བསྔལ་གྱི་ཁུར་པོ་ཞིག་རང་བཞིན་གྱིས་སླེབས་འོང་།
ཁྱེད་རྣམ་པས་གཟིགས་མྱོང་ལོས་ཡོད། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྔོ་ལྗང་གཡུ་ལོ་རྣམས་རང་ཡལ་དུ་གྱུར་ཞིང་། ཤུལ་དུ་ལུས་པ་ནི་སྐྱ་ཐུལ་ཐུལ་གྱི་ཁོར་ཡུག་ཅིག་རེད། སེང་གེའི་གཡུ་རལ་ངོམ་པ་འདྲ་བའི་ལྗོན་པའི་ལོ་མ་རྣམས་གསེར་གྱི་དོང་ཙེ་ལྟར་སེར་ཐིང་ཐིང་དུ་གྱུར་པས་ག་ལ་ཚད།
རེ་རེ་བཞིན་ས་ལ་ལྷུང་ནས་ཤུལ་དུ་ལུས་པ་ནི། སྡོང་རྒན་ཧྲུལ་པོ་ཧྲ་ཧྲ་ཧྲ་ཞེས་པའི་སྐད་ངན་རྒྱག་མཁན་གྱིས་ཁེངས། ད་དུང་འདི་ལོའི་སྟོན་གྱི་ནམ་ཟླ་དེ་བས་ཡི་གར་མི་འོང་བའི་སྐྱོ་ངལ་ཞིག་གིས་ཁེངས།
མ་གཞི་བྱས་ན་ད་ལོའི་དཔྱིད་ཀ་ནས་འགོ་ཚུགས་ཏེ་རྒྱལ་གཅེས་དཔའ་བོ་སྐུ་ཞབས་ཕུན་ཚོགས་ལགས་ནས་སྐུ་ལུས་མེ་རུ་བསྒྲོན་རྗེས། རིམ་བཞིན་སྐུ་ཞབས་ཚེ་དབང་ནོར་བུ་ལགས་དང་། ཉེ་ཆར་རང་སྐུ་ཞབས་བློ་བཟང་སྐལ་བཟང་ལགས། སྐུ་ཞབས་བློ་བཟང་དཀོན་མཆོག་ལགས་བཅས་ཀྱིས་བོད་མི་ས་ཡ་དྲུག་གི་སྡུག་གི་ཁུར་པོ་ཞིག་རང་ཉིད་གཅིག་པུས་འཁུར་འདོད་ཁོ་ནས་ཚེ་སྲོག་གི་ཉིང་ཁུས་མེ་དཔུང་གི་མཆོད་མེ་ཕུལ་སོང་།
ཤུལ་དུ་ལུས་པ་ནི་སྙིང་ཁོང་ལ་གྲང་ཤུར་ཤུར་གྱི་རེག་བྱ་ཞིག་དང་། ངོ་གདོང་ལ་ཚ་ལམ་ལམ་གྱི་ངོ་ཚ་ཞིག་བག་གཡེང་ངང་གནས་ཡོད་པའི་གངས་ཅན་པ་ཡོངས་ལ་བཞག
ཁུ་སིམ་པའི་མཚན་ལྗོངས་སུ་སྐར་ཚོགས་གྲངས་མེད་ཀྱིས་མི་ཡུལ་དུ་ཅི་ཞིག་གླེང་གིན་སྡོད་སྟངས་འདིས་ཀྱང་། གངས་ཅན་པ་ཚོའི་སྙིང་སྟོབས། ཆགས་སྡང་། སོས་དལ། བག་གཡེང་བཅས་ལ་ལབ་གླེང་སྣ་ཚོགས་བྱེད་ཀྱིན་པ་འདྲ།
ངོ་མ་ཁོང་ཚོས་དཔའ་བོའི་མི་རིགས་ཀྱི་མཚན་སྙན་སྲུང་སྐྱོབ་བྱེད་མཁན་ལ་བསྟོད་པ་བྱེད་ཀྱིན་པ་འདྲ་ལ། བོད་གངས་ཅན་གྱི་ལོ་རྒྱུས་རིང་མོ་ཡང་དམར་པོའི་མེ་ལྕེ་དང་མཉམ་དུ་འོད་འཚེར་འཚེར་དུ་འབར་བཞིན་ཡོད་པར་རྒྱང་བལྟ་བྱེད་ཀྱིན་པ་འདྲ།
གལ་ཏེ་ང་རང་སྐར་མ་ཞིག་ཡིན་པའི་དབང་དུ་བཏང་ན། ངས་དགུང་སྔོན་དབྱིངས་ནས་ངུ་འབོད་བྱེད་ཀྱིན་ཚེ་སྲོག་དམར་པོ་མེ་ལྕེར་མ་སྒྲོན་རོགས་ཟེར་རྒྱུ་རང་ཡིན། མ་གཞི་བྱས་ན་མི་ཡུལ་གྱི་ཆབ་སྲིད་པ་འགས་ཁྱོད་ནི་ཇི་འདྲའི་བླ་འདར་བ་ཞིག་རེད་ཅེས་སྨོད་སྲིད། འོན་ཀྱང་ང་རང་ལ་ཚེར་མ་རྐང་གཅིག་ཟུག་ཀྱང་ན་ཟུག་གིས་བཟོད་ག་ལ་ཐུབ།
ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཁྱེད་ཚོས་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་སྲོག་དེ་ཕངས་མེད་དུ་གཏོང་བར་གདམ་ག་གནང་ཡོད་རྒྱུ་རེད་ལ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་སློབ་དཔོན་ཆོས་འཕགས་བསྟེན་པ་ལྟར། བོད་གངས་ཅན་གྱི་ལ་རྒྱ་དང་སྤུན་ཟླ་ས་ཡ་དྲུག་གི་རྩ་དོན་ཆེད་དུ་སྐུ་ལུས་ཕུལ་བ་ལོས་ཡིན། མདོར་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་དོན་དུ་དང་། མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་ལུས་ཕུལ་ཡོད།
དེ་དང་དེ་དག་གི་རྒྱབ་ལྗོངས་སུ་ད་དུང་མེ་མདའི་རྩེ་གྲི་ངོམ་ཤིང་གང་འདོད་དུ་རྒྱུག་བཞིན་པའི་ལྗང་ཤིག་ཤིག་གི་དམག་མི་དེ་ཚོས། དམ་ཆོས་ཉམས་སུ་ལེན་བཞིན་པའི་དགེ་འདུན་པ་ཚོའི་གཉའ་ནས་གནོན་འདོད་བྱེད་ལ། སྡང་མིག་བགྲད་དེ་ཅི་ཞིག་འཕྲོག་འགྲོ་བའི་ཞེ་སྡང་ཡང་བྱེད་ཀྱིན། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོས་ཚ་གཅུན་བྱེད་པ་དེའོ།།
ཁོ་པ་ཚོས་དཔའ་བོ་ཚོ་རེ་རེ་བཞིན་བཅོམ་ཐུབ་པའི་ཐབས་ལམ་ཡག་ཤོས་ནི། ༸གོང་ས་རྒྱལ་བའི་དབང་པོ་མཆོག་ལ་མཚན་སྨོད་ཞུ་རྒྱུ་དེ་ཡང་རེད། བོད་གངས་ཅན་པའི་ཁོག་པའི་སྙིང་དང་དཔྲལ་བའི་མིག རེ་ས། མགོན་སྐྱབས། སངས་རྒྱས་སྤྱན་རས་གཟིགས།༸གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་ཡིན།
ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་༸གོང་ས་མཆོག་ལ་མཚན་སྨོད་ཞུ་ཐབས་བྱས་ཀྱང་ནུས་པ་མ་ཐོན། ད་ཆ་ཏག་ཏག་དཔའ་བོ་ཚོ་རེ་རེ་བཞིན་ཚུར་ཐོན་ཡོང་ནས་ཚེ་སྲོག་གི་དམར་མཆོད་ཕུལ་དགོས་ཐུག་སོང་བ་རེད། དེ་ནི་ཁོང་ཚོའི་ངོས་ནས་བཤད་ན་ཆེས་བློ་ཡུལ་ལས་འདས་པ་ཞིག་རེད་ལ། གཉིས་སུ་ན་དཔའ་བོ་ཚོའི་ཚེ་སྲོག་འཕྲོག་རྒྱུ་དེ་ཁོང་ཚོའི་དམིགས་ཡུལ་ཡིན་སྲིད།
གྲང་ཤུར་ཤུར་གྱི་སྟོན་རླུང་དེས་སྐྱོ་བ་ཞིག་དབང་མེད་དུ་སྐྱེས་བཅུག་མོད། དེ་བས་དགུན་གྱི་བུ་ཡུག་ནི་སྤུ་གྲི་ངར་མ་ཞིག་ཡིན་པས་སྤུན་ཟླ་ཚོ་ཐུགས་བཅགས་གནང་རོགས།

རྩོམ་རིག

Post navigation

Previous Post: ༧རྒྱལ་དབང་སྐུ་ཕྲེང་རྗེས་མ་དང་རྒྱ་ནག་གཞུང་།
Next Post: དམུས་ལོང་གི་ཚོགས་དང་གླང་ཆེན།

Comments (3) on “སྐྱོ་ངལ་ཆེ་བའི་སྟོན་ཟླ།”

  1. ཨ་ར་དཀར་པོ says:
    2011-09-30 at 4:33 pm

    བསམ་གླིང་ཚེ་རིང་ལྷ་མོ་ལགས། ཁྱེད་ཀྱིས་ཁ་བརྡ་དྲ་བའི་ཀློག་མཁན་ཡོངས་ཀྱི་སྤྱན་སྔར་སྔ་ཕྱིར་རྩོམ་ཡིག་མང་པོ་ཞིག་སྤེལ་བར་ཡི་རང་ཡོད། ཚེ་རིང་ལྷ་མོ་ཞེས་པ་མིག་ལམ་དུ་ཤར་མ་ཐག་རང་དབང་མེད་པར་དགའ་སྣང་ཞིག་གིས་དྲངས་ཏེ་ཁྱེད་ཀྱི་རྩོམ་ཡིག་ལ་རོལ་མྱོང་ཐེངས་གཅིག་བྱེད་དགོས་འདུག དེའི་རྒྱུ་མཚན་ནི་ཁྱེད་དང་ངའི་སྙིང་གི་མཛའ་མོ་གཉིས་ཀྱི་མིང་གཅིག་པ་སོང་ཙང་་རེད། འོན་ཀྱང་ངའི་མཛའ་མོ་ཁྱེད་ལྟ་བུའི་རྩོམ་པ་པོ་ཞིག་མིན་མོད་། གང་ལྟར་མིང་འདི་མཐོང་བ་ཙམ་གྱིས་ང་ལ་དགའ་ཚོར་དམིགས་བསལ་བ་ཞིག་སྤྲོད་བཞིན་འདུག

  2. རེ་བ་ says:
    2011-09-30 at 7:05 pm

    རེ་ཡ་བོད་གངས་ཅན་ལྗོངས་སུ་བོད་མིའི་བདེན་དོན་ཆེད་ཁོང་ཚོས་གཅེས་པའི་ལུས་སྲོག་གཅིག་འཇུག་གཉིས་ཐུས་སུ་ཕུལ་བཞིན་འདུག་འོན་ཀྱང་བཙན་བྱོལ་ནང་བསྟན་དགྲ་རྒྱ་དམར་གྱི་དངུལ་རྗེས་སུ་རྒྱུག་བཞིན་དོལ་ཆུས་མྱོས་པས་དགའ་ལྡན་ཁྲི་ཟུར་རྫུན་མ་ལུང་རིགས་རྣམ་རྒྱལ་གྱིས་སྤྱོད་ངན་བྱེད་ཚུལདང་གཅིག། དྲ་སྟེང་འདིར་༼ཨ་ཁུ་དགྲ་ལྷ་༽མིང་ཅན་འདིས་༧གོང་ས་མཆོག་ལ་སྐུར་འདེབས་དང་འབྲེལ་བཙན་བྱོལ་ནང་དཀྲུག་ཤེང་གོང་བུ་བྱེད་ཚུལ་གཉིས་ལ་ལྟས་ན་ང་ཚོ་༧གོང་ས་མཆོག་གི་རྗེས་འཇུག་ཚང་མས་ཆོལ་གསུམ་ཆིག་བསྒྲིལ་ངང་་་སྔར་ལྷག་བོད་མིའི་བདེན་དོན་རྩོད་དགོས་ངེས་ཞིག་ཏུ་མཐོང་ངོ།།„།།

  3. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-10-01 at 5:57 pm

    དྲ་གྲོགས་ཨ་ར་དཀར་པོ་ལགས་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme