Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱོ་གར་ཞིག

Posted on 2020-06-15 By ཁ་བརྡ 2 Comments on སྐྱོ་གར་ཞིག

ཆ་འགག་མེ་བསྟན།
 
ཨོ་སྟོབས། ཀླུ་བྱམས། བློ་གྲགས་སོགས་ཀྱིས་འཁྲབ་བཞིན་པའི་ཟློས་གར་འདི་ཧ་ཅང་གི་འཇིགས་སྣང་ཆེ་ལ། བོད་མིའི་སྲོག་གཅོད་ཀྱི་གཤེད་མ་ཞེད་སྣང་ཅན་ཞིག་ཀྱང་རེད་ཟེར་ཆོག

རྒྱུ་མཚན་ནི། དེའི་འཁྲབ་ཁྲིད་པ་ནི་གུང་ཏང་ཇག་ཚོགས་ཀྱི་གཡོ་ཐབས་ཀྱི་བྱེད་ལས་དང་འདྲ་བོ་ཡོད། ཁོང་ཚོས་བོད་མི་གཞོན་སྐྱེས་གཙོས་བོད་པ་སེམས་ཤུགས་ཅན་གང་མང་ལ་དབུ་སྐོར་བསླུ་ཁྲིད་ཡོང་སླད། ཁ་ནས་ནམ་རྒྱུན་བོད་རྒྱལ་ཁབ་དང་བོད་རང་བཙན་ཟེར་ནས་བཤད་སྡད་པ་ཙམ་ལས། སྐྱུག་བྲོ་བའི་སྐྱོ་གར་འཁྲབ་མཁན་གྱི་གཏེ་པོ་དེ་ཚོས་ད་ཕན་ཆད། རྒྱལ་ཁབ་དང་མི་མང་ལ་ཕན་པའི་ལས་སྣ་གཅིག་ཀྱང་སྒྲུབ་མེད་པ་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་བློ་མིག་ཡོད་པ་ཚོས་གསལ་རྟོགས་ཡོད་ངེས།

ད་དུང་ང་ཚོ་བོད་འབངས་ཡོངས་ཀྱི་སྐྱབས་གནས་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་ལ་འཛེམ་བག་མེད་པར་མཚན་སྨོད་ཞུས་པ་དེ། འགྲོ་བ་མིའི་སྤྱི་ཚོགས་ཀྱི་བཟང་སྤྱོད་དང་བྲལ་བ། བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་འཇལ་གནང་བ་སོགས་འདིར་བརྗོད་མི་དགོས་པ་ཞུ།

དེ་ལས་དོ་སྣང་བྱེད་དགོས་པ་ཞིག་ནི་སྤྱི་ཚོགས་དྲ་ལམ་ཁག་ན་དཔྱད་བརྗོད་ཡིན་མདོག་དང་། བསམ་ཚུལ་སྡུས་རུབ་ཡིན་ཁུལ་གྱི་ཁོར་ཡུག་སྐྲུན་བཞིན་ཡོད་པས་མི་སྣ་དེ་དག་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ཡང་གསལ་བོ་རེད་ལ། དེ་དག་གི་གཡོ་སྒྱུ་དང་སྐྱུག་བྲོ་བའི་སྐྱོ་གར་དེའི་རིགས་ཀྱི་འོག་ཏུ་ནམ་ཡང་མ་ཚུད་པར་བྱེད་རྒྱུ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གལ་ཆེའི་འབོད་སྐུལ་ཞུ་འདོད་བྱུང་།

དེང་སང་བོད་མི་རེ་ཟུང་གི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ལ་འགྲིག་མིན་སྐྱོན་བརྗོད་འདྲ་སླེབས་དགོས་ཡོད་པ་དེ། སྙིང་རྗེའི་ཡུལ་དུ་གྱུར་པ་མངོན་སུམ་དུ་གྲུབ་པས་ན། དེ་རྟགས་དང་གཏན་ཚིགས་ཀྱིས་སྒྲུབ་ག་ལ་དགོས། དཔེར་ན་ཁྱེད་རྣམ་པའི་རང་ཉིད་ལ་རྒྱུས་མངའ་མེད་པས་སྐད་ཡིག་གཞན་ནང་བོད་སྐོར་གྱི་རྩོམ་ཡིག་དང་དཔྱད་བརྗོད་འདྲ་ཡོད་པ་མཐོང་བ་དང་། ཧ་ལས་ཧང་སངས་མདོག་གི་ལུང་འདྲེན་བྱེད་རྒྱུར་ཡོད་པ། དེ་ན་༧གོང་ས་མཆོག་ནི་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་། ཡུ་རོབ་རྒྱལ་ཁབ་ཁག ཨེ་ཤ་ཡ་སོགས་རྒྱལ་ཁབ་གྲངས་ལས་འདས་པའི་ལམ་སྟོན་ཞུ་ཡུལ་དང་མིག་དཔེ་ལྟ་སའི་ཚད་མའི་སྐྱེས་པུ་མཐར་ཐུག་དེ་ཡིན་པ་ཁྱེད་ཅག་གི་མ་ཤེས་པ་ཡིན་ནམ། ཡང་ན་ཤེས་བཞིན་དུ་རྒྱ་གུང་ཁྲན་ལ་སྤྲེལ་ལད་འཁྲབ་པ་ཡིན་ནམ།

ཡང་གཅིག་བཤད་ན། ཨ་རིར་མི་རིགས་ནག་པོའི་དོན་རྐྱེན་བྱུང་རྗེས་བོད་མི་རེ་ཟུང་གི་བོད་མི་ཡོངས་ཀྱི་ངོ་ཚབ་ཀྱིས་སྐད་ཆ་བཤད་པ་དང་ཡི་གེ་བྲིས་པ། ད་དུང་ཁྱེད་ཀྱི་རྒྱབ་ལ་ང་ཚོ་བོད་ཡོད་ཟེར་བའི་བོད་སྤྱི་བའི་མིང་ཚིག་བེད་སྤྱོད་བྱས་པ་སོགས་དང་། དེ་བཞིན་ཀོ་ཝེན་ཀུའེ་་དང་འབྲེལ་བའི་གླེང་རྙོག་བྱུང་སྐབས་གོང་གི་ཁོ་པ་ཚོས་ཡང་གོ་སྐབས་དམ་འཛིན་བྱས་ཏེ་བོད་སྤྱི་བའི་མིང་ཁུར་ནས་དགག་ལན་དང་སྐྱོན་བརྗོད་བྱེད་པ་ནི་གུང་ཁྲན་ཏང་ལ་སྤྲེལ་ལད་འཁྲབ་པ་ལས་གཞན་གང་ཡང་མིན་སྟབས། མ་འོངས་དེ་རིགས་གནང་སྐབས་སོ་སོའི་སྒེར་གྱི་རང་དབང་དང་ཐོབ་ཐང་གང་ཡོད་བེད་སྤྱོད་བྱེད་ནའང་། བོད་སྤྱི་བའི་མཚན་མཐོང་ལ་གནོད་པའི་རིགས་དང་། བོད་ཟེར་བའི་སྤྱི་མིང་དེ་བེད་སྤྱོད་གང་བྱུང་མི་གནང་རོགས་ཞུའོ།།

ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ནས།
13/06/2020

བསམ་ཚུལ།

Post navigation

Previous Post: དྲི་བ།
Next Post: འབྲུག་སྒྲ – འབྲུག་སྐད་བརླག་པའི་འགྱུར་དེབ།

Comments (2) on “སྐྱོ་གར་ཞིག”

  1. གངས་རིའི་སྲས་པོ་ says:
    2020-06-15 at 8:52 pm

    ཆ་འགག་མེ་བསྟན་ལགས། ཁྱོད་ཆོལ་ཁ་གང་གི་མི་ཡིན། ཡག་ཤོས་བྱུང་ན་མཚན་ངོ་མ་གང་ཡིན་ལན་གཅིག་དྲང་པོ་གནང་རོགས་ཞུ། གང་ཡིན་ཞུ་ན་ངོས་ནས་དེང་སྐབས་བོད་པའི་སྤྱི་ཚོགས་ལ་ཉམས་ཞིབ་ཏོག་ཙམ་བྱེད་བཞིན་ཡོད་ལགས་། ཐུགས་རྗེ་ཆེ་་་

  2. ཉི་མ་རང་གྲོལ། says:
    2020-06-16 at 12:27 am

    གངས་རིའི་སྲས་པོ་མིང་ཅན་འདི་ཨོ་རྒྱན་སྟུ་རྒྱལ་གྱི་དོན་རྐྱེན་བྱུང་ནས་བཟུང་དྲ་ཐོག་ནས་ཕར་དཀྲུག་ཚུར་དཀྲུགས་ཀྱི་ལས་བརྩམས་འགོ་ཚུགས་ནས་དྲ་ཐོག་ལ་གཏན་བཞུགས་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme