Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱེས་ཆེན་ཁྱེད་གཅིག་ང་ཡི་ཕྱག་བྱའི་ཡུལ།།

Posted on 2015-06-232015-06-23 By ཁ་བརྡ་ No Comments on སྐྱེས་ཆེན་ཁྱེད་གཅིག་ང་ཡི་ཕྱག་བྱའི་ཡུལ།།

Dalai Lamaརྒྱང་མིག
————སྐུའི་གྱ་སྟོན་ལ་ཕུལ།

 
སྟེང་ཕྱོགས་ལྷ་ལ་མཆོད་བཀུར་མི་བྱེད་ཅིང་།།
བར་འདུས་སྲུང་མར་བློ་བཅོལ་མི་བྱེད་ལ།།
འོག་གནས་ཀླུ་སོགས་གྲོགས་སུ་མི་རེ་ཡང་།།
སྐྱེས་ཆེན་ཁྱེད་གཅིག་ང་ཡི་ཕྱག་བྱའི་ཡུལ།།

མདོ་སྨད་སའི་ཆར་སྐུ་ཡི་མེ་ཏོག་འཁྲུངས།།
ལྷ་ལྡན་ཞིང་ནས་ཆོས་སྲིད་རྒྱལ་ཁྲིར་འཁོད།།
རྒྱ་གར་ཡུལ་ནས་བོད་དོན་རྒྱལ་སྤྱིར་བསྒྲགས།།
འཛམ་གླིང་ཁྱོན་དུ་ཞི་བདེའི་མཛད་བཟང་སྤེལ།།

བགྲང་ཡས་འགྲོ་ཀུན་ཁམས་མོས་སྣ་ཚོགས་ཀྱང་།།
ཚང་མའི་གཅིག་འདོད་གཏན་བདེ་སྐྲུན་ཐབས་གང་།།
བདེན་པའི་གནས་ལུགས་རེ་རེས་ལེགས་བཀྲལ་བས།།
རིས་མེད་སེམས་ཅན་མང་པོར་དབུགས་དབྱུང་ཐོབ།།

སྙིང་རྗེའི་གཞན་དབང་གྱུར་པས་སེམས་དཔའ་དངོས།།
འགྲོ་བའི་བདེ་སྡུག་གཟིགས་པས་དགེ་སྦྱོང་དངོས།།
ཆོས་ཀུན་དོན་གཅིག་དགོངས་པས་ཆོས་རྗེ་དངོས།།
ཡང་དག་ཐར་ལམ་སྟོན་པས་སྐྱབས་མགོན་དངོས།།

ཞི་དུལ་བག་ཡོད་གོས་ཀྱིས་འདུལ་ཁྲིམས་གཙང་།།
འཆད་རྩོད་རྩོམ་གསུམ་བྱ་བས་ཐུབ་བསྟན་བརྒྱན།།
མཁས་བཙུན་བཟང་གསུམ་སྤྱོད་པས་སྲིད་ན་མཛེས།།
འགྲོ་རྣམས་གཅིག་ཏུ་བརྩེ་བས་འཇིག་རྟེན་མགོན།།

ལང་ཤོར་ཆོས་དྲེད་ལས་དང་རྒྱབ་ཀྱིས་ཕྱོགས།།
བསླུ་བྲིད་ཚུལ་འཆོས་བྱ་སྤྱོད་རིང་དུ་དོར།།
ཟོག་རྫུན་གཅམ་ཚིག་དྲི་ངན་གཏན་མེད་ངང་།།
རྒྱལ་བསྟན་དག་ཐེར་མཛད་མཁན་ཁྱེད་གཅིག་གོ །

ཁྱེད་སྐུ་མཐོང་བ་དོན་ལྡན་བོད་མིའི་དཔལ།།
ཁྱེད་གསུང་ལེགས་བཤད་བདུད་རྩི་བོད་མིའི་ཟོང་།།
ཁྱེད་ཐུགས་བྱམས་བརྩེ་མངར་མོ་བོད་མིའི་དགེ །
ཁྱེད་གཅིག་ཁོ་ན་བོད་མིའི་ཡིད་བཞིན་ནོར།།

འོན་ཏང་བོད་ཀྱི་སྲིད་དོན་མཁའ་ཡངས་གཞིར།།
ནག་ནོག་སྨག་སྟུག་སྤྲིན་ཚོགས་ཆེར་འཁྲིགས་པ།།
ཞི་གཏོར་མེད་པར་སྔར་བཞིན་ལྷག་ལུས་ངང་།།
ཁྱེད་སྐུ་བགྲེས་པར་གྱུར་འདི་སེམས་ཁྲལ་གཞི།།

དོན་གྱི་བདག་པོ་གཞིས་བཞུགས་སྤུན་ཟླ་ཚོའི།།
རེ་སྒུག་འབུམ་ཕྲག་ཁྲོད་ཀྱི་སྐྱོ་དབྱངས་དང་།།
ལྷད་མེད་ཡིད་ཆེས་ཟབ་མོའི་དད་གདུང་དབུས།།
བོད་དུ་གདན་འདྲེན་མེད་དེའང་ཡིད་སྐྱོའི་གཞི།།

ས་ཡ་དྲུག་གི་བོད་རིགས་ཡོངས་རྫོགས་ཀྱི།།
དཔྲལ་བའི་མིག་དང་ཁོག་པའི་སྙིང་གཅིག་ཁྱེད།།
ཞབས་པད་བསྐལ་བ་རྒྱ་མཚོར་ཡུན་བརྟན་ངོས།།
རང་ཡུལ་གངས་རིའི་ལྗོངས་སུ་མྱུར་འབྱོན་ཤོག །

སྙན་ངག

Post navigation

Previous Post: རིན་པོ་ཆེ། ༼གླུ་གཞས།༽
Next Post: ༧སྐུའི་འཁྲུངས་སྐར་གྱི་སྨོན་ལམ་དོན་གྱི་ལོ་ཏོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme