Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱིད་པོ་ཡོད་མེད་བཤད་ན།

Posted on 2008-08-29 By དགེ་རབ་ 3 Comments on སྐྱིད་པོ་ཡོད་མེད་བཤད་ན།

སྤོབས་པ་མཐའ་ཡས།
དེ་རིང་རང་རེའིཁ་བརྡ་གླེང་སྟེགས་ཀྱི་རྩོམ་སྒྲིག་པས་བོད་མིའི་དད་མོས་མངོན་འདོད་དང་འགལ་བའི་གཏམ་བཤད་རྒྱལ་བ་རིན་པོ་ཆེར་སྐྱོན་བརྗོད་ཀྱི་རིགས་ལྟ་བུ་སྤེལ་ན་ཀློག་མཁན་མང་པོའི་སེམས་ཁམས་ལ་ཕོག་ཐུག་འགྲོ་བས་བསུབ་གང་ཐུབ་བྱ་རྒྱུ་ཡིན་ཚུལ་དང་ད་དུང་གཏམ་བཤད་གང་དང་གང་རིགས་བསུབ་དགོས་ཚུལ་ཤོད་དགོས་ཞེས་སྤེལ་འདུག རང་གི་སྤྱི་ཚོགས་འདིའི་ཕན་བདེའི་བཙས་སུ་འགྱུར་བ་གང་ཞིག་མཆིས་ཀྱང་དེ་དང་དེ་ནིརྗེས་སུ་ཡི་རང་གི་གནས་སུ་གྱུར་པ་ལགས་སྟབས་དེ་དེ་བཞིན་ནོ་ཞེས་ཞུ་བ་ལགས།
ང་ལྟ་བུར་མཚོན་ན་དྲྭ་སྟེགས་འདིར་བཀླགས་ན་ཆེས་མི་སྐྱིད་པ་ཞིག་ནི་མི་ལ་ལས་རང་ཉིད་ཀྱིས་དང་བ་སྟོན་མི་འདོད་པ་ཞིག་བྱུང་མ་ཐག་ཏུ་མངོན་ལྐོག་བརྒྱུད་གསུམ་ནས་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་སོགས་ཀྱི་བསྙོན་འཛུགས་ཀྱིས་རབ་ན་བོད་མིའི་གྲལ་ནས་ཕུད་ཐབས་དང་དེ་མ་བྱུང་ན་ཡང་ཁ་བརྡ་གླེང་སྟེགས་ཀྱི་ནང་ནས་ཕུད་ཐབས་བྱེད་བཞིན་པ་དེ་རེད། བསམ་བློ་ལེགས་པོ་ཞིག་བཏང་ན་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་ཡིན་པའི་དཔང་རྟགས་ཁུང་འཁྱོལ་ཞིག་མེད་ན་དེ་ལྟར་གླེང་རྒྱུ་ནི་ལས་སླ་པོ་ཞིག་མིན། གལ་ཏེ་རྩེད་མོ་བྱེད་བཞིན་ཡོད་ཟེར་ཡང་རྩེད་མོ་ལ་ཡང་མཚམས་དང་ཚད་ཅིག་ལོས་ཡོད། རྒྱ་དམར་གྱི་གསང་ལས་པ་དང་ཤུགས་ལྡན་ཚོགས་པ་གཉིས་ནི་རང་རེའི་སེམས་ནང་ན་ཆེས་མི་སྡུག་པའི་དངོས་པོ་གཉིས་ཡིན་སྟབས་ཁྱེད་ལ་མི་ཞིག་གིས་་དེ་ལྟར་བསྙོན་འཛུགས་བྱེད་ན་དེ་ཁྱེད་རང་གི་སེམས་ལ་གནོད་དམ་མི་གནོད། ཤུགས་ལྡན་ཚོགས་པ་ཞེས་པ་དང་རྒྱ་དམར་གྱི་གསང་ལས་པ་ཞེས་པ་ནི་སྐྱོན་འཛུགས་ཆུང་ཆུང་ཞིག་ཡེ་ནས་མིན་པ་མཁྱེན་དགོས། སྐད་ཆ་བཤད་ན་སྐད་ཆའི་འགན་དེ་རང་ཉིད་ཀྱིས་འཁྱེར་དགོས་ཞེས་ང་ཚོས་རྟག་ཏུ་གླེང་བཞིན་པ་ཡིན་ཕྱིར་དཔང་རྟགས་ཁུངས་འཀྱོལ་མེད་བཞིན་དུ་མི་ཞིག་གི་འགྲོ་ཉེས་འདུག་ཉེས་ཆུང་ངུ་ཞིག་གམ་སྐད་ཆ་ཚིག་རེ་ཟུང་ཞིག་ཤོད་ཉེས་ལ་བརྟེན་ནས་གནམ་སར་མི་ཤོང་བའི་སྐྱོན་བརྗོད་ཀྱིས་མི་དེ་བོད་མིའི་གྲལ་ནས་ཕུད་ཐབས་བྱེད་པ་ནི་ལས་རྒྱུ་འབྲས་ལ་ཡང་མི་མཐུན་ལ་ཉག་ཕྲ་བའི་མི་རིགས་འདིའི་འཐབ་བྱུས་ལ་རྒྱ་ལ་ཡང་མི་ཕན། སྤྱིར་མིས་འགྲོ་ཉེས་འདུག་ཉེས་དང་སྐད་ཆ་ཤོད་སྟངས་ནོར་བ། སེམས་ལ་གཞན་ཞིག་ཡོད་ཀྱང་ཁ་ནས་གཞན་ཞིག་ཤོར་བ་ཡང་སྐབས་རེར་མི་འབྱུང་མི་སྲིད་པས་གུ་ཡངས་གུས་བརྩི། མཐུན་ལམ་དང་ལ་རྒྱ་བཅས་ལ་བསམ་གཞིག་ནན་པོ་གཏོང་རོགས་ཞུ་རྒྱུ་ཡིན།
དཔེར་ན་ཉིན་ཤས་གོང་ཀླུ་སྨྱོན་ཧེ་རུ་ཀའི་སྐུ་ཕྲེང་གོང་མ་ལ་དོ་རྡོ་རིན་པོ་ཆེ་ཞུ་བ་ཡིན་པ་ལ་མི་ཞིག་ཀླུ་སྨྱོན་ལ་སྐྱོན་བརྗོད་བྱེད་ཁུལ་གྱི་ཁྱོད་དོལ་རྒྱལ་རིན་པོ་ཆེ་རེད་ཅེས་བྲིས་འདུག དེ་ལྟར་འབྲི་མཁན་དེས་ཁོ་རང་ཁ་ལྕེ་བདེ་བོ་དང་དྲན་རིག་རྒོད་པོ་བྱུང་བས་ཀླུ་སྨྱོན་ཁ་གྲག་རྒྱུ་མེད་པ་བྱས་ཡོད་བསམ་ཡོད་སྲིད་ཀྱང་། དོན་དུ་ང་ཚོ་ཚང་མ་ཤ་རུས་གདུང་རྒྱུད་གཅིག་པ་དང་སྐད་ཡིག་གོམས་སྲོལ་གཅིག་པའི་བོད་རིགས་ཡིན་ལ། ལྷག་པར་རྒྱལ་བ་རིན་པོ་ཆེ་དང་དམ་པའི་ཆོས་ལ་ཡིད་ཆེས་མཁན་ཞིག་ཡིན་ན་རྒྱལ་བ་རིན་པོ་ཆེའི་དབང་གྲལ་ཆོས་གྲལ་ལ་མཉམ་དུ་ཞུགས་པའི་ཆོས་གྲོགས། ཀླུ་སྨྱོན་རང་ངོས་ནས་བསྟོད་སྨད་གང་བྱས་ཀྱང་རྩ་བཞིའི་ཁྲིམས་དང་དབང་བཞིའི་དམ་ཚིག་སྲུང་བའི་བཙུན་པ་ཆོས་སྨྲ་བ་ཞིག་དང་བོད་ཡིག་གི་སྟེང་ནས་གསར་རྩོམ་གྲངས་དང་སྤུས་ཚད་གཉིས་ཐད་ནས་འབུར་དུ་ཐོན་པ་ཞིག་རེད། དོ་རྡོ་རིན་པོ་ཆེ་དོལ་རྒྱལ་ཡིན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་མེད་ཐོག་ཀླུ་སྨྱོན་དོལ་རྒྱལ་ཚོགས་མི་ཡིན་པའི་ཁུངས་སྐྱེལ་མེད་ན་དེ་ལྟར་ཤོད་མཁན་དེས་ལས་རྒྱུ་འབྲས་ལ་རྡོག་རོལ་ཚད་མེད་ཅིག་བཏང་བར་བསྙོན་དུ་མེད། མི་རིགས་ཀྱི་ལ་རྒྱ་དང་མི་ཆོས་ཡ་རབ་ཀྱི་ལྟ་སྤྱོད་ཟེར་བ་དེ་ཚོ་ཡང་དཔག་ཚད་སྟོང་གི་གཡངས་ལ་གཡུགས་པ་མ་རེད་དམ།
ཁར་སང་བསྟན་འཛིན་ལགས་ཀྱིས་བོད་མིའི་བརྟག་དཔྱད་མི་བྱེད་ཚུལ་ཞིག་བཀོད་ཡོད་པ་བཞིན་ཁྱོད་ཀྱིས་མི་ཞིག་ལ་ཁུངས་སྐྱེལ་ཚད་ལྡན་མེད་བཞིན་དུ་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་ཡིན་པའི་བསྙོན་འཛུགས་བྱེད་པ་དེ་ཡང་སྟབས་མ་ལེགས་ན་བོད་མིའི་སྤྱི་ཚོགས་ཁྲོད་གང་ཟག་དེ་ལ་སྒྲོ་སྐུར་གྱི་གླེང་གཞི་ངན་པ་རེར་གྱུར་ནས་བོད་མིའི་གྲལ་དུ་མི་ཚུད་པ་ཞིག་བྱུང་ན་ཆོས་འཇིག་རྟེན་གང་ཐད་ནས་ཉེས་པ་ཚད་མེད་བསག་པ་མ་རེད་དམ། ཀྱེ་མ། སྲིད་པ་རྒན་པོའི་གཏམ་དཔེར། མྱིས་མྱི་བཀྱགས་ན་དཔོན་པོ་དང་བློན་པོ། ཤིང་གིས་ཤིང་བཀྱགས་ན་ཀ་བ་དང་གདུང་མ། ཞེས་པ་བཞིན་ང་ཚོས་གཅིག་གིས་གཅིག་ཕན་ཚུན་དགྲ་མྱི་ཤ་བོ་མཐོང་བ་ལྟར་བརྙས་བཅོས་དང་བསྙོན་འཛུགས། དགྲ་བོ་དང་ཉུལ་མ་སོགས་ཀྱིས་སྐྱོན་འཛུགས་བགྱི་བ་ལས་ལྡོག་སྟེ་མཐུན་ལམ་དང་གུས་བརྩིའི་གླེང་སྟེགས་ཤིག་བསྐྲུན་ཐུབ་ན་ཅི་མ་རུང་།
དཔང་རྟགས་ཁུངས་འཁྱོལ་ཡོད་མེད་ལ་མ་ལྟོས་པར་རང་ཉིད་མི་དགའ་སའི་མི་དེ་ཤུགས་ལྡན་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་ཡིན་པའི་བཤད་ཡམ་སྤེལ་བ་དེ་ནི་རང་རེའི་ཁ་བརྡ་གླེང་སྟེགས་གཅིག་པོར་འབྱུང་བའི་གནད་དོན་ཞིག་མ་ཡིན་པར་རྡ་རམ་ས་ལ་གཙོས་པའི་བཙན་བྱོལ་བོད་པའི་གནས་ཡུལ་ཕལ་མོར་ཁྱབ་པའི་སྐྱོན་ཞིག་ཀྱང་རེད། རྒྱུ་མཚན་དེ་ལྟ་བུའི་ཕྱིར་ད་ནས་དཔང་རྟགས་ཁུངས་འཁྱོལ་མེད་ན་དོལ་རྒྱལ་ཚོགས་མི་དང་རྒྱ་དམར་གྱི་གསང་ལས་པ་སོགས་གང་བྱུང་དུ་མ་སྨྲས་ན་བཟང་། གལ་སྲིད་གཏམ་གླེང་ནོར་འཁྲུལ་ཅན་ཞིག་སྤེལ་ན་ཡང་ཚིག་དོན་འདི་དང་འདིའི་ཐད་ནས་འགྲིགས་མི་འདུག་ཅེས་ཨ་རུ་སྡེར་བཏོན་གྱིས་དགག་སྒྲུབ་སྤེལ་བ་འདིས་རང་གཞན་ལ་ཕན་རླབས་ཆེ་བར་མཐོང་།

རྩོམ་རིག

Post navigation

Previous Post: སྐུ་སྒེར་ཡིག་ཚང་གི་གསལ་བཤད།
Next Post: ཉི་མ་འདི་ཚོ།

Comments (3) on “སྐྱིད་པོ་ཡོད་མེད་བཤད་ན།”

  1. kunchok says:
    2008-08-29 at 5:15 pm

    གོང་དུ་སྤོབས་པས་མཐུན་ལམ་གྱི་གླེང་སྟེགས་དང་ཨ་རུ་སྡེར་བཏོན་གྱིས་དགག་རྒྱག་དགོས་པར་བསྐུལ་འདུག་པར་བལྟས་ན་ཨ་མའི་བུ་རྒོད་ཞིག་གི་བཟོ་ལྟ་འདུག་པས་རྗེས་སུ་ཡིད་རངས་ཡོད། ཡིན་ནའང་༧གོང་ས་མཆོག་ལ་མི་འགས་ཁ་གཏོང་དུས་རང་རིག་ས་ན་མེད་ཀི ད་ཡིན་ན་ཨ་ལགས་དོ་རྡོ་ཡིན་ན་ཅིག་ལ་དོལ་གྱལ་རིན་པོ་ཆེ་ཟེར་སོང་ཟེར་ནས་ངར་དོན་གང་ཡིན་ནམ། མ་གཞི་རིགས་འདྲར་འདུག་པས་བཤད་མཁན་ཁ་ནོར་སོང་ནས་ཡིན་ན་ཐང་། དེ་མིན་ཡང་ཨ་ལགས་ལ་སོ་བ་ཟེར་སོང་ཟེར། སོ་བ་མིན་རུང་མི་མང་གི་བདེ་འཇགས་གཏོར་བའི་སྐད་ཆ་ལ་བདག་མ་ཐུབ་ན་སོ་བ་ཕར་ཞོགས་སོ་ནག་རང་བཞིན་གྱིས་ཆགས་འགྲོ་བ་ཆོས་ཉིད་རེད། མ་གཞི་ནས་བོད་པ་ལྟ་ལོག་པ་དང་བོད་པ་སོ་བ་སོགས་ཡོད་པ་རང་རེ་ཁས་བླངས་ན་མི་འདོད་རུང་ཡོད་པ་དངོས་འབྲེལ་རེད།

  2. ÇtôzÅ-q- says:
    2008-08-29 at 6:49 pm

    དཀོན་མཆོག་ལགས། ལྟ་བ་ལོག་དང་མ་ལོག་ཞེས་པ་དེ་ལྟོས་འཇོག་གི་བསམ་བློ་ཞིག་རེད། ནང་པ་ཞིག་ཁ་ཆེར་གྱུར་ན་ནང་པའི་ངོས་ནས་ལྟ་ལོག་ཡིན་ལ་ཁ་ཆེའི་ངོས་ནས་ལྟ་བ་ཡང་དག་ལ་ཚུད་པ་ཡིན། ཁ་ཆེ་ཞིག་ནང་པར་གྱུར་ན་ཁ་ཆེའི་ངོས་ནས་ལྟ་ལོག་པ་ཡིན་ལ་ན་པའི་ངོས་ནས་ལྟ་བ་ཡང་དག་ལ་ཚུད་པ་ཡིན། ང་རང་ཉིད་ཀྱིས་ངོས་ནས་སུ་ལ་ཡང་ལྟ་བ་ལོག་པ་ཞེས་བརྗོད་འདོད་མེད། ཨ་ལགས་དང་རྩོམ་པོ་སུ་ཡིན་ཡང་ལྟ་བ་ལོག་པ་ཡོད་ཆོག་ལ་སོ་ཉུལ་བ་ཡང་ཡོད་སྲིད་རྒྱུ་རེད། སོ་བ་ཡོད་ན་དེ་ཚོ་ངོས་ཟིན་དགོས་རྒྱུ་ཡིན་པ་ཡང་ལྟ་ཅི་སྨྲོས། དཔང་རྟགས་ཚད་ལྡན་མེད་བཞིན་ཅིག་ཅིག་ཅིག་སོ་བ་རེད་དང་ཉིན་ཉིས་ཉིས་ཉུལ་མ་རེད་ཅེས་བརྗོད་པ་དེས་ཕན་ཐོགས་དེ་ཙམ་ཨེ་ཡོད་ན། སྤྱིར་བཏང་སོ་བ་དང་ཉུལ་མ་དེ་ཚོ་ཁ་བརྡ་གླེངས་སྟེགས་འདིར་ཞུགས་ནས་ང་རྒྱ་དམར་ལ་དགའ་དང་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་ཞེས་བཤད་མི་ཡོང་སྙམ། འཇིག་རྟེན་འདི་ནི་མཁས་བླུན་འདྲེས་མས་གྲུབ་པ་ཡིན་སྟབས་རྒྱལ་བ་རིན་པོ་ཆེ་ལྟ་བུ་ལ་ཁ་གཏོང་མཁན་ཡོད་མི་སྲིད་པ་མ་རེད། ས་སྐྱ་པནྜི་ཏས། བླུན་པོ་རྣམས་ཀྱིས་མཁས་པ་ཡང་། །མཆོད་པར་འགྱུར་བའི་ངེས་པ་མེད། །ཉི་མ་ཤིན་ཏུ་འོད་གསལ་ཡང་། །འབྱུང་པོའི་གདོན་རྣམས་མི་འབྲོས་སམ། ཞེས་གསུངས་པ་ལྟར་ལགས་སོ། །

  3. འབིག says:
    2008-08-30 at 4:36 am

    སྤོབས་པ་ལགས། སྤྱིར་ཁྱེད་ཀྱིས་བཏོན་པའི་བསམ་ཚུལ་དེ་བདེན་པ་རེད། འོན་ཀྱང་དེ་འདྲའི་གུ་དོགས་པོ་གནང་དོན་མི་འདུག མ་གཞི་ཁ་བརྡ་ནི་རང་དབང་གི་གླེང་སྟེགས་ཤིག་ཡིན་སྟབས་དེ་འདྲེའི་རིགས་བྱུང་བའང་རྒྱུན་ལྡན་ཞིག་ཡིན་ལ། རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལ་གུ་དོགས་པོས་གང་ཡང་བྱེད་ཐུབ་ཀྱི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme