Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱི་མོ་འདིའི་འོག་ནས་བལྟས་ན། ང་བོད་པ་མ་རེད།

Posted on 2011-08-18 By ཁ་བརྡ་ 10 Comments on སྐྱི་མོ་འདིའི་འོག་ནས་བལྟས་ན། ང་བོད་པ་མ་རེད།

བོད། ལྷ་ཀླུ་གཉན་གསུམ།

བསྡུས་གཟུགས་ཀྱི་གཤེར་བའི་ཁུ་ཁྲག་གི་སྨྱོས་པའི་མི་རུ་འབོད་པའི་ང་ནི། དྲ་ཐོག་གི་ཟིན་བྲིས་པ་ཞིག་དུ་འཚང་ཁུལ་གྱིས་དུས་ཚོད་གང་ཡོད་ལ། བོད་རིགས་སྤུན་ཟླ་གང་ན་སུ་ཡོད་པ་དག་ལ་རང་གི་བསམ་ཚུལ་ལྷུག་པོར་སྨྲ་ཐུབ་མཁན་གྱི་མི་ཞིག་དུ་རང་ཉིད་ནས་འདོད་པ་དང་། དྲ་ཐོག་གི་སྤུན་ཟླ་ཆེས་མི་ཉུང་བ་ཞིག་གིས་ཀྱང་དེ་ལྟར་བསམ་གྱི་ཡོད་ཀྱང་། དོན་དངོས་ཐོག རང་ཉིད་ནི་དེ་འདྲ་ཞིག་མ་ཡིན་པར་མངོན་ལྐོག་གཉིས་ལ་གོམ་ཞིང་། རིག་སར་ཀུན་སློང་ཡག་རབས་དང་བསམ་བློ་གཏོང་ཤེས་ཁུལ་གྱིས་སྐད་ཆ་སྤོམ་པོ་དག་བཤད་ཟིན་པ་དང་བཤད་བཞིན་པ་དེ་དག་ལ་བསམ་གཞིགས་ནན་ཏན་བྱོས་དུས། རང་ཉིད་ནི་མི་འབག་གྱོན་པའི་བེམ་པོ་དང་། མྱི་སྐད་བཤད་པའི་དུད་འགྲོ་ལྟ་བུ་ཞིག་དུ་གྱུར་འདུག

མཛའ་མོ་དང་བུ་མོ་མེད་དུས་སུ། རང་ཉིད་ནི་ལྷོད་ལྷོད་དལ་དལ་རེད་འདུག་བསམ་ནས་དྲ་ཐོག་ནས་ཡར་ཉུལ་མར་ཉུལ་དང་། སྐད་ཆ་ཡར་བཤད་མར་བཤད། དགོས་མེད་ཀྱི་གཏམ་གླེང་དང་། དོན་མེད་ཀྱི་རྙོག་གཏམ་སོགས། དྲ་ངོས་གང་སར་འབྲི་རྐྱང་བྱེད་པའི་ཐན་གོམ་ཞིག་བྱུང་ཡོད་ལ། དུས་ཚོད་ནམ་ཡོད་དུ་དྲ་ཐོག་དུ་ཉུལ་ནས་དྲ་ཚིགས་གང་ས་ན་ཡོད་པའི་བོད་རིགས་སྐྱེ་བོ་གཞན་དག་གི་རྩོམ་ཡིག་དང་ལྗོངས་རྒྱུའི་སྐོར། ཟིན་བྲིས་སྣ་ཚོགས། དཔར་དེབ་འདྲ་མིན་ལ་བལྟས་དེ་ཉིན་མ་གཏོང་བར་ཕྱོགས་པ་མ་ཟད། ནང་དུ་སླེབས་ན་བུ་མོ་ལ་རྩེད་རོགས་ཀྱང་དུས་ཚོད་གཅིག་གཉིས་རེ་བྱེད་ཐུབ་དུས་ནི་ཉུང་ལ། ཡོད་ཀྱང་དེ་ནི་མཛའ་མོའི་ངོ་མ་ལྡོག་པར་ལྟ་ཁུལ་བྱས་པ་ལས། རང་ཉིད་ཀྱི་སེམས་ནས་བསླེངས་དེ། བུ་མོ་ལ་ལྟ་སྐྱོང་བྱེད་པའི་ཕ་རྒན་ཞིག་མིན། ད་དུང་། བོད་རིགས་ཡིན་ལ། བོད་སྐད་བཤད་དགོས། བོད་དོན་སྒྲུབ་དགོས་ཞེས་ཁ་སྤོམ་པོ་རྐྱང་བཤད་པར་དགའ་བའི་ཟིན་པ་ཞིག་དུ་གྱུར་ཡོད།

དོན་དངོས་ཐོག རང་ཉིད་ཀྱིས་ད་ལྟའི་བར་དུ་བོད་རིགས་ཀྱི་ཆེད་དུ། གང་ཡང་བྱས་མེད་ལ། བྱེད་ཀྱང་ཐུབ་མེད། བྱེད་པའི་ཕྱོགས་སུ་གོམ་པ་གང་ཡང་སྤོ་མྱོང་མེད། འདི་དག་ལ་ཞིབ་དུ་བསམ་དུས། རང་ཉིད་ནི་བོད་དུ་སྐྱེ་བའི་བོད་མིང་ཐོབ་པའི་བོད་མི་རྫུན་མ་ཞིག་ལས་གང་ཡང་མིན་པ་སེམས་གཏིང་དུ་ངེས་ཤེས་ཟབ་མོ་ཐོབ་། ད་ནས་བཟུང་། རང་ཉིད་ལ་བོད་མི་རིགས་སྟེ། ཁ་བ་གངས་ཅན་པའི་ཆེད་དུ། ལུས་སྲོག་ལོང་སྤྱོད། རྒྱུ་དངོས་འགྲོ་གསུམ་གང་གཏོང་མཁན་གྱི་སྐྱེ་བོ་ཕོ་མོ་སུ་ཞིག་ལ་རྗེས་སུ་ཡི་རུང་དང་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བ་ལས། དེ་དག་གིས་བྱས་པ་དེ་འགྲིག་མི་འདུག གན་མི་འགྲིག་གི་ཟེར་ནས་བཤད་པའི་ཐོབ་ཐང་གང་ཡང་མེད་པའི་བོད་མིང་ཐོབ་པའི་བོད་མི་རྫུན་མ་དང་། ནང་བའི་རྗེས་མཇུག་དུ་རློམ་པའི་ནང་ཆོས་ལ་མྱོང་རྟོགས་གང་ཡང་མེད་པའི་མི་ཞིག་ཡིན་པ་ཁས་བླངས་པ་ཡིན།

ལྷག་དོན་དུ། གོང་གི་རྩ་བའི་བླ་མའི་བཀའ་ལུང་ཞིག་ད་ལྟའི་བར་དུ་སྒྲུབ་ཐུབ་མེད་ལ། འོག་ན་དྲིན་ཆེན་ཕ་མ་ཉེ་འབྲེལ་སོགས་ཀྱི་འཚོ་བའི་སྐྱིད་སྡུག་ལེགས་ཉེས་ལ་རོགས་རམ་གང་ཡང་བྱེད་མ་ཐུབ་པའི་སྡར་མ་ཞིག་དུ་གྱུར་ཡོད། མ་ཟད། རིགས་རུས་དང་ཁྲག་རྒྱུན་ལ་བདག་པོ་རྒྱགས་མ་ཐུབ་པའི་ཁ་བ་གངས་ཅན་པ་ཚང་གི་དུས་རབས་འདིའི་ཞབས་འདྲེན་ཞིག་ཆགས་ཡོད། འདི་དག་ནི་རང་ཉིད་ཀྱི་ནག་ཉེས་དང་བྱས་ཉེས། གང་ཡང་མ་འཇོན་པར། འཇོན་པོ་དང་ནུས་པ་དར་སྤེལ་གཏོང་མཁན། ཤེས་རིག་དང་ཡོན་ཏན་གྱི་ཕྱུགས་པ། སློབ་སྤྱོང་དང་ཀུན་སློང་བཟང་བོ་ཡོད་པའི་བོད་མི་རིགས་ཀྱི་སྣེ་ཁྲིད་པ་གང་ན་སུ་ཡོད་དེ་དག་ལ་སེམས་ཁོང་རུས་པའི་གཏིང་ནས་འགྱོད་གཤེགས་གྲངས་མེད་དང་བཅས། རང་ཉིད་ནི་དུས་རབས་འདིའི་བོད་མི་རིགས་ཀྱི་རིགས་རུས་ཙམ་ལ་ཡང་བདག་པོ་མ་ཐུབ་པའི་མྱི་ངན་ཁྱི་འདྲ་བ་ཞིག་གོ་ཞེས་ཁ་བ་གངས་ཅན་པའི་ཡི་གེ་ལ་དགའ་ཞིང་དང་འབྲི་ཀློག་ལ་གོམས་པའི་ཁ་བ་གངས་ཅན་པ་ཚང་གི་ཤ་གཙང་རུས་གཙང་དག་ལ་ཕུལ་བ་ཡིན།

༡༧།༨།༡༡

སྣ་ཚོགས།

Post navigation

Previous Post: སྤྲུལ་སྐུའི་མཛད་པ། གྲྭ་ལོག་གི་སྤྱོད་པ། ནུབ་ཕྱོགས་ཀྱི་ཆགས་སྤྱོད།
Next Post: ཨ་རི། བོད་མི། སྐྱིད་སྡུག་ཚོགས་པའི་འགན་འཁྲི།

Comments (10) on “སྐྱི་མོ་འདིའི་འོག་ནས་བལྟས་ན། ང་བོད་པ་མ་རེད།”

  1. གཙང་རིགས། says:
    2011-08-18 at 4:28 am

    གྲོགས་པོ་ཁྱེད་བོད་པ་དངོས་རེད་དེ།  བོད་དོན་མ་འགྲུབ་པ་ཁག་མེད།  ང་ཚོར་ཁ་སྟོང་པ་ཞིག་མ་གཏོགས་གང་ཡང་མེད་པ་ཤེས་ཀྱིན་ཡོད།  བུ་མོ་བོད་པ་ཕྱེད་རེད།

  2. བསོད་ནམས། says:
    2011-08-18 at 2:10 pm

    ལྷ་ཀླུ་གཉན་གསུམ་ལགས། དེ་འདྲ་སྡུག་སྐད་རྒྱག་དགོས་དོན་མེད། བྱེད་འདོད་ཡོད་ན་ད་དུང་ཕྱི་མེད་པར་མགོ་རུས་ས་ལ་མ་བཞག་བར་དུས་ཚོད་གང་འཚམས་ཡོད་ངེས། ཐ་ན་བཙན་བྱོལ་བོད་མིའི་དཔྱ་ཁྲལ་དེ་གཙང་མ་ཞིག་སྤྲད་ཐུབ་ན་ཡང་ཕན་ཐོགས་ལོས་ཡོད།

  3. འདོད་ལྷ་ཁམས་པ། says:
    2011-08-18 at 2:15 pm

    ཁྱེད་ཀྱིས་རང་གི་མི་རིགས་ལ་སྲི་ཞུ་གཞན་ཞུ་མ་ཐུབ་ན་མ་ཐུབ། དེར་དེ་ཙམ་གྱིས་འགྱོད་གདུང་དྲག་པོ་སྐྱེ་དགོས་དོན་མེད། སྲི་ཞུ་བསྒྲུབ་ཐུབ་མཁན་རྒྱ་དང་མི་ཐུབ་མཁན་སྟོང་རེད།
    ཁྱེད་ཀྱིས་རང་ཉིད་སོང་ས་བསྡད་ས་ནས་གང་བྱས་གང་བསྒྲུབས་མངོན་ལྐོག་མེད་པ་དེ་ནི་བོད་མི་ཡང་དག་པའི་སྲི་ཞུ་གཙང་མ་ཞིག་རེད། བདག་ཀྱང་གཤིས་སྤྱོད་དེར་ཤིན་ཏུ་དགའ།
    ལྷ་ཀླུ་ལགས། ཡིད་མ་ཕམ། སེམས་མ་སྐྱོ། གཉན་གསུམ་ལགས། སྡུག་རུས་བྱོས། འབད་འབངས་གྱིས།

  4. ལྷོ་མོན་འབྲུག་རིས says:
    2011-08-18 at 3:58 pm

    ཡ་ལྷ་ཀླུ་གཉན་གསུམ་ ཁྱོད་ཀྱི་བསམ་ཚུལ་ལ་རྗེས་སུ་ཡིད་རངས་ཡོད་ ད་ཁྱོད་ཀྱི་གཞན་ཡུལ་ན་འཚོ་བ་་་་་་་་་་་་་་་་་་་་་་་ག་རེ་བྱས་སོང་། ངས་ཉིན་མ་ཁ་ཤས་སྒུག་ཡིན་ ད་དུང་རིག་རྒྱུ་མི་འདུག་

  5. ལོ་ལོན། says:
    2011-08-18 at 7:59 pm

    རྒན་ལྷ་ཀླུ་ལགས།
    ཁྱོད་ནི་དངོས་ནས་དྲང་ནས་། ལྷག་བསམ་སླད་མེད་ཀྱི་མི་དྲང་མོ་འདའ་བ་ཞིག་རེད་། མི་ཚང་མ་ཁྱོད་ནང་གཞིན་ཕྱི་གསལ་ནང་གསལ་ཡིན་ན་། འཇིག་བརྟེན་འདིར་དཀའ་རྙོག་ཡོད་མི་སྲིད་། ཁྱོད་ཀྱི་དངོས་བྱུང་གི་འཚོར་བྲལ་བའི་། རྩོམ་ཡིག་རིང་མོ་དེས་གློག་མཁན་གང་མང་ཞིག་ལ་སེམས་ཀྱི་ངལ་གསོ་སྟེར་ཐུབ་གི་ཡོད་། མི་འཐུད་པས་རེ་བ་ཡོད་། བུ་མོ་དང་འཛའ་མོའི་བྱུང་བ་དེ་། ཐོད་བྱུང་གི་ལས་ཉེར་ཚེ་ཞིག་མིན་པར་། སྐུ་ཉིད་ཀྱི་ཚེ་སྔོན་མའི་ལས་ལ་ཡང་འབྲེལ་དམ་པོར་ཡོད་པ་ཞིག་ཡིན་པས་དེས་ཐད་ནས་ནས་བློ་ཕན་གཏན་ནས་མ་གནང་། ཁྱོད་ཀྱིས་བོད་ཀྱི་རིགས་གཞུང་དང་སྲོལ་རྒྱུན་དྲི་མ་ཙམ་ཡང་མེད་པའི་ས་དེ་འདྲ་ཞིག་ནས་། མཐའ་ན་རང་གི་རླངས་མཁོར་གྱི་སྔོན་མདུན་ཚང་མར་བོད་ཀྱི་རྒྱལ་དར་ཕྱར་། ཉིན་གཅིག་གི་འགྲོན་ལམ་ཙམ་ཡིན་ཡང་བོད་ཀྱི་སྐོར་ནས་གླེང་ནས་འགྲོ་བཞིན་པ་འདི་ལས་གང་འཇོན་དགོས་། ཕ་ཡུལ་གྱི་རྨ་ཆུ་ཆེན་མོ་དེ་ཡང་། འབྱུང་ས་ནས་ཆུ་ཐུག་རེ་རེ་བྱས་ནས་བྱུང་བ་ཞིག་རེད་།
    ཁ་སང་གི་ཁྱོད་ཀྱི་རྩོམ་ཡིག་དེས་མཆན་ལ་ངས་ཡང་སྐྱོན་འདོག་འདྲ་བོ་ཞིག་བྲིས་ནས་ཁ་རྒྱག་པ་ཞིག་ཤོར་འདུག་། ངེད་གཉིས་བོད་རིགས་སྤུན་ཞིག་ཡིན་པས་ཆ་དང་། ང་རང་ཁྱོད་ཀྱི་ཀློག་མཁན་ཐེབས་ཆག་ཞིག་ཡིན་པས་ཆ་ནས་ངས་སྐད་ཆ་སྟོང་པ་དེ་ཐུགས་ལ་མི་འདོག་པས་བཟོད་གསོལ་ཞུ།
    ངའི་སྐད་ཆ་ནི་དངོས་སྟོང་པ་རང་རེད་། དཔའབོ་་དེས་དགེ་རྩར་དམིག་ནས་ས་འདིར་མ་ཎི་དགོང་ཚོགས་ཞིག་ཚོགས་འདུག་མོད་དེས་ནང་ཡང་སླེབས་ཐུབ་སོང་། དོན་དངོས་སུ་ངས་སྐྱག་པ་ཟོས་འདུག་ག་

  6. ལོ་ལོན། says:
    2011-08-18 at 8:01 pm

    དགོང་དག་་་ ཁྱོད་ཀྱི་དངོས་བྱུང་གི་འཚོ་བར་་འབྲེལ་བའི་། ་་

  7. གསེར་འབྲུག་སྡེར་ལྔ་ says:
    2011-08-18 at 9:16 pm

    ཁ་སང་ལྷ་ཀླུ་གཉན་གསུམ་ནང་གི་ཀླུ་གཉན་གསུམ་ནང་གི་ཀླུ་གཉན་དེ་དེ་རིང་གློ་བུར་ཐོག་རྒྱག་ལྷར་འགྱུར་བར་ངོ་མཚར་ཆེ༑

  8. གསེར་འབྲུག་སྡེར་ལྔ་ says:
    2011-08-18 at 9:20 pm

    ཀླུ་གཉན་གསུམ་ནང་གི་ཞེས་པ་དེ་མེད་པར་བཅོས་རོགས།

  9. གངས་སྦལ། says:
    2011-08-19 at 2:57 am

    ཡི་གེ་འདི་བཀླགས་ནས་ང་ལ་ཡང་ཚོར་བ་ཞིག་བྱིན་ཐལ། མ་གཞི་དཀའ་ངལ་བྱུང་སྐབས་ཅི་ཞིག་ཡིན་རུང་བྱེད་ཐུབ་པ་དང་བྱེད་པའི་གནས་ལུགས་རྟོགས་ཡོད། དེ་བས་ཀྱང་ལྷད་མེད་པའི་བརྩེ་དུང་ཟབ་མོ་ཞིག་ཆགས་སོང་ན་མི་ཚེ་མོ་དང་མཉམ་དུ་སྐྱེལ་རྒྱུ་རེ་བ་ཆེ་ཤོས་སུ་ཆགས་རྒྱུ་ཡིན་པ་ངས་གསལ་པོ་ཤེས་ཡོད། རྒྱུ་མཚན་དེ་དག་གིས་བལྟས་དུས་ཁྱེད་ལ་རང་གི་གནས་ལུགས་ཤིག་ཡོད་རྒྱུ་རེད་སྙམ།

    དེས་ན་འདས་ཟིན་པར་བལྟས་ཏེ་རང་ལ་དམོད་བོར་བ་ལས། འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་རང་གི་བུ་མོའི་སེམས་སུ་བོད་ཀྱི་ཨ་ཕ་ཡག་པོ་ཞིག་སྣང་བརྙན་འཇོག་དགོས་པ་དང། བུ་མོའི་སེམས་སུ་མོ་རང་གི་རུས་ཁུངས་བོད་ཡིན་པའི་དགའ་སྤྲོ་ཞིག་དང་སྤོབས་པ་ཞིག་སྐྱེ་རུ་འཇུག་དགོས་པ་རེད། དུས་ཚོད་ཀྱི་བར་གསེང་ཡོད་ཚད་ནས་བུ་མོ་ལ་དཀའ་ལས་ཁག་པོ་ཞིག་སྣང་བ་མེད་པའི་ཐོག་ནས་བོད་ཡིག་སྦྱང་རྒྱུའི་འདུན་པ་སླེབས་འེ་ཐུབ་ལྟོས། བུ་མོའི་སེམས་སུ་སུན་སྣང་མེད་པའི་ཐོག་ནས་བོད་ཡིག་བོད་སྐད་ནི་རང་གིས་ངེས་པར་ཤེས་དགོས་པའི་ཡི་གེ་ཞིག་དང་སྐད་ཅིག་གི་ངོས་འཛིན་སླེབས་འེ་ཐུབ་ལ་འབོད། དེ་ལྟར་བྱས་ན་ད་གཟོད་རང་གི་བུ་མོ་བོད་པའི་བུ་མོ་འཇོན་ཐང་ཅན་ཞིག་ཏུ་བསྐྱེད་སྲིངས་བྱེད་ཐུབ་ངེས་པས། ཁྱོད་ཀྱིས་ཀྱང་བོད་ལ་བུ་མོ་འཇོན་པོ་ཞིག་བསྐྱེད་པ་མ་རེད་དམ།

    ཚོར་བ་ཞིག་དང་འབྲེལ་བའི་བསམ་ཚུལ་ལྷད་མེད་ཡིན།

  10. ལུང་རྟོགས། says:
    2011-08-19 at 12:44 pm

    དེ་རིང་གི་སྐད་ཆ་འདི་སྣང་བར་འགྲོ་སོང་། འོན་ཀྱང་ཁ་སང་རྒྱལ་བཅེས་དཔའ་བོ་ཚེ་དབང་ནོར་བུ་མཆོག་གི་མཛད་རྗེས་ལ་ངོ་སོ་མེད་པར་འཚེ་མེད་ཞི་བ་དང་འགལ་ཚུལ་བཤད་པ་དེར་བློ་ཕམ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme