Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱབས་འགྲོའི་བློ་ཤུཊ་ཇི་ཙམ་ཆེ་ན་བྲན་གཡོག་གི་འདུ་ཤེས་ཆེ་བའི་སྐོར།

Posted on 2013-04-122013-04-12 By ཁ་བརྡ་ 16 Comments on སྐྱབས་འགྲོའི་བློ་ཤུཊ་ཇི་ཙམ་ཆེ་ན་བྲན་གཡོག་གི་འདུ་ཤེས་ཆེ་བའི་སྐོར།

ཧི་མ་ལ་ཡའི་འཕྲུལ་སྨྱུག

སྐྱབས་འགྲོའི་བསམ་བློ་ཇི་ཙམ་ཤུགས་ཆེ་ན་བྲན་གཡོན་གི་འདུ་ཤེས་དེ་ཙམ་གྱིས་ཤུགས་ཆེ་བ་ཡིན། ཞེས་པ་འདི་༼ལ་དཔྱད་ན། སྤྱིར་འཇིག་རྟེན་འདིའི་བྱ་བ་ཐམས་ཅད་གཞན་ཞིག་ལ་ལྟོས་མི་དགོས་པར་རང་ཉིད་ཁེར་རྐྱང་གིས་བསྒྲུབ་ནུས་པ་ཞིག་མ་ཡིན་པར་བརྟེན། སློབ་གྲྭ་ལྟ་བུ་གཅིག་ལ་མཚོན་ན། བྱིས་པ་རྣམས་ལ་དགེ་རྒན་གཅིག་གིས་ཡི་གེའི་འབྲི་ཀློག་མི་ཤེས་པ་དེ་ཉིད་ཤེས་པར་བྱེད་པའི་ལམ་སྟོན་པ་པོ་དང༌། འཛིན་རིམ་དེ་གའི་དཔེ་དེབ་རྣམས་ནི་སྦྱང་བྱའི་ཆོས་ཡིན་ལ། འཁོར་ཡུག་དེ་འབྲེལ་གྱི་སློབ་ཕྲུག་རྣམས་ནི་སློབ་གྲོགས་ཡིན་པར་བརྟེན། དགེ་རྒན་དེར་གུས་བཀུར་དང༌། དཔེ་དེབ་ལ་གཅེས་སྤྲས། སློབ་གྲོགས་ཚོར་མཐུན་འབྲེལ་གང་ཟབ་གནང་བ་པོ་དེ་ཡང༌། ཁྱེད་ཀྱིས་བཞེད་དགོངས་ལྟར་ན་བྲན་གཡོག་གི་ལམ་དེར་བསྐྱོད་མཁན་གྱི་སྒོ་མོ་དང་པོ་ཞིག་ཏུ་ཐལ་བའི་སྟེང༌།༽
མདོ་ལུགས་ཀྱི་སྐྱབས་འགྲོ་ལ་སྦྱར་ན་ཅུང་ཟད་མི་འཕྲོད་པ་ལྟ་བུ་ཞིག་རེད་བསམ་བཞིན་ཡོད་༼ཅེས་པ་དེ་ཡང་གྱ་ཚོམ་གྱི་གཏམ་དུ་ཐལ་ཏེ། སྔགས་ལུགས་ལ་སྐྱོན་དེ་ལྟར་དུ་བབ་ཚུལ་ལ་དཔག་ན། མདོ་ཕྱོགས་ལའང་མི་ཐད་པ་མེད་དེ། སྐྱེ་རབས་རྣམས་སུ་ཆོས་ཀྱི་བདུད་རྩི་ཚིགས་སུ་བཅད་པ་རེ་རེའི་དོན་དུ་དཀའ་སྤྱད་མཛད་ཚུལ་གྱིས་སྐོར་རྣམས་དང༌། བྱང་ཆུབ་སེམས་དཔའ་ནོར་བཟང་དང༌། རྟག་ངུའི་རྟོགས་བརྗོད་རྣམས་ལ་ཞིབ་ཚགས་མཇལ་ན། དོན་དེ་ཅི་འགྱུར་གྱིས་ངེས་ཤེས་འདྲོངས་རྒྱུར་ཕན་རླབས་ཆེ་ལ།༽

འོན་ཀྱང་གསང་སྔགས་ལུགས་ཀྱི་བླ་མ་ལ་སྐྱབས་སུ་འགྲོ་བ་ནི། དངོས་གནས་བླ་མའི་བྲན་གཡོག་རྒྱུག་པ་རང་རེད་བཞག་༼ཅེས་པའང་བརྟག་ཏུ་ཡོད་དེ།༽ ཀུན་གྱིས་ཤེས་གསལ་ལྟར་མི་ལ་རས་པ་ནི། གསང་སྔགས་ལུགས་ཀྱི་སློབ་མ་དེ་ཡན་མེད་པ་ཞིག་རེད་ལ། ཁོང་༼གི་༽བླ་མ་༼སྨན་པ་ལྟ་བུའི་སྟོན་པ་༽མར་པ་ལ་སྐྱབས་སུ་སོང་༼བའམ་བསྟེན་པའི་༽རྗེས་༼སུ། དཔེར་ན་དན་པ་ལྟ་བུ་ཞིག་ལ་མཚོན་ན། ནད་པ་དེའི་ནད་གཞིའི་ལྗིད་ཚད་དང་སྨན་ཡོན་གྱི་འགྲོ་མགྲོན་སོགས་དང་བསྟུན་ཏེ། སྨན་བཅོས་ཀྱིས་བྱེད་ཐབས་ཀྱང་དེ་མཚུངས་ཤིག་བྱེད་དགོས་པ་ལྟར། བླ་མ་ལོ་ཙཱ་བ་ཆེན་པོ་དེས་ཀྱང་ཐོས་པ་དགའ་ཡི་སྡིག་ཉེས་དང་འབུལ་བ་སོགས་ལ་བསྟུན་ཏེ། མཁར་ལས་དང༌། བཀའ་བཀྱོན་སོགས་ནི། སྡིག་སྒྲིབ་དག་ཐབས་ཀྱིས་ཇུས་ཆེན་ཞིག་ཡིན་པ་མ་ཟད། འཕྱུག་མེད་སྨན་སྦྱོར་གྱིས་སྨན་ཐུན་དུས་ཐོག་ཏུ་གཏོང་བ་བཞིན་དུ། མདོ་རྒྱུད་ཆོས་ཀྱི་སྙིང་བཅུད་བཀའ་བརྒྱུད་པའི་བསྐྱེད་རྫོགས་མཐའ་དག་གི་མན་ངག་ཚང་སྤྲུགས་སུ་བསྩལ་བའི་སྟེང༌། དེར་བཞུགས་ཡུན་གྱི་རིང་ལ་མཐུ་ཆེན་རང་ཉིད་ལ་འཚོ་ཆས་སོགས་གང་ཡང་མེད་པར་བརྟེན། སྣང་ཚུལ་ལ་བླ་མ༽མར་པའི་༼ཞབས་ཏོག་གི་ཆེད་དུ་བྲན་༽གཡོག་༼ལྟ་བུའི་ནང་ལས་སོགས་༽ལ་༼ཡང་༽རྒྱུག་དགོས་པ་དག་༼ནི་༽ཨ་ཅང་ཅང་༼ཡིན་༽སྟེ། ༼སྨན་གཡོག་བཟང་པོ་དང་འདྲ་བའི་༽མར་པའི་འདུག་རོགས་བདག་མེད་མའི་༼དྲིན་གཟོའི་ཆེད་དུ་༽ཡང༌། བ་འཇོ་བའི་སྟེགས་༼བཏེག་༽དང༌། ཡོས་བརྔོ་བའི་བརྔོ་སྟེགས་༼བཏེག་༽ཡན་ཡན་ཆད་ཞབས་ཕྱི་ཞུས་དགོས་ཐུག་པ་༼འམ་༽རེད་༼སོང་བ་ཙམ་ལ་ཧ་ལས་རྒྱུ་གང་ཡང་མེད་ལ།
འོན་ཀྱང༌། སྐབས་སུ་བབ་པའི་གཏམ་དང༌། །དུས་སུ་བབ་པའི་ཆར་ནི། །སྐུ་ཉིད་ལ་མཚོན་ན། (མི་ལོ་དྲུག་ཟིན་མིན་ཙམ་)གྱི་རིང་ལ་དགེ་བའི་བཤེས་གཉེན་གང་ཡང་རུང་བ་ཞིག་སྟེན་ཡོད་སྲིད་པས། ཁོང་རྣམ་པས་ཁྱེད་ཀྱིས་འབྱོན་ཚོད་ཀྱི་ལས་དོན་ལ་བཀོལ་ཡོད་མེད་ཤོད་ཚོད་མི་ཐིག་ཀྱང༌། སྐབས་དེ་དང་དེར་ཁྱེད་ཀྱི་རིན་ཐང་ཆེ་བའི་དུས་ཚོད་འབོར་ཆེན་ཞིག་ཁོང་རྣམ་པས་ཆུད་ཟོས་སུ་བཏང་བ་ནི་སྨོས་མེད་བརྟེན། གྱོད་ཞིག་དེ་ལ་བསྙད་དེ་ས་གནས་སྲིད་གཞུང་དུ་ཁྲིམས་གཏུགས་ཤིག་གྱིས་དང༌། ཁྲིམས་དཔོན་དེས་ཁྲིམས་བཅད་ལ་དཔག་པའི་སྐབས་དོན་གྱི་ལན་འདེབས་ཀྱང་དེ་ཟླར་ཞིག་བྲི་བར་ངེས་པ་བཅས་སོ།།༽

སྡིག་རྒྱལ་གླང་དར་མས་རབ་བྱུང་ཁ་ལ་མི་ཉན་མཁན་ཚོ། རྟ་ཞོན་པའི་ཞོན་སྟེགས་བྱེད་མྱོང་སྐད་འདུག་པ་བདེན་མིན་ཅི་ཤེས་༼ཀྱང༌།༽ དེ་མ་གཏོགས་བདག་མེད་མ་ལྟ་བུ་མི་ཨོང་བཀྱག་བརྒྱབ་ནས་བ་འཇོ་ཞིང༌། ཡོས་བརྔོ་མཁན་གྱི་ནག་མོ་ཧམ་པ་ཅན་དེ་འདྲ་གཞན་འཇིག་རྟེན་འདིར་ཨེ་ཡོད་སྙམ། ༼ཞེས་པ་དེ་ལའང་གོ་བ་ལེན་ཕྱོགས་ཤིག་ཡོད་དེ། སྤྱིར། སློབ་མ་དད་པ་ཆེ་ན། །བླ་མ་ཟོག་པོར་གཏོང༌། །ཞེས་པའི་ཁ་རྒྱུན་ལྟར་བླ་མ་མར་པ་ཙམ་མ་ཟད། ཡུམ་བདག་མེད་མ་ལ་ཡང་ཆེ་བསྟོད་ཕུལ་དྲག་པའམ། སྙན་གང་གི་སྟངས་སྤྱོད་མཆེད་ཐལ་བའི་ཐ་སྙད་དེ་འདྲ་ནི། བོད་ཀྱི་བླ་མ་མང་ཆེ་བའི་རྣམ་ཐར་རྒྱུས་ཡོད་ཚོའི་མཁྱེན་གསལ་ལྟར་ཡིན་ལ། བྱེ་བྲག ལེགས་བཤད་ལྗོན་དབང་ལས། ཚིག་གི་ལོ་མས་མ་སྒྲིབས་ཤིང༌། །དོན་གྱི་འབྲས་བུ་གཡུར་ཟ་བས། །ཞེས་པ་ལྟར་དུ་མ་བྱུང་ནས། གཟེངས་ཐོན་འབུར་དོད་དོན་ཐབས་ལ་བརྩོན་ཆེ་བའི་ཚིག་གི་ལོ་མས། དངོས་དོན་ལོ་རྒྱུས་ཀྱི་འབྲས་བུ་གཡུར་དུ་ཟ་བ་དེ་བསྒྲིབས་སོང་བ་ནི། དོན་ཚན་གསུམ་གྱི་སྒོ་ནས་སྒྲུབ་འོས་པར་མངོན་ཏེ། དང་པོ། དུས་རབས་དེའི་བོད་ཀྱི་སྐྱེད་མའི་གནས་བབས་དང༌། ལྷོ་བྲག་རྒྱུད་ཀྱི་བ་ཕྱུགས་རྣམས་ཀྱང་མི་ཨོང་སྟེགས་བྱས་ནས་འཇོ་བར་འོས་མིན་གྱི་བསམ་བློ་རྒྱ་ཆེ་ས་ནས་བསྐོར་དགོས་པ་དང༌།
གཉིས་པ། དྲིན་མ་ལས་ལྷག་པའི་བདག་མེད་མ། །ཞེས་སོགས་བསྔགས་པར་འོས་པའི་བུད་མེད་དེ་ཉིད། ཐོས་པ་དགའ་ལ་ཐུགས་བརྩེ་ཤིན་ཏུ་ཆེ་བའི་མངོན་རྟགས་ནི། རང་གི་ཕ་མས་གནང་བའི་གཡུ་གྲུ་དཀར་བླ་མ་ལ་ཡང་གསང་སྟབས་སུ་ཉར་བ་དེ། ཨ་བོ་མཐུ་ཆེན་ལ་སྤྲད་ཚུལ་ལ་དཔག་ན། གསང་ཡུམ་དེའི་རང་གཤིས་ལམ་ཙམ་རྟོགས་ཐུབ་པ་དང༌།
གསུམ་པ། མགུར་འབུམ་ལས། (བ་འཇོ་བའི་སྟེགས་དང༌། ཡོས་བརྔོ་བའི་བརྔོ་སྟེགས)་ཞེས་པ་དེ་ནི། བཏེག་ཅེས་པའི་ཡི་གེ་དེར་ནོར་བ་རྒྱུན་འབྱམས་སུ་སོང་བ་ཞིག་ཏུ་དོགས་ལ། མདོར་ན། ཁྱེད་ཀྱིས་རྩོམ་འདིའི་ཐོག་མཐའ་བར་གསུམ་དུ། ནང་ཆོས་དང་འབྲེལ་བའི་ལེགས་ཚོགས་རི་རབ་ཙམ་ཡོད་པ་རྣམས་སྣང་མེད་དུ་དོར་ཏེ། གཞན་ཆ་ཉུངས་འབྲུ་ཙམ་རེ་མཆིས་པ་རྣམས་ལ་འཕྱར་ལུང་འཕྱར་བྱེད་འོས་པའི་གསང་ཚིག་ཅི་ཞིག་ཡོད་མེད་ཀྱང་བྲི་རིགས་པར་ངེས་སོ།།༽

རྩོམ་རིག

Post navigation

Previous Post: ང་དང་སྙན་ངག
Next Post: སྙན་ངག་རློན་ཤ་ཅན།

Comments (16) on “སྐྱབས་འགྲོའི་བློ་ཤུཊ་ཇི་ཙམ་ཆེ་ན་བྲན་གཡོག་གི་འདུ་ཤེས་ཆེ་བའི་སྐོར།”

  1. དོན་ཡོད་མཁས་གྲུབ། says:
    2013-04-12 at 10:25 am

    སྤྱིར་འཇིག་རྟེན་འདིའི་བྱ་བ་ཐམས་ཅད་གཞན་ཞིག་ལ་ལྟོས་མི་དགོས་པར་རང་ཉིད་ཁེར་རྐྱང་གིས་བསྒྲུབ་ནུས་པ་ཞིག་མ་ཡིན་པར་བརྟེན། སློབ་གྲྭ་ལྟ་བུ་གཅིག་ལ་མཚོན་ན། བྱིས་པ་རྣམས་ལ་དགེ་རྒན་གཅིག་གིས་ཡི་གེའི་འབྲི་ཀློག་མི་ཤེས་པ་དེ་ཉིད་ཤེས་པར་བྱེད་པའི་ལམ་སྟོན་པ་པོ་དང༌། འཛིན་རིམ་དེ་གའི་དཔེ་དེབ་རྣམས་ནི་སྦྱང་བྱའི་ཆོས་ཡིན་ལ། འཁོར་ཡུག་དེ་འབྲེལ་གྱི་སློབ་ཕྲུག་རྣམས་ནི་སློབ་གྲོགས་ཡིན་པར་བརྟེན། དགེ་རྒན་དེར་གུས་བཀུར་དང༌། དཔེ་དེབ་ལ་གཅེས་སྤྲས། སློབ་གྲོགས་ཚོར་མཐུན་འབྲེལ་གང་ཟབ་གནང་བ་པོ་དེ་ཡང༌། ཁྱེད་ཀྱིས་བཞེད་དགོངས་ལྟར་ན་བྲན་གཡོག་གི་ལམ་དེར་བསྐྱོད་མཁན་གྱི་སྒོ་མོ་དང་པོ་ཞིག་ཏུ་ཐལ་བའི་སྟེང༌ ཟེར་་་་་་་གོང་གི་བརྗོད་དོན་དེ་དག་གིགོ་དོན་མགོ་རྨོངས་སོང་བས་གསལ་ཁ་ཞིག་གནང་རོགས། དེ་དང་དེ་འདྲ་བ་མང་པོ་འདུག

  2. བན་དེ་བ། says:
    2013-04-12 at 10:59 am

    དུས་ཚོད་བྲེལ་བ་ལས་སོགས་ཀྱི་རྐྱེན་དང། རྩོམ་ཡིག་ལ་གོར་ཁྱིམ་ལྔ་བཅུ་མ་ཟིན་ཙམ་ལས་སོགས་དགག
    ཡིག་དང་འགོག་ཡུལ་གང་ལྟར་རང་ལུགས་གཞན་ལུགས་ལས་སོགས་ཅི་ཞིག་བཤད་ཀྱིན་ཡོད་པའང་མགོ་ཚོས་མ་སོང་ཀློག་འདོད་སྐྱེས་མ་བྱུང་དགོངས་དག

  3. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-04-12 at 11:13 am

    ཁྱེད་ཀྱིས་དགག་སྒྲུབ་རྩོམ་ཡིག་འབྲི་ཚུལ་ལ་གཟབ་པར་འཚལ། ནང་དོན་གནད་ལ་འཁེལ་བོ་ཡོད་ནའང་རྩོམ་ཡིག་འབྲི་སྟངས་ཁ་གསལ་བོ་དགོས་གལ་ཆེ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-04-12 at 11:31 am

    ཡུམ་གྱི་ཞལ་ནས།
    དེ་དག་ལགས་ཏེ། དེ་ལྟ་བུའི་སྙིང་རྗེ་རྟག་ཏུ་དཀའ་མོར་གདའ། ད་ལན་རང་ལས་སྐྱེས་པའི་བུ་འཁོར་འདས་གཉིས་ཀ་ལ་བློ་གྲོས་རྒྱས་ཤིང་། རང་གཞན་གཉིས་ཀའི་དོན་གྲུབ་པ་དེ་དང་ཤི་བྲལ་བྱུང་།
    དད་བརྩོན་ཤེས་རབ་ཤེས་རབ་སྙིང་རྗེར་ལྡན་པ་འདི་དང་གསོན་བླ་བྱུང་བས་སེམས་སྐྱོ་བ་ལ་བཟོད་ཐབས་རང་མི་གདའ་ཞེས་ཞུས་ནས་ཆེར་བཤུམས་པས།
    ང་ནི་མཆི་མས་བརྣངས་བརྣངས་པར་ཡོད། བླ་མ་ཡང་སྤྱན་ཆབ་བསིལ་བས། དཔོན་སློབ་ཀུན་གཅིག་ལ་གཅིག་འཕྲེང་ཕྱིར་ཐུགས་སྐྱོ་སྟེ་སྤྱན་ཆབ་ཤོར་བས་གསུང་གླེང་མ་བྱུང་།

  5. འབྲས་ལྡན says:
    2013-04-12 at 11:33 am

    ངོ་མ་བཤད་ན་ཁ་བརྡ་དྲ་ཚིགས་འདི་ལ་སྐྱོན་ཞིག་ཡོད་པ་ནི་རྩོམ་མཁན་གྱིས་གང་བསྐུར་བསྐུར་ཐམས་ཅད་འགོད་པར་བྱེད་པ་དེ་རེད། དྲ་བདག་ལགས་ཐུགས་རྒྱལ་མི་བཞེངས་བར་མཁྱེན།

  6. དྲན་དཀར་དཔལ་ཡོན་ says:
    2013-04-12 at 2:56 pm

    མོའུ་ཀྲུའུ་ཞུའི་ཆོས་སྨྱུག་ནི་ཏང་གི་ཆོས་སྨྱུག་ཡང་དག་པ་ཅིག་རེད་ཅེས་བཤད་མི་ཐུབ།
    ཡིན་ན་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་གཞུང་དང་སྤྱི་རིང་ལུགས་པ་གཉིས་སོ་སོར་ཕྱེ་དགོས། བདག་གི་འདི་ནས་ཚིག་གང་ནག་ནག་བེད་སྤྱོད་བྱེད་ཀྱི་མིན། འཕྲུལ་ཞེས་པ་ཆོ་འཕྲུལ་དང་རྫུ་འཕྲུལ་དང་མི་སྦྲེལ་བར་འཕྲུལ་འཁོར་དང་འཕྲུལ་ཆས་ལ་སྦྲེལ་གྱིན་ཡོད་པར་བདག་གིས་ཚོད་དཔག་ཙམ་ཡིན། དེས་ན་དེང་རབས་ཅན་དང་དེང་རབས་དང་མཐུན་པའི་རིག་གཞུང་གི་སྲོག་ཤིང་བྱས་པའི་འཕྲུལ་སྨྱུག་ཞིག་གིས་བྲིས་པ་ནི། ཡང་དག་པ་ཡིན་འོས། ཧི་མ་ལ་ཡ་དང་སྦྲེལ་འོས་མོད། མོའུ་ཀྲུའུ་ཞུའི་ཆོས་གཞུང་དང་དེ་ལ་བརྟེན་པའི་ཆོས་སྨྱུག་ནི་བལ་ཡུལ་དུ་ཨང་ཟིང་ཟིང་བཟོ་བྱེད་ཅིག་ཡིན་པ་ལས་བལ་ཡུལ་གྱི་ལྐོག་ཟ་རུལ་སོང་འགོག་བྱེད་ཆགས་མེད།
    དེས་ན་བོད་ཀྱི་སྐད་ཡིག་ལ་དུངས་པའི་བོད་ཀྱི་ཁ་བརྡས་ཡང་ཧི་མ་ལ་ཡའི་འཕྲུལ་སྨྱུག་ལ་བསྟེན་འོས་མོད། མོའུ་ཀྲུའུ་ཞུའི་ཆོས་གཞུང་དང་མོའུ་ཀྲུའུ་ཞུའི་ཆོས་སྨྱུག་ལ་བསྟེན་མི་འོས། བཀའ་འགྱུར་དང་བསྟན་འགྱུར་མུ་འགོད་བྱེད་ཀྱི་ཡིན་ནམ།
    རང་ཡུལ་ནས་ཕ་གཡོག་མ་གཡོག་མི་བྱེད་པར་རང་དབང་ལུང་པར་མོའུ་ཡི་རོ་ཁུར་ནས་བསྡད་ན་འགྲིག་གམ། ????

  7. ཀརྡོ་གཉེར་ཕྱག་པ་ says:
    2013-04-13 at 12:54 am

    ་་་་ དེར་ང་ལ་སྒྲ་སྒྱུར་མར་པའི་མཚན་ཐོས་པ་ཙམགྱིས་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང་། ལུས་ལ་བ་སྤུ་གཡོ་བའི་བདེ་བ། མཆི་མ་འཁྲུག་པའི་མོས་གུས་ཚད་མེ་ད་ཞིག་བྱུང་བས། ་་་ཞེས་དང་།
    ་་་་ དེས་ན་ཁྱོད་ང་ལ་བླ་མ་མཁའ་འགྲོས་གནང་བའི་སློབ་མར་བྱུང་བས། ངས་ཀྱང་ཕྲུ་སློག་པ་ལྟར་བྱས་ནས་བསུར་འོངས་པ་ཡིན། ་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2013-04-13 at 1:00 am

    བླ་སློབ།
    བྲན་གཡོག་དང་དམ་འོག་ངས་མི་ཤེས། །
    བླ་མའི།
    སྐྱབས་འོག་ཏུ་ཚུད་པའི་སྨོན་ལམ་འདེབས། །

  9. ལེགས་བཤད། says:
    2013-04-13 at 2:57 am

    རྒྱ་ནག་གོང་མའི་བྲན་གཡོག་དང་སྐུ་དྲག་ལམ་ལུགས་ཀྱི་བྲན་གཡོག །འབྱོར་ཕྱུག་གྲལ་རིམ་གྱི་བྲན་གཡོག་ལམ་ལུགས་མ་གཏོགས་ཤཱཀྱ་ཐུབ་པའི་སློབ་མ་ལ་བྲན་གཡོག་ཟེར་གི་མ་རེད། དེ་གཉིས་རྦད་དེ་ལོགས་ཀ་རེད།

  10. ཆབ་བྲག་ཕོ་ཉ། says:
    2013-04-13 at 4:27 am

    བྲན་སློབ་ཁྱད་པར་རང་གསལ་མ།

    དཔོན་དང་གཡོག་གི་ཁྱད་པར། ཐོབ་དང་དབང་གིས་ཕྱེ་ཡང།
    དགེ་རྒན་སློབ་མའི་བར་ཐག སྦྱིན་དང་སློང་བས་ཕྱེས་སོ།

    བྲན་གཡོག་རྒྱུ་དང་དབང་གིས་བསྡུས། སློབ་མ་རང་དབང་མོས་པས་འདུས།

    བྲན་གཡོག་དཔོན་ལ་དབང་གིས་གུས། སློབ་མས་བླ་མར་དད་པས་བཀུར།

    བྲན་གྱི་སྒོ་གསུམ་དཔོན་ལ་དབང། སློབ་མའི་སྒོ་གསུམ་རང་ལ་དབང།

    དཔོན་གྱིས་རང་དོན་ཆེད་དུ་བཀོལ། བླ་མས་གཞན་དོན་ཆེད་དུ་སྤྱོད།

    དཔོན་གྱིས་བྲན་རྣམས་སྡིག་ལ་སྦྱོར། བླ་མས་སློབ་མ་དགེ་ལ་སྦྱོར།

    བྲན་གྱི་སྡུག་བསྔལ་སྡིག་པའི་རྒྱུ། སློབ་མའི་དཀའ་སྤྱད་དགེ་བའི་རྒྱུ།

    དཔོན་བརྒྱའི་ནང་ན་དཔོན་བཟང་རེ། བླ་མ་བརྒྱ་ནང་བླ་ངན་རེ།

    གཡོག་བརྒྱའི་ནང་ན་གཡོག་ངན་ཉུང། སློབ་བརྒྱའི་ནང་ན་སློབ་ངན་མང།

    རྒྱལ་ཁྲིམས་ཚེ་འདིའི་བདེ་རྒྱུ་ཙམ། ཆོས་ཁྲིམས་གཏན་དུ་བདེ་དགའི་རྒྱུ།

    གང་ཞིག་རང་དབང་ངང་གིས་འཇུག དེ་ཉིད་དེ་ཡི་བདེ་སྐྱིད་ཡིན།

    མི་ཚེ་རང་ལ་དབང་གྱུར་ན། བདེ་སྐྱིད་ཇི་ལྟར་འཚོལ་ཡང་འོས།

    བྲན་གཡོག་ལ་ལ་དཔོན་ལས་སྐྱིད། དཔོན་ངན་ལ་ལ་གཡོག་ལས་སྡུག

    རང་སྡུག་རང་གིས་ཉོས་ན་སྡུག་གྱོང་ཟེར། གཞན་སྡུག་རང་གིས་བྱས་ན་སྡིག་པ་ཟེར།

    དབང་གི་བྲན་དང་ཆོས་ཀྱི་བྲན། དངུལ་གྱི་བྲན་འདོད་པའི་བྲན།
    བརྩེ་བའི་བྲན་དང་སྙིང་རྗེའི་བྲན། འདི་དག་བཟང་ངན་ངེས་པ་དཀའ།

    མདོར་རང་དབང་གཞན་དབང་དང། མི་ཚེའི་བདེ་སྡུག་ལེགས་ཉེས་དེ།
    རང་རང་མྱོང་བའི་ཚོར་རྟོགས་ལས། གཞན་གྱི་ཚོར་ས་ཐག་གཅོད་དཀའ།

  11. འཇམ་དབྱངས། says:
    2013-04-13 at 6:05 am

    རྩོམ་ཡིག་གི་ཁ་བྱང་མཐོང་དུས་ནང་ཆོས་འགོག་པའི་གཞུང་ཞིག་རེད་སྙམ་བལྟ་དུས་ཅི་ཡིན་གང་ཡིན་མི་གསལ་བ་ཞིག་འདུག་པས་ཀློག་འདོད་མ་བྱུང་།

  12. དགེ་འདུན་རྒྱ་མཚོ། says:
    2013-04-14 at 12:03 am

    ཧི་མ་ལ་ཡའི་འཕྲུལ་སྨྱུག་མིང་ཅན་འདི་འབྲི་བ་ལ་དགའ་མཁན་ཞིག་ཡིན་པ་འདྲ།  ཁོས་བྲིས་པ་འགའ་རེ་གང་སར་མཐོང་ཡ་འདུག 

  13. དགེ་འདུན་རྒྱ་མཚོ། says:
    2013-04-14 at 4:25 pm

    ཐབས་སྐྱོ་བ་ཞིག་ལ་ཁོས་བྲིས་པ་ཕལ་ཆེར་ཁ་བྱང་ཙམ་ལས་མཐའ་འཁྱོངས་བཞག་པ་གཅིག་ཀྱང་མེད། བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ཁོས་རང་སྐྱ་འཕར་བའི་རྩོམ་ཡིག་ཞིག་ད་ལྟའི་བར་བྲིས་མ་མྱོང་། ཁོས་དཔེ་ལྟ་ས་ནི་ཚ་བ་མདའ་སྨྱུག་ཡིན་པ་འདྲ། ཁོའི་རེ་སྙེག་ནི་མིང་གི་ཆོ་ལོ་ཙམ་རེད་སྙམ།་་ཡ་ཡ་ཀུ་རེ་ཡིན་ལོ།་མུ་མཐུད་ནས་ཕྲིས།

  14. རྣོན་པོ་ཚང། says:
    2013-04-16 at 1:08 am

    སྐྱབས་འགྲོའི་བསམ་བློ་ཇི་ཙམ་ཤུགས་ཆེ་ན་བྲན་གཡོན་གི་འདུ་ཤེས་དེ་ཙམ་གྱིས་ཤུགས་ཆེ་བ་ཡིན། ཞེས་པ་འདི་༼ལ་དཔྱད་ན། འདི་ལྟ་བུ་མི་སུ་ཞིག་གིས་དེབ་གང་ཞིག་ཏུ་དེ་ལྟར་བྲིས་པ་སོགས་གསལ་ཁ་བཏོད་ན་ལེགས། གཞན་ནག་ཁུང་ནས་ནག་ཁུང་དུ་ཁྲིད་ཀྱིན་པའི་སྣང་བ་ཞིག་སྟེར་གི

  15. དགེ་འདུན་རྒྱ་མཚོ། says:
    2013-04-16 at 12:39 pm

    དེ་ཁ་བྱང་རེད། ཁོའི་རྩོམ་ཡིག་ལོ་རྗེས་མ་འབྲི་ཡ་རེད།

  16. ལེགས་བཤད། says:
    2013-04-16 at 10:42 pm

    སྐྱབས་འགྲོའི་བློ་ཤུཊ་ཇི་ཙམ་ཆེ་ན་བྲན་གཡོག་གི་འདུ་ཤེས་ཆེ་བ་ནི་ཆོས་ཉམས་སུ་ལེན་མཁན་ཞིག་གི་ངོས་ནས་བཤད་ན། རང་ཉིད་འགྲོ་བ་ཀུན་ལས་དམན་ལྟ་ཞིང་། ཞེས་པ་ལྟ་བུའི་གཞན་ལ་ཕན་འདོགས་ཀྱི་བསམ་པས་རང་ཉིད་དམན་ས་འཛིན་པ་ཡོང་གི་ཡོད། འོན་ཀྱང་ཆབ་སྲིད་པ་དག་གིས་འགྲེལ་བཤད་རྒྱག་པའི་བྲན་གཡོག་དེ་དང་གཏན་ནས་མི་འདྲ་བར་འདོད་དེ། །དེ་ནི་འདོད་པ་མེད་བཞིན་དུ་བཙན་པོ་དབང་ཡོད་ཀྱིས་བྲན་དུ་བཀོལ་བ་ལྟ་བུའི་འདུ་ཤེས་དེ་ཡིན། ཆབ་བྲག་ཕོ་ཉས་གོང་དུ་ཐར་ཐོར་བྲིས་པ་དེ་དག་སེམས་ལ་བཟུང་ན་འོས། ཆོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme