Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱབས་ཆེན་བདེ་གྲོལ་དང་ཁོའི་བརྩམས་ཆོས། མཆོད་མེ་དྲ་བ།

Posted on 2017-10-052017-10-06 By ཡེ་ཤེས་ 1 Comment on སྐྱབས་ཆེན་བདེ་གྲོལ་དང་ཁོའི་བརྩམས་ཆོས། མཆོད་མེ་དྲ་བ།

ཀླུ་སྨྱོན།

བོད་ཀྱི་དེང་རབས་རྩོམ་པ་པོ། སྒྲུང་གཏམ་པ་དང་སྙན་ངག་པ། ཕྱི་ལོ༡༩༧༧ལོར་ཀན་ལྷོའི་རྨ་ཆུ་རྫོང་གི་ཁྲོ་ཁོའི་དཔོན་རྒྱུད་ཅིག་ཏུ་སྐྱེས། ཆུང་དུས་ནས་ནང་བའི་ཆོས་དང་རིག་གནས་ལ་དགའ་བས་ཆུ་ཁ་མའི་སློབ་ཆུང་ལོ་རིམ་བཞི་བར་ཐད་ཞུགས་བྱས་ཤིང་དེ་ནས་བཟུང་ལོ་ངོ་དགུའི་རིང་ལ་དགའ་སྐྱོ་གཉིས་ལྡན་གྱི་སློབ་མའི་འཚོ་བ་རོལ། དེ་སྔ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་ཡིན་པ་དང་། ད་ལྟ་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འགན་འཛིན་པ་ཡིན་ལ་བོད་ཀྱི་དེང་རབས་སྙན་ངག་པའི་ཚོགས་པ་མི་རབས་གསུམ་པ་ཞེས་པའི་ཚོགས་མི་གཙོ་བོ་ཞིག་ཀྱང་ཡིན།

སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་ཆོས་ལ་གཞོན་ནུ་ལོ་ཆུང་ཚོའི་དགའ་བསུ་ཐོབ་ཡོད་ལ་བོད་ཀྱི་རྩོམ་པ་པོ་རྒན་པ་ལྗང་བུ་དང་ཚེ་རིང་དོན་གྲུབ་སོགས་ཀྱིས་ཀྱང་གདེང་འཇོག་ཚད་མཐོན་པོ་བྱས་ཡོད། བརྩམས་ཆོས་མང་པོ་དབྱིན་ཡིག་དང་རྒྱ་ཡིག ཧྥ་རན་སེའི་ཡི་གེ་སོགས་སུ་བསྒྱུར་ཡོད། ཟླ་ཟེར་རྩོམ་རིག་བྱ་དགའ་སོགས་བྱ་དགའི་གཟེངས་སྐྱེས་ཀྱང་གང་མང་བླངས་མྱོང་། ཁོང་གིས་དེང་རབས་ཟློས་གར་དང་གློག་བརྙན་གྱི་འཁྲབ་གཞུང་སོགས་ཀྱང་གསར་རྩོམ་བྱེད་ཀྱིན་ཡོད། ཁོ་བོས་སྐྱབས་ཆེན་གྱི་རྩོམ་ཐོག་མ་བཀླགས་པ་ནི་ཚངས་མགུར་དང་ཤོག་དངུལ་ཞེས་པ་དེ་ཡིན་ཞིང་། དེ་དུས་སྐྱབས་ཆེན་ལོ་ཉི་ཤུར་སོན་ཙམ་མ་གཏོགས་མིན་ན་ཡང་། བརྩམས་སྒྲུང་དེའི་ཤོང་ཚད་དང་སྒྱུ་རྩལ་གྱི་ཇུས་འགོད་སོགས་ལ་བློ་མོས་ཆེན་པོ་བྱུང་། རྗེས་སུ་བོད་ཁུལ་གྱི་ཚགས་པར་དང་དུས་དེབ་གང་མང་ལས་སྐྱབས་ཆེན་བདེ་གྲོལ་གྱི་བརྩམས་ཆོས་མང་པོ་ཞིག་ལ་མྱོང་རོལ་ཐེངས་མང་བྱས་པ་མ་ཟད། ཁོང་གི་དུས་སྐར་དང་རྔུལ་ཆུ་ལས་གྲུབ་པའི་མཆོད་མེ་དྲ་ཚིགས་ཞེས་པའི་དེང་རབས་རྩོམ་རིག་གི་དྲ་ཚིགས་ཆེ་ཤོས་འདི་ཡང་གྲོགས་ནང་མ་ཞིག་ཏུ་གྱུར་སོང་། འདི་ལྟར་སྐྱབས་ཆེན་བདེ་གྲོལ་གྱི་ཕྱི་རོལ་དང་ནང་རོལ་མང་པོ་ཞིག་ལ་སོ་བཏབ་ཅིང་ལྕེས་མུར་པའི་མཐའ་མ་དེར། སྐྱབས་ཆེན་བདེ་གྲོལ་ལགས་དང་སྐད་འཕྲིན་ནང་དངོས་སུ་ཁ་བརྡ་བྱེད་པའི་གོ་སྐབས་ཀྱང་ཐོབ། ཉེ་ཆར་ཨ་རིར་ཕྱོགས་བསྒྲིགས་བྱས་པའི་ལྷ་གསར་པ་དང་འདྲེ་རྙིང་པ་ཞེས་པའི་ཆེད་དེབ་དེའི་ནང་དུ་ཡང་སྐྱབས་ཆེན་གྱི་བརྩམས་ཆོས་རེ་ཟུང་ཡོད་པ་ཐོས་པར་དགའ་བ་འཕེལ། སྔོན་མར་སྐྱབས་ཆེན་གྱི་སྙན་ངག་དང་བརྩམས་སྒྲུང་རེ་ཟུང་ཡིག་རིགས་གཞན་པར་བསྒྱུར་ཡོད་ཀྱང་ཐེངས་འདིའི་དེབ་གསར་དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཡོད་སྐད་ཐོས་པས་སྐྱབས་ཆེན་ལ་རྟེན་འབྲེལ་ཞིག་ཞུ་འདོད་བྱུང་། གང་ལྟར་སྐྱབས་ཆེན་གྱི་བརྩམས་ཆོས་ལ་ཁོ་རང་ཉིད་ཀྱི་དྲི་མ་དང་གྲིབ་གཟུགས་ཡོད་པས། ང་ཚོས་སྐྱབས་ཆེན་བླ་མ་ཞིག་གི་ཚད་དུ་བཞག་སྟེ་ཕྱག་འཚལ་ཆོག་ལ་དགའ་མ་ཞིག་གི་ཟོལ་དུ་བཞག་སྟེ་འོ་ཡང་བྱས་ཆོག ད་དུང་སྙན་ངག་པ་ཞིག་གི་ཚད་དུ་བཞག་སྟེ་གླེང་ཆོག་ལ་སྙན་ངག་ཅིག་གི་ཚད་དུ་བཞག་སྟེ་བཀླགས་ཀྱང་ཆོག བོད་ལ་འདི་ལྟ་བུའི་སྙན་ངག་པའི་མི་རབས་རྗེས་མ་གང་མང་མང་ཞིག་དགོས་པ་མ་ཟད། བོད་ལ་འདི་ལྟ་བུའི་ཞོགས་པའི་སྐྱ་རེངས་དཀར་པོ་རེ་རེའི་འོད་སྣང་ཅི་བས་ཀྱང་མཁོ་བ་མིན་ནམ། འདི་ལྟར་གློ་བུར་དུ་སྐྱབས་ཆེན་བདེ་གྲོལ་གླེང་དུས། ངའི་ཡིད་ལ་དོན་གྲུབ་རྒྱལ་དང་དགེ་འདུན་ཆོས་འཕེལ་གཉིས་དྲན་ཡོང་། ད་དུང་སྒྲུང་རྩོམ་པ་དོན་གྲུབ་ཚེ་རིང་དང་སྙན་ངག་པ་ལྗང་བུ་གཉིས་ཀྱང་འཁོར་ཡོང་། རང་རེའི་རྩོམ་པ་པོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་འདི་ལྟར་སྐྱབས་ཆེན་ལྟ་བུའི་རྟོག་པ་ཐོལ་སྐྱེས་ཀྱི་སྙན་ངག་པ་དང་བརྩམས་སྒྲུང་མཁན་པོ་རེ་ཟུང་ཞིག་ལས་མེད་ན་ཡང་། ངའི་སེམས་ཁོང་ནམ་ཡང་འོད་སྣང་གིས་ཁྱབ་ཅིང་ངའི་ཡ་ཆུང་རྟག་ཏུ་དྲོད་ཁོལ་གྱིས་འཁྱུད་འདུག ངས་ཀྱང་སྐྱབས་ཆེན་གྱི་མཆོད་མེ་དྲ་བར་རྟག་པར་ཁོམ་ལོང་དང་བསྟུན་ནས་ཉུལ་བཞིན་པ་དང་། དེར་རང་ཉིད་ལ་འཛད་དུ་མེད་པའི་བསམ་པའི་ལོངས་སྤྱོད་ཅིག་འཐོབ་ཅིང་། དེར་རང་ཉིད་ལ་ཚེ་གཅིག་སྐྱ་ཡ་དང་སེམས་མཐུན་སྙན་ངག་པ་མང་པོ་ཞིག་ཇ་ཁང་ཆང་ཁང་ནས་འཕྲད་པ་བཞིན་གློ་བུར་གློ་བུར་དུ་འཕྲད་པར་བྱེད། ཚོར་སྣང་གིས་དུས་འདའ་ཞིང་སྒྱུ་རྩལ་གྱིས་མི་ཚེ་སྐྱེལ་བའི་བདག་ལ་མཚོན་ན། སྐྱབས་ཆེན་བདེ་གྲོལ་གྱི་བསྟན་དོན་ཟབ་པའི་སྙན་ངག་དང་བརྩམས་སྒྲུང་རེ་རེ་བཞིན་རྡོ་གསེབ་ནས་འབུས་པའི་ལྗང་བུ་མཁྲེགས་ཤིང་འོད་འཚེར་བ་དེ་ཚོ་དང་ཧ་ཅང་འདྲ་ལ། ཁོའི་བཞུར་རྒྱུན་དྲག་པའི་རྩོམ་ཡིག་དག་ནི་ལུས་བདེ་སེམས་ཐང་གི་གྲོགས་པོ་ཞིག་གི་མཁྲིག་མ་ནས་ཐུར་ལ་འཛག་པའི་ཁྲག་དམར་གྱི་ཐིགས་པ་ལས་ཀྱང་རྩ་ཆེ་བ་ཡིན་ནོ།།

བརྩམས་ཆོས།

༼ མི་ཁོམ་པའི་གནས་དང་དེའི་བདག་པོ ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་བརྒྱད་པ། ༼ གླུ་སྐད་སྐྱ་བོ ༽ རྒྱལ་སྤྱིའི་ཀློག་དེབ་དཔེ་སྐྲུན་ཁང་། ༢༠༠༨ལོའི་ཟླ་གསུམ་པ། ༼མི་རྟག་པ༽༢༠༡༢ལོའི་ཟླ་༡༢པ།

སྒྲུང་ཐུང་གཙོ་བོ།

༼ ཚེ་རིང་དོན་གྲུབ ༽ ༼གླུ་སྐད་སྐྱ་བོ ༽ ༼ ཚངས་མགུར་དང་ཤོག་དངུལ ༽ ༼ལོ་དེའི་དཔྱིད་ཀ ༽ ༼སློབ་གསོའི་གཏམ་རྒྱུད༽ ༼ དུས་ཆད༽ ༼ བརྩེ་དུངས། ཁ་བཏགས་ཀྱི་སྣེ་གཉིས་ན་འདར༽༼ཉིང་ཁྲིའི་མུ་ཏིག༽༼གློ་གྲི༽
སྒྲུང་འབྲིང་།

༼ མེ་འཁྱག་པ་༽
སྒྲུང་རིང་།

༼གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད་༽༼སྡུག་ཤི་རྒྱག་རྒྱུའི་ང་རང༽
བསྒྱུར་རྩོམ

༼བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་༽ ༼ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས་༽༼གཞོན་ནུ་སྒྲུང་བ་༽༼རང་གི་བྱུང་བ་བརྗོད་པའི་གཏམ༽ནུབ་གླིང་གི་སྙན་ངག་མང་པོ།
འབྲེལ་ཡོད་དྲྭ་གནས
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། http://www.tibetcm.com/special/2017-10-03/8438.html

ངོ་སྤྲོད།

Post navigation

Previous Post: ༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དབུ་བཞུགས་ཐོག་བཀའ་ཤག་ལྷན་རྒྱས་ཚོགས་པ།
Next Post: བརྡ་དོན་ཤེལ་དཀར་མེ་ལོང་།

Comment (1) on “སྐྱབས་ཆེན་བདེ་གྲོལ་དང་ཁོའི་བརྩམས་ཆོས། མཆོད་མེ་དྲ་བ།”

  1. ས་ཏྲིག says:
    2017-10-14 at 7:27 am

    ཀླུ་སྨྱོན་གྱིས་གསུངས་པ་བཞིན་ཡི་རང་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme