Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱབས་ཆེན་བདེ་གྲོལ་གྱི་གཏམ་བཤད།

Posted on 2016-07-282016-07-28 By ཁ་བརྡ 1 Comment on སྐྱབས་ཆེན་བདེ་གྲོལ་གྱི་གཏམ་བཤད།

d282d24f-11cb-4bb0-ac80-23e02cd58a80ཁྲོ་གཏུམ་གྱིས་སྐད་འཕྲིན་ལས་ཡིག་ཕབ་བྱས།

 

བོད་ཀྱི་སྙན་ངག་པའི་མཚན་མོའི་དབྱངས་ཀྱི་ཚོགས་པས། ང་རང་ལ་གདེང་འཇོག་བྱས་ཏེ་འདི་འདྲའི་མཚན་སྙན་དང་སྨྱུ་གུ་ཞིག་སྩལ་བ་ནི་ངས་མི་ཚེ་གང་བོར་བརྗེད་མི་སྲིད་པའི་ཉི་མ་ཞིག་ཡིན་ལ། སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།

དྲང་མོར་བཤད་ན། རྒྱལ་ཁབ་གཞུང་གིས་རྩོམ་པ་པོ་རྣམས་སུ་མཚན་སྙན་འདྲ་མིན་ཕུལ་བའི་དུས་སྐབས་འདིར། ང་ཚོས་སྙན་ངག་པ་ཞིག་ཡིན་ན། རང་ཉིད་སྙན་ངག་པ་ཞིག་ཡིན་པ་དང་སྙན་ངག་ལ་ཁྲེལ་མེད་མི་བྱེད་པ། ང་ཡང་སྙན་ངག་པའི་ལམ་ཁ་ཡང་དག་ཅིག་ལ་ཁྲིད་འགྲོ་བའི་སེམས་པ་ཞིག་དགོས་ཀྱི་འདུག

དེ་རིང་འདིར་ཕེབས་པའི་གྲོགས་པོ་དང་གྲོགས་མོ་སྙན་ངག་པ་སུ་ཡིན་ཡང་། ང་ཚོས་དུས་རྒྱུན་དུ་ཕན་ཚུན་ཤེས་ཀྱི་ཡོད་པ་ནི། ང་ཚོ་ཤ་ཉེས་སྤུན་མཆེད་དང་བཟང་ས་ཉེ་ས། སྡེ་བ་རི་སྐོར་གྱི་དོན་དག ང་ཚོའི་ཁེ་ཕན་ཞིག་གི་ཆེད་དུ་ང་ཚོ་དམ་དུ་སྦྲེལ་བ་ཞིག་མ་རེད།
ང་ཚོ་ནི་བོད་གངས་ཅན་གྱི་དབྱངས་གསལ་སོ་བཞི་ཡིས་སྦྲེལ་ཡོད་པ་རེད། དེ་བས་ན། ཡི་གེ་བྱ་བ་བྱེད་མཁན། ཡང་ན། བོད་ཀྱི་དབྱངས་གསལ་སོ་བཞིའི་ངག་གི་བྱ་བ་བྱེད་མཁན་ཞིག་ལ་མཚོན་ན། ཚང་མའི་མིག་མདུན་དུ་ཡོད་པ་ནི་སྙན་ངག་ཟེར་བ་འདི་རེད། འདི་ནི་ཁ་ནང་ནས་ཐེངས་མང་པོར་བཤད་པ་དང་། མཐའ་ན། སྙན་ངག་ཅེས་པའི་ཐ་སྙད་འདི་ནི་མ་ཎི་ཡིག་དྲུག་བཟློ་བ་ལས་ཀྱང་མང་བའི་དུས་སྐབས་སུ་ཐོན་འདུག

ང་རང་ས་ཆ་མང་པོར་སོང་མྱོང་ལ། སྙན་ངག་པ་མང་པོར་ཐུག་མྱོང་། མང་ཤོས་ཀྱིས་བོད་ལྟ་བུའི་སྙན་ངག་ལ་དགའ་མཁན་ཞིག་འཛམ་གླིང་ལ་མེད་པ་འདྲ་བར་བཤད་ཀྱི་འདུག ང་ཚོའི་བོད་མི་རིགས་ཀྱི་གསོ་བ་རིག་པ་དང་སྐར་རྩིས་པ་རིག་པ། དམངས་ཁྲོད་རིག་པ་སོགས་ཚང་མ་ནི་སྙན་ངག་གི་ལམ་ནས་བྲིས་འདུག

དེའི་རྒྱུ་མཚན་ལ་འདང་ཞིག་རྒྱབ་ན། འདིའི་འགོ་ཁུངས་སུ་འདང་ཇི་ལྟར་རྒྱབ་ཀྱང་རྩ་བ་ནས་མི་རྙེད་པ་ཞིག་རེད། དེའི་རྒྱུ་མཚན་ནི་ང་ཚོ་དེང་མ་ནས་སྙན་ངག་གི་མི་རིགས་ཤིག་རེད་ལ། ང་ཚོ་བར་སྐབས་ཤིག་ནས་སྙན་ངག་གི་མི་རིགས་ཤིག་རེད། ང་ཚོའི་ཡི་གེ་འདི་དར་ནས་བཟུང་སྙན་ངག་གི་མི་རིགས་ཤིག་གིས་ལོག་འདུག ཡང་ན་དུས་སྐབས་ཤིག་ནས་བཟུང་སྟེ་ང་ཚོ་སྙན་ངག་གི་མི་རིགས་ཤིག་ཏུ་ཆགས་པ་རེད་ཅེས་པའི་གསང་བ་ང་ཚོས་ནམ་ཡང་གཏོར་ཐུབ་ཀྱི་མི་འདུག

དཔེར་ན་ང་ཚོ་རུ་ནང་(རུ་ཉུག་)ལ་སོང་ན། རུ་ནང་གི་རྒད་པོ་གཉིས་ཀྱིས་ཕན་ཚུན་འཚམས་འདྲིའི་སྐད་ཆ་བཤད་རྗེས། གཅིག་གིས་གཅིག་ལ་སྐད་ཆ་བཤད་རྒྱུའི་ནང་དུ། ལོ་རྒྱུས་ཡོད་པ། བཀབ་དོན་ཡོད་པ། རྩེད་མཚར་ཡོད་པ་དག་དག་རེད། རྒྱུ་མཚན་ནི། དཔེར་ན་ང་ཚོ་ཁྲིམས་ཁང་ལ་སོང་ནས་ཉེས་དོན་གྱི་དོན་དག་ཆེན་པོ་ཞིག་བཤད་སྐབས་ན། དེའི་སྐད་ཆ་དེ་ནི་བསྐོར་ནས་བཤད་པ་མ་གཏོགས། ཐད་ཀར་བཤད་མི་ཐུབ་པ་ཞིག་ལ་རག་ལས་པས། ང་ཚོའི་ངག་ན་ཡོད་པའི་སྐད་ཆ་ཐམས་ཅད་ནི་སྙན་ངག་གི་ལམ་ནས་མ་བཤད་ན་བར་བར་ལ་མི་ཤོད་པ་ཞིག་གི་རྣམ་པར་གྲུབ་འདུག་བསམ།

དེང་སང་གི་དུས་སྐབས་སུ་ཚོང་ལས་དཔལ་འབྱོར་ཡར་རྒྱས་སུ་སོང་ནས། མི་ཐམས་ཅད་ནི་ཁེ་ཕན་གྱི་ཆེད། རང་གི་མིག་མདུན་གྱི་གོམ་པ་གང་དོ་ཞིག་གི་དོད། རང་གི་མི་ཚེ་ཡི་དོན་སྙིང་དང་། མི་ཚེ་ལ་སྙིང་བོ་ཡོད་མེད་ནི། ཕལ་ཆེ་བ་ཞིག་གིས་རང་གིས་རང་ལ་ཇི་ལྟར་གདེང་འཇོག་བྱེད་ཀྱི་འདུག་ཟེར་ན། དངུལ་ལོར་གྱིས་ཚད་འཇལ་བ། ཡང་ན་གཞན་ཞིག་གིས་རང་ཉིད་ལ་བསྟོད་པ་བྱས་དང་མ་བྱས། མཚན་སྙན་གྲགས་ཤིག་གིས་ཚད་འཇལ་གྱི་འདུག ཡིན་ནའང་། ང་ཚོའི་བོད་ལ་མཚོན་ན་བར་བར་ལ་མི་ནི་རང་གི་སྐད་ཆ་ཡིས་གསོན་ཡོད་པ་ཞིག་རེད།

དོན་དངོས་སུ་མི་ནི་གང་ཞིག་གིས་གསོན་འདུག་ཅེ་ན། ཁྱོད་ཀྱི་མཁར་དང་ཁང་གཞིས་ཀྱིས་གསོན་པ་རེད་དམ རྒྱུ་ནོར་ལོངས་སྤྱོད་ཀྱིས་གསོན་འདུག ཡང་ན། ཁྱོད་ཀྱི་འཕྲུལ་སྣང་དང་རང་གི་ཡིན་མིན་གྱི་སོ་མཚམས་སུ་ཡོད་པ་ལྟ་བུའི་གསོན་འདུག་པ་བཅས་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད།
ང་ཚོས་མདའ་གཞི་ཞིག་བཟུང་ནས་ནམ་ཡང་འཆོར་མི་ཐུབ་པ་ནི་རང་གི་སྐད་ཆ་དང་ཡི་གེ་རེད།

དཔེར་ན། མི་ཚང་ཞིག་གི་མགོ་ལ་སྡུག་བསྔལ་ཞིག་ཐོན་ཡོད་ན། ཆོ་ག་རྣམ་པ་སྣ་ཚོགས་ཀྱིས་སྡུག་བསྔལ་དེ་ནི་ཞུ་ཐུབ་ཀྱི་ཡོད་པ་རེད། མི་ཞིག་ཤི་ན་དེ་ལ་གཤིན་མཆོད་ཅིག་སྒྲུབ་སྟེ། དེ་ཡིས་མི་དེའི་རྣམ་ཤེས་དྲངས་ཐུབ་དང་མི་ཐུབ་པ། ཐར་བའི་གོ་འཕངས་ཐོབ་པའི་ངེས་པ་མེད་ལ། དེ་ནི་ང་ཚོས་ཤེས་མི་ཐུབ་ཀྱང་། གཤིན་མཆོད་བཏོན་པའི་དུས་ཚོད་ཀྱི་གོ་རིམ་ཁྲོད་ནས་ང་ཚོའི་སེམས་ཀྱི་སྡུག་བསྔལ་ཞི་ལ། དུས་ཚོད་འགྲོ་ཐུབ་པ། མི་ཐམས་ཅད་ཀྱིས་འཆི་བ་ལ་གཏོང་གཏད་ཐུབ་པ་འདི་ནི་སྙན་ངག་གི་སྟོབས་ཤུགས་རེད་སྙམ།

དེང་སང་གི་ཚོང་ལས་དཔལ་འབྱོར་སྟོབས་ཆེན་དར་ཞིང་། འདི་ཡིས་མྱི་ཐམས་ཅད་ཀྱི་སེམས་ཁམས་ནི་ང་ཚོའི་རྩྭ་ཐང་བྱེ་མར་བསྒྱུར་བ་ལྟ་བུ་ཞིག་གི་དུས་སྐབས་སུ། ད་རུང་སྙན་ངག་ལ་ཤི་འཐམ་རོ་འཐམ་བྱེད་པ་དང་། སྙན་ངག་གི་དེབ་མང་པོ་དཔར་བསྐྲུན་བྱེད་པ་དང་དེ་ཉོ་བའི་མི་རིགས་ཤིག་འཛམ་གླིང་དུ་ང་ཚོ་མ་གཏོགས་ཡོད་ཀྱི་མ་རེད།

ཕྱི་རྒྱལ་དུ་སྙན་ངག་གི་དེབ་༥༠༠ནས་༦༠༠ཕུལ་ན་སྙན་ངག་པ་ཙ་ཡ་ཞིག་ཏུ་བརྩི་བར་བཤད་སོང་། ང་ཚོའི་བོད་ནང་དུ་ད་ལོར་སེང་རྡོར་གྱི་སྙན་དེབ་ཁྲི་ ༢ བཙོང་བཞག་འདུག མི་གྲངས་ས་ཡ་ ༦ ཡོད་པའི་མི་རིགས་ཤིག་གི་ནང་ནས་འདི་འདྲ་ཞིག་བཙོང་བཞག་པ་འདི་ཡིས་དེའི་སྙན་ངག་ལ་ཇི་ལྟ་བུ་ཞིག་དགའ་བ་དང་། སྙན་ངག་ནི་རྩོམ་རིག་གཞན་ལས་ཚད་ཇི་འདྲ་ཞིག་ཏུ་བཞག་ཡོད་པ་ཤེས་ཐུབ་ཀྱི་འདུག

དེ་མིན་སྡུག་བསྡལ་མ་མྱང་བར་སྙན་ངག་བྲིས་པ་ནི་སྙན་ངག་གི་བྲོ་བ་དེ་འདྲ་ཞིག་ཡིན་པས། ནུབ་གླིང་དུ་མི་ཚེ་སྙན་ངག་ལ་བསྐྱལ་བཞག་པ་འདུག་ཅིང་། བུད་མེད་སྙན་ངག་པའི་ནང་དུ་སྐྱེས་པས་སྙན་ངག་འབྲི་བའི་གོ་སྐབས་མ་བྱུང་བར། འཚོ་བའི་ནང་དུ་སྙན་ངག་འབྲི་ཁོམ་མ་ཡོང་ནས། ཁྱིམ་ལས་དང་བྱིས་པ་གཉོར་དགོས་ནས་ཚོུད་བརླགས་དགོས་ན་ཡང་། ནམ་གུང་ཡར་ལངས་ཏེ་སྙན་ངག་གི་ཚོར་བ་ཨེ་རྙེད་པར་བལྟས། ཚོར་བ་མ་རྙེད་ན་རང་གིས་རང་ཉིད་ལ་གྲིས་བསྣུན་ནས་བཙལ། དེ་ནས་མ་རྙེད་ན་ལྕེབས་ཐུབ་བྱས། འཆི་བ་ག་འདྲ་ཞིག་ཡིན་པར་བལྟས། བར་རྡོ་ཨེ་རིག་གི་བལྟས་ཏེ་བར་རྡོ་ལ་ཐོན་ཙམ་ཕྱིར་གསོན་དུ་བཅུག་པའི་ཚོར་བ་སྙན་ངག་ཏུ་འབྲི་གི་འདུག

ང་ཚོའི་ད་ལྟའི་སྙན་ངག་འབྲི་མཁན་ཁ་ཤས་ཀྱིས་ཆང་གི་ཅུང་ཙམ་སྦུར་སོང་ན། སྙན་ངག་རེ་བྲིས། དེ་ཡང་བཅོས་སྒྲིག་མི་བྱེད་པར་སྤེལ་བ།
རྗེས་པ་མ་ཡང་དེ་འདྲ་བོ་ཞིག་བྲིས། ལོ་ཁ་ཤས་འགོར་དུས་སྔོན་མ་ལས་བརྒལ་ཐུབ་མིན་གྱི་སྙན་ངག་བྲིས་པའི་སྣང་ཚུལ་འདུག

ང་ཚོ་ནི་སྙན་ངག་གི་མི་རིགས་ཤིག་དང་སྙན་ངག་པ་མང་པོ་ཡོད་པར་ཡིད་ཆེས་དགོས་པ་དང་། མཚམས་མཚམས་སུ་ང་ཚོའི་སྙན་ངག་ནི་གང་ཞིག་ཏུ་ཡོད་པ་རེད། ང་ཚོའི་སྙན་ངག་འདི་ནི་རྒྱལ་སྤྱིའི་རྩོམ་རིག་གར་སྟེགས་སུ་འགྲོ་ཐུབ་ཀྱི་འདུག་གམ་མི་འདུག དེ་ལ་སོང་ན་ཇི་འདྲ་ཡིན་པར་བལྟ་དགོས་ཀྱི་འདུག

བར་བར་ལ། སྐད་འཕྲིན་སོགས་ཀྱི་རྒྱབ་ལོག་ཏུ། བརྗོད་བྱ་གཅིག་ཡིན་པ་དུས་མཉམ་དུ་བརྒྱ་ཁ་སྟོང་ཁ་ཐོན་རྒྱུ་ཡོད་ཀྱང་སྙན་ངག་ཡག་པོ་ཞིག་མཐོང་མི་ཐུབ་ལ། སྙན་ངག་ཡག་པོ་ཅིག་ཐོན་པའི་རེ་བ་ཡོད་ཀྱང་རུང་། སྙན་ངག་གི་སྒྲིག་གཞིའི་གོ་རིམ་མི་ཚང་བའི་སྙན་ངག་ཡང་མང་པོ་འབྱུང་གི་འདུག ངས་བལྟས་ན་རང་གི་ཚོར་བར་བདག་པོ་བྱེད་རྒྱུ་དང་། རང་གི་ཚོར་བ་ནི་སྙན་ངག་གི་ས་བོན་ཡིན་པ་དང་ས་བོན་དེ་རུལ་གྱི་མི་འཇུག་རྒྱུ་གལ་ཆེན་རེད།

དེང་སང་ང་ཚོ་འབྲོག་ཕྱོགས་སུ་སོང་ན། རྩྭ་ས་བྱེ་མར་འགྱུར་སྐབས་རྩྭ་ངན་དང་ས་བོན་ངན་པ་བཏབ་ན་རྩྭ་ཐང་ཆེན་པོ་ཡིན་ཡང་བརླག་འཇོག་པ་ལྟ་བུར་ང་ཚོས་རང་གི་ཚོར་བར་བདག་པོ་རྒྱག་དགོས་པ་རེད།

རང་གི་ཚོར་བ་ཕྲ་མོའི་རིགས་འཛིན་ཐུབ་པར་འབད་པ་གལ་ཆེན་རེད། མི་ལ་ཚོར་བ་སྣ་ཚོགས་ཡོད་ཀྱང་། ཚོར་བ་དེའི་ཁུངས་ཁྱེར་ནས་ངའི་ཚོར་བར་གཞན་གྱིས་གདེང་འཇོག་ཇི་ལྟར་བྱེད་པར་བསམ་བློ་བཏང་ན། དེ་ནི་རིག་པ་ཞིག་གིས་ལོག་པ་རེད། རང་གི་ཚོར་བ་ཕྲ་མོ་དེར་བདག་བྱས་ཏེ་ཕྱིར་ཡི་གེ་ཡིས་ཇི་ལྟར་ལོག་ཏུ་འཇུག་པ་གལ་ཆེན་རེད་བསམ།

ཚོར་བ་འདི་ནི་རིག་པ་ལས་བརྒལ་བྱེད་ཀྱི་ཤེས་རབ་རྣོན་པོ་དེ་ཡིན་བཤད་ཀྱི་འདུག དེ་བས་ང་ཚོས་ནམ་ཡིན་ཡང་། དེང་སང་གི་ནུབ་ཕྱོགས་ལ་མཚོན་ན། བཟོ་ལས་གསར་རྗེས་ཡི་རྗེས་སུ། བློ་འབྱེད་རིག་པ་བྱུང་སྟེ་ཚང་མ་རིག་པར་བརྟེན་པ་དང་འདང་རྒྱག་པ། རྒྱུ་མཚན་བཙལ་བའི་དབང་དུ་སོང་ནས། མིའི་ཚོར་བ་དངོས་ནི་སྐབས་འགར་བརླག་འགྲོ་བ་ཡོད་པས་ན། ངས་བལྟས་ན་སྙན་ངག་གྲུབ་རྐྱེན་ནི་རིག་པ་ལས་ཚོར་བ་རེད་བསམ་གྱི་འདུག རིག་པ་ཡི་སྙན་ངག་ཡང་མང་པོ་འདུག་མོད། ཚོར་བའི་སྙན་ངག་གལ་ཆེན་རེད་ལ། ང་ཚོའི་ཚོར་བ་ཕྱིར་འདང་རྒྱབ་སྟེ་ཚོར་བར་ཞིབ་འཇུག་བྱེད་ཀྱི་ནི་ང་ཚོའི་དེང་སང་གི་སྙན་ངག་གི་ཡོན་ཏན་ཆེ་ཞིག་རེད་སྙམ།

བོད་ལ་མཚོན་ན། མི་མང་པོ་ཞིག་གིས་སྙན་ངག་འབྲི་དུས་ང་ལ་ཐ་སྙད་ཀྱིས་མི་འདང་བ་དང་ཇི་ལྟར་འབྲི་དགོས་མི་ཤེས་ཟེར་གྱི་འདུག དོན་དངོས་སུ་ཁྱོད་ཀྱིས་སྙན་ངག་འབྲི་དུས་འདང་རྒྱག་རྒྱུ་མང་དྲག་ནས་ཁྱོད་ཀྱི་ཚོར་བ་བོར་སོང་ནས། སྙན་ངག་པ་ཞིག་ཡིན་ན་ཚན་རིག་པ་དང་རིག་གཞུང་ཞིབ་འཇུག་པ་ཞིག་ཏུ་ཨེ་ལོག་པར་བསམ་པའི་སྐྱོན་མིན་ནམ་སྙམ།

དཔེར་ན། ང་ཚོ་ཚང་མ་ལོབ་ཡོད་པའི་སྒོ་ནས་བག་ཕེབས་ཀྱི་ཁ་བརྡ་བྱས་ན། ཁྱོད་ཀྱིས་སྐད་ཆ་སྐྱིད་པོ་དང་ཡ་མཚན་དག་དག་བཤད་ཀྱང་། སྐབས་དེར་ཁ་ནང་ནས་བཤད་དུས་ཁྲག་ཐིག་མེད་ན་ཡང་། སྙན་ངག་བྲིས་དུས་མེ་ལྕེ་དང་ཁྲག་ཐིག་ལྟ་བུ་ཞིག་ཏུ་ཆགས་འགྲོ་བས་ན། དེ་ལ་སྐྱོར་མའི་ཚིག་གཅིག་གིས་ཡིད་བརྙན་གྱི་ཚིག་གཅིག་མེད་དུས་མེ་ལྕེ་བསྐྱར་ཟློས་མང་པོ་བྱས་ན། དེ་ཟེར་རྒྱུ་མང་དྲག་ནས་སྙན་པོ་མེད་པ་འདྲ། དེ་རིང་གྲ་སྒྲིག་གང་ཡང་བྱས་མེད་པར་སྐད་ཆ་མང་པོ་ཞིག་ཤོར་སོང་བས་ན། སུན་པོ་བཟོས་པ་ཡོད་ན་དགོངས་དག་ཞུ། བཀའ་དྲིན་ཆེ།

གསལ་བཤད།

Post navigation

Previous Post: རྡ་རྡ་ཚང་གི་གཞིས་ཀ་ནས་སྙན་ངག་པའི་མཚན་མོ་འཁོར་བ།
Next Post: བྱང་ཨ་རིའི་གཟའ་མཇུག་བོད་ཡིག་སློབ་གྲྭའི་སློབ་དེབ་གསར་པ།

Comments (1) on “སྐྱབས་ཆེན་བདེ་གྲོལ་གྱི་གཏམ་བཤད།”

  1. བསོད་ནམས། says:
    2016-07-28 at 2:23 am

    སྙན་ངག་པ་འདི་འདྲ་བོད་ལ་དཀོན་སེ་འདུག་་བོད་ནང་དུ་ཚ་བ་མདའ་སྨྱུག་དང་སྐྱབས་ཆེན་བདེ་གྲོལ་སོགས་ནི་ངོ་མ་ཡི་རང་གནང་དགོས་པའི་ཤེས་ཡོན་ཅན་རེད། ཁོས་བཤད་པ་ལྟར་དེང་སང་རྒྱ་དམར་གཞུང་གིས་ཞབས་ཞུ་བ་དུས་དེབ་དང་ཚགས་པར་དེ་ཚོས་དོན་མེད་རྐྱང་རྐྱང་གི་སྔོན་ཐོན་པ་དེ་ཚོར་ཆོ་ལོ་འདྲ་མིན་སྤྲད་ཀྱི་ཡོད། ད་རེས་བོད་མི་རང་གིས་བོད་ཀྱི་སྙན་ངག་པ་ཞིག་འདི་འདྲའི་མཚན་གནང་བ་དེ་གཟི་བརྗིད་ངོ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (28)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme