Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱབས་ཆེ་དགོན་པ།

Posted on 2013-08-14 By ཁ་བརྡ་ 4 Comments on སྐྱབས་ཆེ་དགོན་པ།

མི་གསོན་པོ།

སྐྱབས་ཆེ་དགོན་པ་ནི་ཕྱིའི་ཆ་རྐྱེན་རྟེན་གསུམ་གཙུག་ལག་དང་། ནང་གི་ཉམས་བཞེས་བཤད་སྒྲུབ་སོགས་གང་གིས་ཆ་ནས་སྡེ་དགེ་ཕྱི་འབྲོག་ཁུལ་གྱི་དགོན་པ་ཡོངས་ནས་ཨང་དང་པོའི་གྲས་སུ་བརྩི་ཆོག ལོ་ཤས་གོང་དུ་བོད་ཀྱི་དུས་བབ་ལས་གནས་ཚུལ་ཐོན་པ་ལྟར་དགོན་པ་འདིས་རྒྱལ་གཅེས་ཆོས་ཟེར་བའི་ལས་འགུལ་ལ་ཁས་ལེན་མ་བྱས་པས་དུས་ཡུན་རིང་པོ་དགོན་པ་སྟོང་པ་ཆགས་ནས་བླ་སྤྲུལ་རྣམས་རི་བྱོལ་དུ་འགྲོ་དགོས་པའང་བྱུང་ཡོད། དགོན་པ་འདིའི་ད་ཡོད་ཀྱི་མཆོག་སྤྲུལ་རྣམ་པ་གསུམ་ནི་སྤྱི་ཚོགས་ཀྱི་གནས་བབ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་འགན་ཁུར་ཆེན་པོས་ཞབས་ཞུ་བྱེད་མཁན་ཤ་སྟག་ཡིན་པ་དང་། ཁྱད་པར་གྲུབ་ཆེན་བཀྲ་ཤིས་ནོར་བུ་ནི་མི་ཚེ་སྒྲུབ་ལ་བརྩོན་ཞིང་བློ་རྩེ་ཆོས་ལ་གཏད་མཁན་གྱི་བཀའ་བརྒྱུད་གོང་མའི་རྗེས་འཇུག་ངོ་མ་ཞིག་ཡིན་སྟབས་མང་ཚོགས་ངོས་ནས་ཀྱང་དད་འདུན་ཧ་ཅང་ཆེ།

ད་ལན་མཆོག་སྤྲུལ་རྣམ་པ་གསུམ་གྱིས་འབད་བརྩོན་དང་འགན་ཁུར་ཆེན་པོས་བཀའ་སློབ་ལམ་སྟོན་དང་འབྲེལ་ཕྱོགས་ལྷུང་མེད་པའི་ཐག་གཅོད་ཀྱིས་ལོ་མང་རིང་དུ་རྩོད་རྙོག་རྒྱ་ཆེ་ལ་རྒྱུན་རིང་བའི་པདྨ་སྡེ་བ་དང་། སྐྱབས་ཆེ་རུ་བ་གཉིས་ཀྱི་ས་གྱོད་ཀྱི་རྩོད་གླེང་དེ་འཇུག་ཡོངས་སུ་གྲིལ་ནས་ཞི་བདེ་དང་ཞི་མཐུན་ལམ་དུ་ཞུགས་ཐུབ་པ་གྱུར། སྡེ་བ་གཉིས་ནས་ཀྱང་དད་པ་དང་དམ་ཚིག་གལ་ཆེན་དུ་བརྩིས་ནས་ཕྱིས་སུ་ས་གྱོད་འདིའི་ཐད་དུ་རྙོག་གླེང་མི་ཡོང་བའི་འགན་ལེན་དང་དམ་བཅའ་ཡང་གནང་འདུག འདི་ནི་བསྟན་འགྲོ་དོན་དུ་བྱོན་པའི་སྐྱབས་དགོན་མཆོག་སྤྲུལ་གསུམ་གྱི་ཕྱག་རྗེས་ཡིན་ལ་དོན་དམ་པའི་སྤྲུལ་སྐུ་ནི་མི་རིགས་ཀྱི་མགོན་སྐྱོབ་ཡིན་པའི་དཔང་རྟགས་ཞིག་ཀྱང་ཡིན།

ད་དུང་རང་མི་རིགས་ཀྱི་གནས་སྟངས་ཛ་དྲག་དང་གཉན་འཕྲང་ཅན་གྱི་སྐབས་འདིར་ཕན་ཚུན་མཐུན་འབྲེལ་དགོས་པའི་གཞི་རྩའི་གནས་བབ་ཐད་དེ་རིང་གི་བྱུང་བ་འདི་ནི་ང་ཚོ་བོད་པ་ཚང་གི་བླ་ན་མེད་པའི་རྒྱལ་ཁ་གསར་པ་ཞིག་ཀྱང་ལོས་ཡིན། སྤྱིར་འགྲོ་བ་མི་ནི་ཆགས་སྡང་དང་འགྲོགས་ཤིང་ཐོབ་ཤོར་གྱི་ངང་ནས་འཚར་ལོངས་འབྱུང་བཞིན་ཡོད་སྟབས་རྙོག་གྲ་དང་རྩོད་གླེང་ནི་རྟག་ཏུ་འབྱུང་སྲིད་པ་ཞིག་ཡིན་མོད། འོན་ཏེ་ཁ་ཡི་རྨ་ཁ་ནང་དུ་གསོ་བའི་གནས་ལུགས་ཀྱིས་ཕན་ཚུན་མི་མཐུན་པའི་ཆ་རྣམས་མཐུན་ཕྱོགས་སུ་བསྒྲུབ་ནས་ལག་གདང་གཅིག་ཏུ་སྦྲེལ་ཏེ་གོམ་སྟབས་མཉམ་དུ་སྤོ་རྒྱུ་ནི་ད་ལྟའི་དུས་སུ་ང་ཚོའི་དགོས་མཁོ་ཆེ་ཤོས་དེ་རེད། དེས་ན་བོད་ཕྱི་ནང་དུ་ཡོད་པའི་བླ་སྤྲུལ་ཆེ་ཁག་རྣམས་ཀྱིས་ཀྱང་ཁོང་རྣམ་པ་གསུམ་པོ་མིག་དཔེར་བྱས་ནས་བོད་མི་རིགས་འདི་ལ་ཕན་པའི་བྱ་གཞག་མཐུན་འབྲེལ་གོང་བུ་གཅིག་གྱུར་ཐོག་ལ་ཤུགས་སྣོན་བྱེད་རྒྱུ་ནི་ལུགས་གཉིས་གང་གི་ཆ་ནས་འོས་ཤིང་འཚམ་པ་ཞིག་ཡིན།
འདི་ནི། སྟོན་པའི་གསུང་ལ་གཅེས་སྤྲས་བྱེད་པ་ཡིན།
འདི་ནི། རྒྱལ་བའི་བཀའ་ལ་བརྩི་སྲུང་ཞུ་བ་ཡིན།
འདི་ནི། མི་རིགས་འདི་ལ་འགན་ཁུར་བྱེད་པ་ཡིན།
འདི་ནི། འགྲོ་བ་མི་ཡི་ཕན་བདེ་བསྒྲུབ་པ་ཡིན།
སྐྱབས་ཆེ་དགོན་གྱི་མཆོག་སྤྲུལ་རྣམ་པ་གསུམ་ཞབས་པད་བརྟན་ཅིན་མཛད་འཕྲིན་རྒྱས་པའི་སྨོན་འདུན་བཅས། བོད་རྒྱལ་ལོ།།

སྣ་ཚོགས།

Post navigation

Previous Post: ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ།
Next Post: འཁྱོགས་བསྲང་གི་ཐོ་བ།

Comments (4) on “སྐྱབས་ཆེ་དགོན་པ།”

  1. སྤོབས་པ་མཐའ་ཡས། says:
    2013-08-15 at 1:34 am

    རྩོམ་པ་པོ་མི་གསོན་པོ་ལགས། འདིའི་སྐོར་ནི་ངས་དོ་སྣང་ཆེན་པོ་བྱེད་བཞན་ཡོད། བླ་མ་དེ་གསུམ་གྱིས་སྡེ་དེ་གཉིས་ཀྱི་བར་དུ་འདུམ་སྒྲིག་བྱེད་སྟངས་དེ་ག་འདྲ་རེད། དེའི་སྐོར་ཞིབ་གསལ་ཞིག་གསུངས་ཐུབ་ན་ཧ་ཅང་སྙན་ས་རེད།

  2. རིགས་ཞེན་དཀར་པོ། says:
    2013-08-15 at 11:05 am

    འདི་ནི་མཆོག་སྤྲུལ་བཀྲ་ཤིས་ནོར་བུས་བཀའ་དྲིན་ཉག་གཅིག་རེད་ཁོང་སྐུ་ཚེ་བསྐལ་བརྒྱར་བཞུགས་གསོལ་འདེབས།

  3. གུ་ཡངས་བློ་བདེ། says:
    2013-08-15 at 12:52 pm

    དེ་རིང་འདི་ནས་གཟུང་ངས་ཟུར་མཆན་འགའ་བཀོད་འདོད། ཐོག་མར་དགེ་བ་མཐུན་འབྲེལ་གྱི་ལམ་བཟང་ལ་བཀྲིས་བདེ་དང་བཅས། ནར་དང་མཇུག་ཏུ་དགེ་བ་རིམ་བཞིན་འགོད་ཐུབ་པར་སྨོན།།

  4. མིའུ་ཕྲུག says:
    2013-08-17 at 9:14 pm

    མཆན་བུ་དག་མི་འགྲོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme