Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐོར་ལམ།

Posted on 2021-08-05 By ཁ་བརྡ No Comments on སྐོར་ལམ།

རྔ་བ་ཀུན་བཟང་།

དེ་རིང་ང་རང་གཅིག་པོ་ཁ་ཁུ་སིམ་པོར་སྐོར་ལམ་གྱི་རྐུབ་བཀྱག་བདག་མེད་སྟེང་དུ་བསྡད་དེ་ལམ་འགྲོ་དག་ལ་ཞིབ་པར་བལྟས། སྐོར་ལམ་སྟེང་དུ་འགྲོ་མཁན་འགྲུལ་པ་རྣམས་ཀྱི་ལག་ཏུ་ཉི་གདུགས་དང་ཕྲེང་བ་འཁྱེར་བ་དང་། ནད་ཡམས་ལ་དོགས་ནས་ཁ་ལག་ཚང་མ་བཏུམས་ཏེ་ལམ་དུ་འགྲོ་བས་ངོ་ཡང་མི་ཤེས།

ནམ་རྒྱུན་ཡིན་ན་མི་རྣམས་ཀྱི་སྐད་ཆ་བཤད་པ་དང་རྩེད་མོར་རོལ་ཏེ་སྐོར་ལམ་ཧྲིལ་པོ་དགོད་སྒྲས་ཁེངས་ལ། ཁང་པའི་ནང་དུ་འཛུལ་ནས་སྡུག་སྒོམ་རྒྱག་པ་དང་ལམ་ཁ་འདི་ནས་མི་ཚང་མར་དོགས་སྣང་ངང་འགྲོ་ག་ལ་དགོས་ཨང་།

འདི་ལོའི་རྒྱུན་གཏན་མིན་པའི་འཚོ་བ་ལ་བལྟས་ཏེ་ལོ་ན་བགྲེས་པའི་པྭ་ལགས་དང་རྨོ་ལགས་རྣམས་ཀྱིས་མགོ་བོ་འཕྲེད་དུ་གཡུག་ཏེ་དབུགས་རིང་གཏོང་ནས་འགྲོ་བའི་ཚོར་སྣང་གྲང་ཤུར་ཤུར་ཞིག་བྱུང་བ་དང་། འདས་པའི་དུས་ཀྱི་གཏམ་རྒྱུད་མང་པོ་ཡིད་ལ་ལྷམ་མེར་འཆར།

སྐབས་དེ་དུས་ཧ་ལམ་ང་ལོ་ལྔ་དྲུག་ཙམ་ཡིན་ན་ཐང་། ཟ་འཐུང་མ་གཏོགས་མི་དྲན་མཁན་གྱི་བྱིས་པ་ལྐུགས་རྟགས་ཚ་བོ་ཞིག་ཡིན།དོན་དུ་ཁོ་ཚོས་དེ་ལྟར་བཤད་པ་རྒྱུ་མཚན་ཡོད་དེ། ང་ག་དུས་ཡིན་རུང་ཚར་རྒྱུ་མེད་པའི་ཟས་སྣ་ལ་དགའ་ལ། བྱིས་པ་གཞན་ཚོ་ལྟར་གོང་ཚད་ཆེ་ཆུང་དང་བཟང་ངན་ཡང་ངོ་མི་ཤེས། ཨ་ཡེ་མཉམ་ཏུ་སྐོར་བ་འགྲོ་དུས་ནམ་ཡིན་ན་ཁོག་ན་འབབ་རྒྱུའ་མེད་པའི་ཟས་རིགས་ཙག་ཙིག་རགས་ཐབས་ཙམ་མ་གཏོགས་གཞན་གང་ཡང་དྲན་རྒྱུ་མེད།

ཨ་མདོ་རྔ་བའི་ཡུལ་ན་དེ་རིང་ཁ་སང་ཡང་ལོ་ལྟར་དགུན་སྣང་ལ་ཟླ་བ་གཅིག་གི་རིང་ལ་སྐོར་ཚད་ཞེས་ལེན་ཡ་ཞིག་ཡོད། ཀློག་པ་པོ་རྣམས་ཀྱི་ཡུལ་ལུང་ན་དེ་འདྲ་ཡོད་པ་དྲན་གྱི་འདུག་གམ། སྐོར་ཚད་ལ་འགྲོ་མྱོང་ངམ། དྲན་འཛིན་དུ་གསལ་བའི་བྱིས་སྒྲུང་ཡོད་དམ།

བདག་ཀྱང་ཨ་ཡེ་དང་མཉམ་དུ་དགོན་པའི་མཆོད་རྟེན་ལ་སྐོར་ཚད་ལེན་བར་འགྲོ་གི་ཡོད། བྱིས་པ་ནི་བྱིས་པ་རང་རེད། སྐོརལམ་གྱི་ཐལ་བའི་དཀྱིལ་ནས་རྩེད་མོ་ལ་རོལ་ནས་སྐོར་བ་ཟེར་བ་གང་ཡིན་མིན་ལ་ཁ་ཡ་བྱེད་ཁོམ་མེད། དྲང་པོ་བརྗོད་ན། སྐབས་དེ་དུས་སློབ་གྲྭ་ལ་འགྲོ་མཁན་རེ་འགའ་ལས་མེད་པས། སྐོར་ལམ་ནི་བྱིས་པའི་རྩེད་ར་ཆེན་པོ་ཞིག་ཡིན་པས། ཁྱིམ་བདག་ཕ་མ་རྣམས་ལ་དལ་དལ་ལྷོད་ལྷོད་དང་། བློ་བདེ་བག་ཕེབས་ངང་ནས་དགེ་བ་སྒྲུབ་པའི་སྐལ་བ་ཡག་པོ་ཞིག་བྱུང་ཡོད་མེད་བཤད་དཀའ། གང་ལགས་ཤེ་ན། ཁོ་ཚོའི་བྱིས་བཞི་ལྔ་ལ་ལྟ་ཞོར་དང་བྱིས་པ་རེ་འགའ་ཟླ་གཅིག་ལས་ཟིན་མེད་ཀྱང་།སྐོར་ལམ་གྱི་ཟུར་ལ་བཞག་ཡོད་པ་ཧ་ཅང་མང་།

དེ་རིང་དེ་ལྟར་སྐོར་ལམ་ལ་ཞིབ་པར་བལྟས་ན། བྱིས་པ་ཞིག་གི་གྲིབ་གཟུགས་ཙམ་ཡང་མཐོང་ས་ན་མེད། མ་གཞི་ནར་མ་སོན་པའི་ཕྲུ་གུ་ཉུང་དྲགས་བ་དང་། ཡང་ན་ཤེལ་དམ་ནང་དུ་བླུགས་པའི་མེ་ཏོག་ལྟར་ནང་ལ་ཡོད་ན་ཐང་། གང་ལྟར། སྐོར་ལམ་འདི་ན་དྭངས་གཙང་ལྷད་མེད་པའི་བྱིས་པ་དང་། དགོད་སྒྲའི་ཁེངས་བའི་མི་ཧ་ཅང་ཉུང་བས། རང་ཉིད་གཅིག་པོ་མྱ་ངན་ཐང་དཀྱིལ་དུ་ལུས་སོང་བའི་སྣང་བ་རབ་རིབ་ཞིག་བྱུང་ཐལ།

ཕྱི་ལོ་2021ཟླ་བ་8ཚེས་3གི་ཞོགས་པ་དུས་ཚོད་8:པ་ཙམ་ལ་རྡ་སའི་སྐོར་ལམ་ནས་བྲིས།

ལྷུག་རྩོམ།

Post navigation

Previous Post: ཉེ་རབས་ལོ་རྒྱུས་ཤིག་གི་ཉེ་སར་བཅར་བ།
Next Post: གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡི་ཚོགས་གཙོ་རྣམ་པར་བསམ་ཚུལ་ཞིག་ཞུ་དགོས་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme