Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ཞབས་དངོས་འགྲུབ་ཚེ་རིང་།

Posted on 2010-09-292010-09-29 By ཁ་བརྡ་ 8 Comments on སྐུ་ཞབས་དངོས་འགྲུབ་ཚེ་རིང་།

ngodup-tseringསྦྲ་ནག་ཚང་ནས།

ཁོང་ནི་མངོན་ལྒོག་མེད་པའི་མི་དྲང་བདེན་པ་ཞིག་དང་། བོད་མི་རིགས་དང་རྒྱལ་ཁབ་ལ་སྙིང་ཉེ་བས་ལྷགས་བསམ་རྣམས་པར་དག་པ། འདས་པས་ལོ་མང་རིང་བོད་བཙན་བྱོལ་གཞུང་དམང་གཉིས་སུ་ཕྱགས་ལས་དང་དབུ་ཁྲིད་གནང་བས་མཉམ་མྱོང་ཕུན་སུམ་ཚོགས་པ། སྦྱང་སྟོབས་ཀྱི་ཡོན་ཏན་ཚད་ལས་འདས་པ་ཡོད་པར་མ་ཟད་། ཁོང་ལ་སྐྱེས་སྟོབས་ཀྱི་ཤེས་ཡོན་དམིག་གསལ་པ་ཞིག་ཡོད་པ་དེ། བོད་དོན་དང་འབྲེལ་བའི་ལས་དོན་ཡག་སྡུག་ཆེ་ཆུང་གང་ཡིན་ཀྱང་ཁོང་གིས་བསམ་བློ་རྒྱ་ཆེན་པོ་དང་། དམིག་ཡུལ་ཐག་རིང་པོར་གནང་ཐུབ་པ་མཁན་ཞིག་ཡིན།
ང་རང་སྒེར་ངོས་ནས་སྐུ་ཞབས་དངོས་འགྲུབས་ལགས་ལ་འགྲེལ་བ་གང་ཡང་མེད་ཀྱང་། བོད་སྤྱི་བས་ལས་དོན་དང་འབྲེལ་ནས་དངོས་ཁོང་ལ་རང་བཞིན་གྱི་བློ་ཐག་ཉེ་བོ་ཞིག་དུ་འགྱུར་སོང་། དཔེ་མཚོན་གཅིག་ཞུས་ན།
༢༠༠༨་ལོར་ང་ཚོའི་ཕ་ཡུལ་དུ་སེམས་ལ་དྲན་མི་འདོད་པས་གནས་ཚུལ་ཡ་ང་བ་དེ་བྱུང་ནས་། བོད་ཕྱི་ནང་གུན་ན་ཡོད་པས་གངས་ཅན་པ་དག་གི་མིག་ཁོང་ལ་མཆུ་མས་བཀང་། ད་དུང་རྒྱ་ནག་གཞུང་གིས་ང་ཚོའི་མཉམ་ཆུང་སྤུན་ཟླ་ཉེ་མེད་དེ་དག་རང་ཁྱིམས་ནས་དམར་གསོད་དང་བཙན་ཁྲིད་བྱས་པས་ནག་ཉེ་ལ་ལགས་འགེབས་བྱས་དེ་བོད་མི་དམང་བདེ་ཞིང་སྐྱིད་པས་རྫུན་གཏམ་འུར་སྒྲོགས་དང་ཆབས་ཅིག་། འཛམ་གླིང་ཨོ་ལིམ་ལུས་རྩལ་རྩེད་འགྲམ་ཚུགས་པ་དང་། དེས་སྔོན་འགྲོའི་དཔལ་འབར་འཁོར་བསྐྱོད་བྱས་སྐབས་ང་ཚོ་ཕྱི་རོལ་ན་ཡོད་པས་བོད་མི་དང་བོད་དོན་རྒྱབས་སྐྱོར་བ་དག་གི་དེ་ལ་ངོ་རྒོལ་ཤིག་ཆེན་བྱས་བ་ཚང་མས་ཁྱེན་གསལ་རེད་།

དཔར་འབར་འདི་བྱང་ཨ་རིས་ནང་མ་འབྱོར་གོང་རྒྱ་ནག་གཞུང་གིས་མངོན་ལྒོག་རྒྱུད་གསུམ་ནས་རྒྱུ་ནོར་དབང་གསུམ་གྱི་ནུས་ཤིག་ཡོད་ཚད་བཏོན་ནས་འདིར་བྱང་ཨ་རི་གྲོང་ཁྱེར་སན་ཕ་རིན་སེ་སུ་ཁོ་ནང་དཔའ་འབར་དེ་འཁོར་སྐྱོད་ལེགས་འགྲུབ་ཡོང་རྒྱུ་འཆར་བཀོད་རྒྱ་ཆེན་པོ་བྱས་བ་རེད་། གནས་ཚུལ་འཁོ་འདོན་པས་བཤད་པ་ལྟར་ན་རྒྱ་གཞུང་གི་འགྲོ་གྲོན་བཏང་དེ་རྒྱ་རིགས་ཁྲིག་གཅིག་ལྷགས་ཙམ་ཞིག་བཀོད་བསྒྲིསག་ཀྱིས་མང་པོས་ཉུང་ཐུབ་དང་བདེན་པ་ནག་སུབ་ཀྱི་གཡོ་ངན་བཀྲམ་སྐབས་། སྐུ་ཞབས་དངོས་གྲུབས་ཚེ་རིང་གི་དབུ་ཁྲིད་དེ་ང་ཚོ་བྱང་ཨ་རིར་གནས་བསྡོད་གངས་ཅན་པ་དག་གིས་འཛམས་གླིང་མི་མང་ཐེར་འབུམ་དྲུག་གི་མདུན་སར་གངས་སེང་གི་དར་ཆ་མཐོན་པོར་བཟུང་ནས་རྒྱ་ནག་སྲིད་གཞུང་ལ་ཡ་ལན་ཚ་སྤྲོད་བྱས་ཡོད་།

གོང་དུ་ཞུས་བ་ལྟར་སྐུ་ཞབས་དངོས་འགྲུབ་ཚེ་རིང་ནི་། བོད་དོན་དང་འབྲེལ་བས་ལས་དོན་ཡག་སྡུག་ཆེ་ཆུང་གང་ཡིན་ཀྱང་བསམ་བློ་རྒྱ་ཆེན་པོ་དང་། དམིག་ཡུལ་ཐག་རིང་པོར་གནང་ཐུབ་པ་སོགས་བོད་མི་དམང་སྤྱི་མཐུས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པས་འོས་མི་ཚད་ལྡན་ཞིག་ཡིན་པས།
ང་རང་གི་ཁོང་ལ་བྱང་ཨ་རིས་སྤྱི་མཐུས་ཀྱི་འོས་ཤོག་གཅིག་པོ་འབུལ་བ་དང་ཆབས་གཅིག་བྱང་ཨ་རི་གནས་བསྡོད་བོད་རིགས་སྤུན་ཟླ་རྣམས་ཀྱི་ཁོང་ལ་འོས་ཤོག་འཕེན་རོགས་གནོངས་ཞེས་པས་འབོད་སྐུལ་དུ་།

གཤམ་དུ་གོང་གི་དཔེ་མཚོན་དེ་དང་འབྲེལ་བས་བརྙན་པར་ཐུང་བུ་འགའ་ཡོད་།
འདི་ཁོང་གིས་སན་ཕ་རན་སེ་སུ་ཁོ་ཡི་སྲིད་འཛིན་ལས་ཁོང་དུ་བོད་མིས་དཔའ་འབར་ལ་ངོ་རྒོག་བྱས་ཆོགས་པའི་མཆོག་མཆན་གྱི་ཆེད་སྲིད་འཛིན་ལས་ཁོང་དུ་ཞུ་གཏུག་བྱས་བ་ཞིག་རེད་།

http://www.youtube.com/watch?v=S52iOp-4X24
འདི་བོད་ནས་མི་གསོད་ཁྲག་བྱས་བས་ཉིན་མོ་དེར་རེད་།
http://www.youtube.com/watch?v=_y_KIzDJMTs
འདི་དཔའ་འབར་མ་འབྱོར་བས་སྔོན་གྱི་ཉིན་མོ་རེད་།
http://www.youtube.com/watch?v=XnhgUh-r3S8
འདི་དཔའ་འབར་གྱི་ཉིན་མོ་རེད་།
http://www.youtube.com/watch?v=GR-bH5kBSxo

རྩོམ་རིག

Post navigation

Previous Post: ཁྱོགས་སམ་འདོ་ལི་ཞེས་པའི་ཐ་སྙད་བྱུང་སྟངས།
Next Post: མཁའ་འགྲོའི་རྣམ་བཤད་ཌྰ་ཀིའི་ཞིང་ཁམས་ཉུལ་བའི་ལམ་ཡིག

Comments (8) on “སྐུ་ཞབས་དངོས་འགྲུབ་ཚེ་རིང་།”

  1. གངས་ལྷ། says:
    2010-09-29 at 11:14 pm

    དངོས་གྲུབ་ཚེ་རིང་ལགས་འཇོན་པོ་རེད། གཞུང་ཞབས་ཡིན་དུས་ལས་ཀའི་གྲུབ་འབྲས་རྩེ་ཕུད་ཡིན་པར་བརྟེན་ནས། སུད་སི་བོད་མིའི་གཟེངས་རྟགས་དེ་ཡང་ཁོང་ལ་ཐོབ་པ་རེད།

  2. tsering samdup says:
    2010-09-30 at 5:03 am

    I heard about this.I’m very happy

  3. ཚངས་དབྱངས། says:
    2010-09-30 at 10:57 am

    རྩོམ་འདི་གཅིག་པུས་དངོས་གྲུབ་ཚེ་རིང་ལགས་ཀྱི་གནས་ཚུལ་གསལ་པོ་ཤེས་ཐུབ་ཀྱི་མིན་འདུག བྱུང་ན་ཁོང་གི་ལོ་རྒྱུས་ཆ་ཚང་ཞིག་འགྲེམ་ཐུབ་ན་གསལ་བ་ཡོང་ཤས་ཆེ།

  4. གཙང་ཁའི་བུ says:
    2010-09-30 at 12:01 pm

    ཚངས་དབྱངས་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག སྤྱིར་བཏང་བཤད་ན། མི་དང་དེབ་ཀྱི་རྒྱུས་ལེན་བྱེད་པ་ལ་མི་ཚེ་ལ་གཤིབ་དགོས་ཀྱི་རེད། དེ་མིན་གནས་ཚུལ་བཟང་ངན་གང་རུང་ཞིག་ལས་མི་དེ་བཟང་ངན་གྱི་ཐག་གཅོད་ཐུབ་རྒྱུ་མ་རེད། དཔེར་མཚན་ཞུ་ན། ང་ལ་གྲོགས་པོ་ལོ་ངོ་བཅོ་ལྔ་ཙམ་རིང་མི་གཅིག་སེམས་གཅིག་གི་འདུ་ཤེས་འཛིན་མཁན་ཞིག་ཡོད་ཀྱང་།ཉེ་ཆར་རྒྱུ་མཚན་ཆུང་ཆུང་ཞིག་གིས་ང་དང་གྱེས་སོང་། དེས་ན་མི་བཟང་ངན་ནི་ངོ་མ་ཤེས་དཀའ་བ་ཟི་རེད།
    སྦྲ་ནག་ཚང་གིས་བོད་ཡིག་འདི་ནག་ནག་བཟོ་ཉེ་འདུག སྐྱོན་གྱིས་མ་གོས་སྐུ་མདོག་དཀར་བ་ཞིག་ཡོང་མི་སྲིད་ཀྱང་། རང་ལ་དག་སོགས་ཡག་པོ་མེད་ན་བྲིས་ཟིན་རྗེས་ཞུ་དག་གཏོང་མཁན་རེ་དང་འབྲེལ་བ་བྱེད་ན་ལས་བློ་ཁོག་གིས་འདི་ལྟ་འབྲི་ན་རྩ་བ་ནས་ཡག་པོ་མི་འདུག ངས་བཤད་པ་དེ་བདེན་པ་ཡིན་མིན་རྩོམ་འདིར་གཟིགས་དང་། ཁ་བརྡ་ཚང་ལའང་འགན་རེ་ཡོད་ནའང་ཐང་། མདོར་ན་མཁྱེན་བདག་ཚོས་ཐུགས་བསམ་བཞེས་རོགས།

  5. མངའ་རིས་ཕ་ཉ་ says:
    2010-09-30 at 1:16 pm

    དངོས་གྲུབ་ཚེ་རིང་ལགས་འཇོན་པོ་དང་ལྷག་བསམ་དྲང་བདེན་བོད་ཀྱི་རྩ་དོན་ཐོག་ལས་འགུལ་རབ་དང་རིམ་པ་སྤེལ་མཁན་མི་ཞིག་ཡིན་པ་བཤད་འདུག གང་ཟག་སུ་ཡིན་རུང་ངས་བྱས་པ་ཡིན་ངས་བཤད་པ་ཡིན་སོ་སོས་སྒྲོག་སྐུར་མང་བཏག་ཐོག་བྱས་རབ་དང་སྟངས་རབ་ཀྱི་ལོ་རྒྱུས་འགྲེལ་བཤད་བྱེད་ཀྱི་ཡོད། དངོས་གྲུབ་ཚེ་རིང་ལགས་དངོས་གནས་བྱང་ཨ་མི་རི་ཀ་ནང་དཔའ་པོ་གཅིག་རེད་འདུག་ག ༢༠༠༨ལོའི་ཨོ་ལིམ་པི་རྩེད་འགྲམ་གྱི་དཔལ་འབར་སྐོར་བསྐྱོད་བྱེད་སྐབས་ཁ་ཡོད་ལག་ཡོད་ཐོག་ནས་ལས་འགུལ་སྤེལ་འདུག་ག
    ད་ལན་འོས་ཤོག་ཅིག་དངོ་གྲུབ་ཚེ་རིང་ལགས་འཕེན་གྱི་ཡིན་ད། ད་དུང་མུ་མཐུད་ནས་རྒྱ་ནག་གཞུང་ལ་ཁ་གཏད་བྱེད་རོགས།

  6. སྦྲ་ནག་ཚང་། says:
    2010-09-30 at 1:20 pm

    དྲ་གྲོགས་ཡོང་ལ་སྙིང་ནས་དགོང་དག་ཞུ་རྒྱ་ཡིན། ང་རང་གི་ཤེས་ཚད་་དེ་ཙམ་ལས་མེད་པས་ཐོག་ཞུ་དག་གི་ཆེད་དུ་དག་ཡིག་རེ་ལྟ་རྒྱུས་དུས་ཚོད་ཀྱང་མ་འདང་པས་། ་གོང་གི་འབོད་སྐུལ་ཐུང་བུ་དེས་ནང་དུ་ཡིག་ནོར་དང་ཚིག་ནོར་གང་ཡོད་ཚང་མ་བདག་ལ་བོད་ཡིག་གི་ཤེས་ཚད་ཚད་མེད་པསགརྐྱོནཁོ་ན་ལས་། ཁ་བརྡ་ཚང་དེས་འགན་ཁུར་དང་སྐྱོན་འདོག་སྤུ་ཙམ་ཡང་མེད་། རྗེས་སོར་གང་ཐུབ་ཐུབ་ཀྱི་གཟབ་གཟབ་བྱེད་ངེས་ཡིན།

  7. གཙང་ཁའི་བུ says:
    2010-10-01 at 7:29 am

    སྦྲ་ནག་ཚང་ཐུགས་རྗེ་ཆེ། མཁས་པའི་སྡིག་པ་ལྩི་ཡང་ཡང་། །
    བླུན་པའི་སྡིག་པ་ཡང་ཡང་ལྩི། །ཞེས་པའི་དཔེར་ལྟར་སོང་འདུག་ན་རྗེས་སུ་གཟབ་ནན་བྱ་རྒྱུ་ཡིནན་ཐུགས་རྗ་ཆེ།
    གློག་ཀླད་དུ་དག་ཡིག་རེ་འཇུག་ན་ལྟ་ཀློག་བདེ་རུ་འགྲོ་ངེས་སྙམ།

  8. སྦྲ་ནག་ཚང་། says:
    2010-10-03 at 1:58 pm

    མིང་། དངོས་གྲུབ་ཚེ་རིང་།
    སྐྱེས་ཡུལ། སྐྱིད་གྲོང་།
    ད་ལྟའི་སྡོད་གནས་། ཨ་རི་བྱང་ཀ་ལི་ཕོར་ནི་ཡ།

    ངོ་སྤྲོད་མདོས་བསྡུས།

    ༡༩༧༢ ལོར་སིམ་ལ་བོད་གཞུང་གཏན་སློབ་ནང་གཞི་རིམ་སློབ་གྲྭ་ཐོན། སློབ་གྲྭའི་འཐུས་ཚབ་ཞུས་ཏེ་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་དང་པོ་དང་། འགན་འཛིན་ལྷན་ ཀྱི་ཚོགས་ཆེན་ཐེང་པོ་སོ་སོར་ཚོགས་ཞུག་གནང་།

    ༡༩༧༦ ལོར་ཅན་འདི་སྒར་མཐོ་སློབ་ནས་B.A. མཐོ་སློབ་ཐོན། ཅན་འདི་སྒར་ས་གནས་གཞོན་ནུའི་དྲུང་ཆ་དང་། རང་དང་བདེན་པའི་འཁུར་གྱི་འགན་འཛིན་གནང་།

    ༡༩༧༩ ལོར་དབུས་གཙང་སྤྱི་མཐུས་ཁོང་ལེགས་ཐོན་ཞབས་སུ་གནང་།

    ༡༩༨༡ ལོར་སྤྱི་འཐུས་ཡིན་མུས་ཐོག་དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་སུ་ཐད་བསྐོས་གནང་།

    ༡༩༨༦ ལོར་ནང་སྲིད་དྲུང་གཞོན་ཐོག་འཁོ་བསྐོས་གནང་།

    ༡༩༩༡ ལོར་བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་གནང་།

    ༡༩༩༤ ལོར་བོད་གཞུང་ནས་” སུད་སི་བོད་མི་གཟེང་རྟག “ ཞེས་བ་གཞུང་ཞབས་ལས་དོན་གྲུབ་འབྲས་གཟེང་ཐོན་ལ་ངོས་འཛིན་གྱིས་སུས་སི་བོད་མི་གཟེང་རྟག་ཐེང་དང་པོ་དེ་གནང་།

    ༡༩༩༤ ལོར་བོད་གཞུང་ཤེས་རིགས་དྲུང་ཆེར་བསྐོ་བཞག་གནང་།

    ༡༩༩༩ ལོར་བོད་གཞུང་ནང་སྲིད་དྲུང་ཆེར་འཁོ་བསྐོ་གནང་།

    ༢༠༠༠ ལོར་ཨ་རིར་ཁྱིམ་ཚང་ཟླ་བསྒྲིལ་སླད་རྩ་དགོང་ཞུས་།

    ༢༠༠༣ ལོར་ཨ་རི་མངའ་སྡེ་མི་ནེ་སོ་ཊའི་བོད་རིགས་སྤྱི་མཐུན་ཚོགས་པས་ཚོགས་གཙོའི་འགན་འཁུར་གནང་།

    ༢༠༠༤ ལོར་བྱང་ཀེ་ལེ་ཕོར་ནི་ཡར་གནས་སྤོར་གནང་།

    ༢༠༠༨ ལོར་བྱང་ཀེ་ལེ་ཕོར་ན་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme