Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ཞབས་ཐུབ་བསྟན་སྦྱིན་པས་༧གོང་ས་མཆོག་གི་ཚབ་བྱེད་ཐུབ་བམ།

Posted on 2015-10-152015-10-15 By ཁ་བརྡ 20 Comments on སྐུ་ཞབས་ཐུབ་བསྟན་སྦྱིན་པས་༧གོང་ས་མཆོག་གི་ཚབ་བྱེད་ཐུབ་བམ།

hhhhhhhhཅོག་མྱི།

 

འོ་སྐོལ་གྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཨ་མེ་རི་ཀའི་རྩ་ཁྲིམས་དབུས་ཁང་གིས་གནང་བའི་བཅིང་གྲོལ་རྟགས་མ་༼Liberty Medal༽ཞེས་བྱ་བའི་འབུལ་བཞེས་མཛད་སྒོར་ཞུགས་པའི་མཛད་རིམ་ཕྱིར་འཐེན་གནང་བའི་རྗེས་སུ། གསར་ལམ་ནས་གོ་ཐོས་ལྟར་ན་སྐུ་ཞབས་ཐུབ་བསྟན་སྦྱིན་པ་དང་རོལ་ཆ་་དགུ་འུར་༼Richard Gere)གཉིས་ཀྱིས་༧སྐུའི་ཚབ་བྱས་ནས་བྱ་དགའི་མཛད་རིམ་ལ་ཞུགས་ཏེ་རྟགས་མ་དེ་ལེན་རྒྱུ་ཡིན་ཟེར། ༧སྐྱབས་མགོན་རིན་པོ་ཆེའི་ཆོས་ཕྱོགས་ཀྱི་གསུང་སྒྱུར་བ་ཞིག་གིས་སྐྱབས་མགོན་རིན་པོ་ཆེ་ཚབ་བྱས་ཏེ་ཨ་རིའི་ཆབ་སྲིད་ཀྱི་བླ་ན་མེད་པའི་རྟགས་མ་འདི་བཞེས་དགོས་པའི་རྒྱུ་མཚན་ལ་ང་ཚོས་ངེས་པར་དུ་བསམ་མནོ་གཏོང་དགོས། ༧གོང་ས་མཆོག་དང་རྒྱ་ནག་གི་སྲིད་འཛིན་འཁོར་བཅས་ཨ་རིའི་གདན་ཐོག་གཅིག་ཏུ་དུས་གཅིག་ལ་འཛོམས་པའི་རྗེས་སུ་༧སྐུའི་ཞོར་གྱི་མཛད་རིམ་གལ་ཆེན་འདི་ཕྱིར་འཐེན་གནང་བ་རེད། དེ་ཡིས་ཕྱིར་༢༠༡༥་ཡི་ལོ་འདི་ནི་ཤིན་ཏུ་ཁྱད་མཚར་བའི་ལོ་ཞིག་ཡིན་ལ་དེ་ནི་སྲིད་སྐྱོང་བློ་བཟང་སེང་གེས་བཤད་པའི་༼ལྷིང་འཇགས་ཀྱི་ལོ་ཞིག་༽ག་ལ་ཡིན།

ངས་བལྟས་ན་ཨ་རི་རྩ་ཁྲིམས་དབུས་ཁང་གི་བཅིང་གྲོལ་རྟགས་མ་དེ་ཐུབ་བསྟན་སྦྱིན་པ་༧སྐུའིཚབ་བྱས་ཏེ་སོང་བ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་མ་ཟད་དོན་དམ་དུ་གང་ཟག་དང་ཚོགས་པ་རེ་འགའི་ལྐོག་གྱུར་གྱི་ཚོང་དོན་ཞིག་ལོས་ཡིན་སྙམ། དེ་ལས་ཀྱང་ཚབ་ཆེ་བ་ནི་ཚོགས་པ་དེ་དག་གི་ཁེ་ཕན་གྱི་ཆེད་དུ་བོད་མི་ཡོངས་ཀྱི་ཁེ་ཕན་གཏའ་མར་བཞག་པའི་ལྐོག་གྱུར་བ་ཞིག་ལོས་ཡིན་སྙམ།

ཨ་རིའི་རྩ་ཁྲིམས་དབུས་ཁང་གི་༼བཅིང་གྲོལ་རྟགས་མ༽ཡི་མཛད་སྒོ་ལ་་༧གོང་ས་མཆོག་སྙུང་ནས་སྐུ་དངོས་སུ་ཕེབས་མི་ཐུབ་པ་ཡིན་ན་༧སྐུའི་ཚབ་ལ་སྲིད་སྐྱོང་བློ་བཟང་སེང་གེའམ་ཚོགས་གཙོ་སྤེན་པ་ཚེ་རིང་མངགས་ན་ཆེས་འོས་ཤིང་འཚམས་པ་དང་། ཡང་ན་སྙུན་གདངས་བའི་རྗེས་སུ་མཛད་རིམ་དེ་ལ་ཞུགས་ན་དེ་ལས་ཀྱང་མཛེས་བར་མཐོང་། རྒྱུ་མཚན་ནི་རྟགས་མ་འདི་ནི་ཆོས་ཕྱོགས་ཀྱི་རྟགས་མ་ཞིག་མིན་ལ་ཨ་མེ་རི་ཀ་བའི་ཆབ་སྲིད་འཐབ་རྩོད་དང་མང་གཙོ་ལྷུར་ལེན་སོགས་ཀྱི་ཆབ་སྲིད་ཀྱི་བསམ་བློའི་སྙིང་ཐིག་འདྲེས་བའི་རྟགས་མ་ཞིག་ཡིན་ཕྱིན། ཨ་རི་བའིསྲིད་གཞུང་དང་མང་ཚོགས་ལ་བསྟི་སྟང་དང་བཀའ་དྲིན་ཞུ་བའི་ཆེད་ང་ཚོའི་༧གོང་ས་མཆོག་གམ་སྲིད་སྐྱོང་ངམ་ཚོགས་གཙོ་ནས་རྟགས་མ་དེ་ལེན་དགོས་པའི་གནད་ལ་ཐུག་ཡོད། དེ་ནི་གལ་ཆེ་བ་ཞིག་ཏུ་མཐོང་།

དེར་ཁྱེད་རྣམ་པའི་དགོངས་ཚུལ་ཅི་ཡིན།

བསམ་ཚུལ།

Post navigation

Previous Post: ཀླུ་བྱམས་ལགས་ངས་སྔོན་འགྲོའི་འོས་དེ་ཁྱེད་ལ་མ་ཕུལ་ཀ་མེད་གྱུར། 
Next Post: རང་གི་འོས་ཤོག་དེ་གཞན་གྱི་ལྐོག་ཇུས་འོག་ནམ་ཡང་ཤོར་མི་ཉན།

Comments (20) on “སྐུ་ཞབས་ཐུབ་བསྟན་སྦྱིན་པས་༧གོང་ས་མཆོག་གི་ཚབ་བྱེད་ཐུབ་བམ།”

  1. གཅན བཟོད་རྒྱམ། says:
    2015-10-15 at 5:24 am

    གཞུང་སྒར་ཁ་ཁ་ཡིན་ལ་སྐུ་སྒར་དྲུང་ཆེ་སོང་།།
    གཞུང་སྒར་མཉམ་འབྲེལ་ཡིན་ན་སྲིད་སྐྱོང་བླ་སེང་སོང་།།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-15 at 7:06 am

    སོག་པོ་མི་རིགས་ཅིག་གིས་ར་ཤི་ཡ་ནང་གོང་ས༧མཆོག་གི་ཚབ་བྱས་ནས་འདུག་ཡོད་པ་མཐོང་ཨེ་བྱུང་ངམ། དེར་ལྟོས་ན་ཐུབ་བསྟན་སྦྱིན་པ་མཆོག་དང་གང་ཐད་ནས་ལྟོས་ན་འགྲིགས་སྙམ།

  3. དོན་ལྡན་གླིང་པ says:
    2015-10-15 at 9:22 am

    ཅོག་མྱི་ལགས། སྨྱོ་ལབ་མ་རྒྱག སེམས་ཤུགས་ཞེ་པོ་ཆེ་མདོག་དང་ལར་ཞེན་ཞེ་པོ་ཡོད་མདོག་གིས་ནང་ཁུལ་དཀྲུག་རྒྱུའི་སྐད་ཆ་ཆོ་མེད་པ་འདྲ་མ་བཤད།

    ཐག་གཅོད་དེ་ནི་འོས་ཤིང་འཚམ་པ་ཞིག་རེད། མཚམས་རེ་ཆོས་སྲིད་སྦྲེལ་གྱི་འདུག་ཟེར་ནས་སྐད་རྒྱག་གི་འདུག མཚམས་རེ་ཆོས་སྲིད་སྦྲེལ་དགོས་ཀྱི་འདུག་ཟེར་ནས་སྐད་རྒྱག་གི་འདུག xxxx

  4. སྐལ་ཚེ། says:
    2015-10-15 at 10:43 am

    སྐུ་སྒེར་དྲུང་ཆེ་སོཌ་འབྲེལ་ཡོད་ལས་བྱེད་མངག་དགོས་པ་ལས། སྲིད་བློན་དང་ཚོཌ་གཙོ་རྣམས་འགྲོ་དགོས་དོན་མེད། གང་ཡིན་ཞེ་ན་རྒྱལ་བ་རིན་པོ་ཆེ་ནས་སྲིད་ཕྱོགས་ནས་དགོངས་པ་ཞུས་ཟིན་པའི་ཕྱིར་རོ།།

  5. དྲང་བདེན says:
    2015-10-15 at 10:51 am

    ངོ་མ་བདེན་རྟགས་མ་དེ་འདྲ་ཞིག་འབུལ་བ་ནི་གོང་ས་མཆོག་སྐུ་སྒེར་གཟི་བརྗིད་དང་བོད་དམངས་དཀའ་ངལ་ལ་རྒྱབ་སྐྱོར་མཚོན་བྱེད་ཆེད་འབུལ་བ་ཡིན་པས་་སྐད་བསྒྱུར་བ་ཞིག་ལ་ཐོབ་ཐང་དེ་ཡོད་མི་སྲིད་་་་གོང་ས་མཆོག་རྩ་བ་ནས་ཁོམ་གྱིད་མེད་ན་་་སྲིད་སྐྱོང་དང་ཚོགས་གཙོ་གང་རང་ཞིག་ལ་འོས་བབས་ཆེ

  6. མཚོ་ངག་ says:
    2015-10-15 at 11:38 am

    རྟགས་མ་དེ་གོང་ས་མཆོག་སྐུ་དགེར་ལ་འཕུལ་བ་ལས་གཞུང་ལ་འཕུལ་བ་ཞིག་མ་ཡིན་ཙང་གོང་ས་མཆོག་གི་བློས་འགོས་མཆོག་པའི་གྲོགས་པོ་རི་ཆཏ་གི་རི་དང་སྐད་བསྒྱུར་ཁོང་གཉིས་ཀྱི་ལེན་ན་ཏག་ཏག་རེད་

  7. ལུང་རྟོགས། says:
    2015-10-15 at 12:13 pm

    མི་འདི་ཚོས་ཅི་བཤད་འདི་བཤད་མི་འདུག གཟེང་རྟགས་ཐུབ་སྦྱིན་དང་རི་ཆར་གཉིས་ཀྱིས་ལེན་ཆོག་པ་གོང་ས་མཆོག་དང་སྐུ་སྒེར་ལས་ཁུང་གིས་མོས་མཐུན་གནང་ན་ཅོག་མི་དང་ཅོག་མི་ཚོ་དེ་ལ་མིག་ཚ་དགོས་དོན་ཅི་ཡོད། མ་གཞི་སྐུ་ངོ་ཐུབ་སྦྱིན་ནི་གོང་ས་མཆོག་གི་གསུངས་བསྒྱུར་དང་ཞབས་འདེག་བླ་ན་མེད་པ་སྒྲུབ་མཁན་ཞིག་ཡིན་པས་གཟེང་རྟགས་ལེན་པའི་འོས་བབ་ཡོད་དང་ཡོད།

  8. ལྷ།བྱ་འཕུར་མ། says:
    2015-10-15 at 3:09 pm

    བཅིངས་འགྲོལ་རྟགས་མ་ཟེར་ན་དབྱིན་ཡིག་ནང་Liberation Medal ཡིན་དགོས། སྐབས་འདིར་liberty Medal ཟེར་གྱི་ཡོད་པས་རང་དབང་རྟགས་མ་ཞེས་བསྒྱུར་དགོས་ཀྱི་ཡོད།རང་དབང་རྟགས་མ་ལ་བཅིངས་འགྲོ་རྟགས་མ་བསྒྱུར་བ་ནོར་ཡོད་པ་དང་འདི་གཉིས་སྲིད་དོན་གྱི་ཚིག་འགྲེལ་ལྟར་ན་གོ་དོན་ཁ་ཁ་ཡོད་པ་རེད།

    ཨ་རིའི་ནང་སྐད་གྲགས་ཆེས་ཤོས་ཀྱི་རྟགས་མ་ནི་ཨ་རིའི་གསར་གྱི་རྟགས་མ་རེད། འདི་ནི་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་མང་མོས་ཐག་གཅོད་བྱས་ཏེ་ཨ་རིའི་སྲིད་འཛིན་དབུ་བཞུགས་ཀྱིས་མཛད་སྒོ་ཚོགས་ཏེ་འབུལ་ལམ་ཞུ་བཞིན་ཡོད།

    ཐེངས་འདིའི་རང་དབང་རྟགས་མ་འདི་ནི་༸གོང་ས་མཆོག་སྐུ་ངོ་མས་བཞེས་མ་ཐུབ་ཀྱང་སྐུ་ཉིད་ཀྱི་སྐུ་ཚབ་ཀྱིས་བཞེས་ན་འགྲིག་གི་བསམ། ཡིན་ནའང་། སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་གཉིས་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཡིན་སྟབས་རྟགས་མ་འདི་བཞེས་པའི་དེ་ཙམ་ཡག་པོ་མི་འདུག་བསམ།

  9. ཅོག་མྱི། says:
    2015-10-15 at 11:53 pm

    ཁ་བརྡ་རྩོམ་སྒྲིག་པའི་མཆན་གྱི་ཐབས་མཁས་ཞུ་དག་དང་ལྟ་རྟོགས་སྱངས་འཛིན་ལ་མོས་མཐུན་ཡོད།

  10. ཅོག་མྱི། says:
    2015-10-15 at 11:54 pm

    སྟངས་འཛིན་

  11. དྲང་བདེན says:
    2015-10-16 at 12:35 am

    ལྷ་བྱ་འཕུར་མ་རྒྱུ་མཚན་ཅི་གང་མི་འདུག་་སྲིད་སྐྱོང་དང་ཚོགས་གཙོ་བཞེས་མི་ཆོག་པ་གང་ཡིན་ན་་་ངོ་མ་བྱས་ན་གོང་ས་མཆོག་ངེས་པར་དུ་ཕེབས་དགོས་་་གལ་སྲིད་ཕེབས་ཐུབ་ཀྱིས་མེད་ན་་་སྐད་བསྒྱུར་ཞིག་དང་ཕྱི་མིའི་མི་ཞིག་ལ་འོས་བབས་རྩ་བ་ནས་མེད་་་རྒྱ་མཚན་ནི་གཅིག་ནི་གང་ས་མཆོག་གི་ཆོས་ལུགས་མཐུན་སྒྲིལ་སོགས་རྒྱུ་མཚན་ཡོད་ཀྱང གལ་ཆེནཤོས་ནི་ནོར་ཝེ་གསར་གྱི་རྟགས་མ་དང་ཨ་རིས་རྟགས་དེ་དག་ནི་གཙོ་བོ་ནི་བོད་ནང་ནས་རྒྱ་མའི་བསད་བརྡུངས་བཙོན་ལ་བཅུག་ཀྱང་དེ་དག་ལ་ཡར་ལེན་དྲག་སྤྱོད་མ་སྤེལ་བ་འཚེ་མེད་ཞི་བའི་ཐ་ལམ་ཚད་མཐོ་ཤོས་རང་བསྲེགས་ལས་འགུལ་སྤེལ་བ་དེ་དག་ལ་ཤ་ཚ་དང་སྙིང་རྗེ་རྒྱབ་སྐྱོར་མཚོན་ཆེད་འབའ་ཞིག་ལ་འབུག་གིས་ཡོད་པས་་་་གང་ས་མཆོག་གི་ཆེ་མཐོང་དང་བོད་ཕྱི་ནང་གཉིས་ལ་བསམ་ཡུལ་ལས་འདས་པའི་དཀའ་ངལ་འདི་འདྲ་འཕྲད་ནའང་འཚེ་མེད་ཞི་བའི་ལམ་ལ་འགྲོ་བཞིན་པ་འདི་དག་ཆེད་ཕུལ་ལ་་སྲིད་སྐྱོང་དང་སྤྱི་མཐུན་ནི་བོད་མི་དམངས་ཀྱི་ཚ་་མཚོན་ཡིན་པས་ངོ་མ་དེ་ལ་འོད་བབས་ཤིན་ཏུ་ཆེ་་་་གོང་ས་མཆོག་ནས་ནོར་ཝེ་གཟེངས་རྟགས་བཞེས་སྐབས་ཡིན་ནའང་རེད་་སྲིད་སྐྱོང་མཆོག་ནས་ཁ་ས་ཨ་རིས་ནས་རྟགས་མ་བཞེས་སྐབས་སོགས་མཛད་སྒོ་ཐོག་གསལ་བོ་གསུང་གནང་ཡོད་དངིས་ཡོད་ཡང་དེ་ལྟར་ཡིན་པས་་སྒེར་བ་ཞིག་ལ་མ་གཏོགས་འབྲེལ་བ་མེད་ཟེར་བ་ནི་གནས་ཚུལ་ངོ་མ་རྩ་བ་ནས་ཧ་མ་གོ་བ་རེད་

  12. ཅོག་མྱི། says:
    2015-10-16 at 1:02 am

    ང་བལྟས་ན་༧གོང་ས་མཆོག་ཨ་རིར་གཟུགས་པོ་བརྟག་དཔྱད་ལ་ཕེབས་སྐབས་རྒྱ་ནག་སྲིད་འཛིན་དང་འབྲེལ་བ་བྱུང་ཡོད་པར་དོགས། དེ་སྔོན་གྲོས་ཚོགས་ཀྱི་གསེར་རྟགས་བཞེས་སྐབས་རྒྱ་གཞུང་ནས་ངོ་རྒོལ་ཤུགས་དྲག་བྱས་མོད་དོན་ཕན་མ་བྱུང་བའི་དབང་གིས་བོད་ནང་ནས་ཀླ་ཀློ་སྤྱོད་པ་ཤུགས་ཆེར་སྤེལ་ནས་བོད་མི་བརྒྱ་དང་བཞི་ཅུ་ལྷག་གིས་རང་བསྲེགས་གནང་དགོས་བའི་ཚད་ལ་གཏུགས། རྒྱ་གཞུང་ནས་ཀྱང་༧གོང་ས་མཆོག་གིས་མུ་མཐུད་ནས་རྟགས་མ་འདི་རིགས་བཞེས་ན་བོད་ལ་སུན་བཙིར་བླ་ལྷག་བྱེད་རྒྱུ་ཡིན་པའི་འཇིགས་བསྐུལ་བས་སྙིང་རྗེའི་རང་གཟུགས་གོང་ས་མཆོག་གིས་ཐུགས་ཀྱིས་མ་བཟོད་པར་རྟགས་མ་འདི་མི་བཞེས་བའི་ཐག་བཅད་པ་རེད། ཡིན་ནའང་རྒྱ་གཞུང་ནི་རྫུན་དང་གཡོ་སྒྱུ་ཁོ་ན་ལས་གྲུབ་པའི་ཕུང་བོ་ཞིག་ཡིན་ཕྱིན་ཁོང་ཚོའི་ཁེས་ལེན་ལ་ང་ཚོས་ནམ་ཡང་ཡིད་རྟོན་མི་རུང་།

  13. བདེན་པའི་རྒྱབ་ལངས། says:
    2015-10-16 at 1:23 am

    འོ་ཡ་ད་དྲ་གྲོགས་འགས་བློ་སེང་ལ་རྒྱབ་སྐྱོར་བྱེད་སྟངས་མི་ཤེས་པའི་དབང་གི་གདབ་ཤོག་གཉིས་ལྡན་གྱི་དོན་གྱི་མཁས་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་སུ་རྟགས་མ་དེ་ལེན་པའི་གནས་བབ་མེད་སྐོར་བརྗོད་པ་ནི་བགད་མོ་སློང་བའི་རྒྱུ་ལས་མ་འདས་ད་དུས་ཚོད་འཕྲོ་རླག་ཏུ་མ་གཏོང་ཆོ་མེད་ཀྱི་གཏམ་མ་གཤོད་ཨ།
    དོན་གྱི་བདག་པོས་ཚིག་ཐག་གཅད་པར་སྡུག་སྐད་རྒྱབ་ཀྱང་ཕན་གྱི་མ་རེད་དོ།

  14. ངག་དབང says:
    2015-10-16 at 5:27 am

    དྲང་བདེན་ལགས འཁྱོག་པོ་དེ་འདྲ་མ་གསུང་རོགས་རྟགས་མ་བཞེས་མཁན་གྱི་སྐུ་ཚབ་སུ་གཏོང་མིན་དེའི་དབང་ཚད་སྐུ་སྒར་ཡིག་ཚང་ལ་ཡོད་རེད སྐུ་ཚབ་སུ་ཡིན་རུངརྟགས་མ་་ལེན་པའི་ངོ་བོ་ཙམ་ལས རྟགས་མ་དེའི་སྐུ་ཚབ་རང་གི་བྱས་རྗེས་ལ་འབྲེལ་བ་ཆེན་པོ་མེད

  15. དོན་ལྡན་གླིང་པ says:
    2015-10-16 at 9:46 am

    ཅོག་མྱི་། ངོ་མ་གཉི་ལབ་རྒྱག་གི་ཡོད་ཚོད་འདུག རྒྱ་མིའི་རྒྱུག་ཁྱི་རང་རེད།

  16. བཀྲ་ཤིས་རྒྱལ། says:
    2015-10-16 at 11:08 am

    ཅོག་མྱི། ཁྱེད་རང་གི་བསྒྱུར་དེ་ལ་ལྟོས་དང་། དངོས་གནས་ཡིན། Libration དང་ Liberty གཉིས་དོན་གཅིག་ལ་གོ་ན་འགྲིག་གི་རེད་དམ། ཡག་པོ་ཤེས་ཀྱི་མེད་ན་གང་བྱུང་མིའི་མིག་སྔར་གཏོར་མ་ཡོང་རོགས།

  17. རྫ་ཚེ་རིང་བཀྲ་ཤིས། says:
    2015-10-16 at 9:24 pm

    ༼མི་འདི་ཚོས་ཅི་བཤད་འདི་བཤད་མི་འདུག གཟེང་རྟགས་ཐུབ་སྦྱིན་དང་རི་ཆར་གཉིས་ཀྱིས་ལེན་ཆོག་པ་གོང་ས་མཆོག་དང་སྐུ་སྒེར་ལས་ཁུང་གིས་མོས་མཐུན་གནང་ན་ཅོག་མི་དང་ཅོག་མི་ཚོ་དེ་ལ་མིག་ཚ་དགོས་དོན་ཅི་ཡོད། མ་གཞི་སྐུ་ངོ་ཐུབ་སྦྱིན་ནི་གོང་ས་མཆོག་གི་གསུངས་བསྒྱུར་དང་ཞབས་འདེག་བླ་ན་མེད་པ་སྒྲུབ་མཁན་ཞིག་ཡིན་པས་གཟེང་རྟགས་ལེན་པའི་འོས་བབ་ཡོད་དང་ཡོད། ༽འཐད་དོ།

  18. ཅོག་མྱི། says:
    2015-10-17 at 12:10 am

    པདྨ་སྐྱག་གཟན་རེད། དེ་མིན་ཐུབ་བསྟན་སྦྱིན་པར་ཁ་གསེག་བཤད་པའི་མཆན་པ་དག་གཡག་ཞ་ར་དང་གཉིས་སུ་མ་མཆིས། གསུང་བསྒྱུར་བ་ཞིག་གི་༧གོང་ས་མཆོག་གི་ཆོས་སྲིད་གཉིས་ཀྱི་ཚབ་བྱ྄ེད་པ་དེ་རང་གི་སྒྲིག་འཛུགས་ལ་མཐོང་ཆུང་བྱས་བ་མ་རེད་དམ།

  19. བཀྲ་ཤིས། says:
    2015-10-17 at 1:38 am

    ཅོག་མྱིས་རྒྱལ་བ་རིན་པོ་ཆེར་ལམ་སྟོན་འདྲ་བྱས་ཁུལ་ཨེ། ཧཧཧ སུད་སིའི་ལུག་རྫིས་ཨེ། ཧུ་ཧུ་

  20. འབྲོག་ཕྲུག says:
    2015-10-17 at 5:06 am

    ལྕོག་མྱི་ཁྱོས། གོང་ས་མཆོག་གིས་སྲིད་ཀྱི་མཛད་འགན་བཞག། གཞུང་དགའ་ལྡན་ཕོ་བྲང་སྒོ་རྒྱབ། བླ་བྲང་དགའ་ལྡན་ཕོ་བྲང་བསྐྱར་གསོ་བྱས། སྲིད་སྲིད་ལ་བཞག་པ་ལ་སོགས་པའི་ཉེ་བའི་ལོ་འགའི་རིང་འགྱུར་བ་ཆེན་པོ་འགའ་ཞིག་སོང་ཡོད་པ་དེ་ཚོ་ཧ་གོ་བར་གྱིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme