Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།

Posted on 2010-10-01 By དགེ་རབ་ 17 Comments on སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།

ཨ་ནུ་ཐང་བསོད་ནམས་ཀྱིས།
———–
སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བའི་དྲི་བ་འདི་ནི་ཆུང་ཆུང་ཞིག་མིན་པར་ཚིག་འདིའི་རྒྱབ་ནས་བག་ལ་ཉལ་བའི་གསང་པ་ཞིག་ཡོད་པ་འདོད། གལ་སྲིད་བོད་པ་མང་གཙོ་ཚད་ལྡན་དུ་ཕྱིན་པ་ཡིན་ན་གོང་ས་མཆོག་དབྱིན་ཡིག་གི་རྒྱལ་མོ་དང་འབྲུག་གི་རྒྱལ་པོ། གསི་ཝེའི་སྒྲན་དང་བྷེ་རྒྱམ་གྱི་རྒྱལ་སྲས་ལྟ་བུ་བཞུགས་རྒྱུ་ལས་བོད་ལ་མཁོ་གལ་མེད་པའི་མི་སྣ་ཞིག་ཏུ་ག་ལ་འགྱུར། རྒྱུ་མཚན་ནི་བོད་པ་མང་གཙོ་ཕྱིན་ཡང་གོང་ས་མཆོག་བློས་བཏང་དགོས་བ་གནད་དུ་མ་མཐོང་ཞིང་དེ་ལྟར་བྱས་ན་སྤྱི་སྒེར་གཉིས་ལ་གྱོང་ལས་ཁེ་ཕན་མེད་པས་བོད་མི་རྣམས་ཀྱིས་གོང་ས་མཆོག་འདོར་དུ་མི་ནུས་ལ། བོད་མིའི་སེམས་ནང་གི་གོང་ས་མཆོག་ནི་གངས་རི་ལས་ཀྱང་བརྟན་ཞིང་རྣོ་ལྕགས་ལས་ཀྱང་མཁྲེགས་པས་གོང་ས་མཆོག་བོད་མིས་འདོར་བའི་བསམ་བློ་ནི་རི་བོང་གནམ་ལྟས་ཀྱི་སྡུག་ངལ་རེད། གཅིག་བྱས་ན་ཆབ་སྲིད་ཚོགས་པ་ཁ་ཤས་ཀྱིས་བོད་མིའི་ཁྲོད་ཆེད་མངགས་ཀྱིས་དཀྲུགས་ཤིང་བཏང་བ་ཡིན་ཤས་ཆེ་བས་སྤྱི་སྒེར་གཉིས་ཀྱིས་གཟབ་གལ་ཆེ། དེ་ལྟར་དཀྲུགས་ཤིང་བཏང་བ་ཡིན་ན་བོད་མི་མང་པོ་ཞིག་གིས་གནད་དོན་དེ་ལ་འགོག་རྐྱེན་བཟོས་ནས་བོད་པ་མང་གཙོ་ཆགས་རྒྱུ་དཀའ་ངལ་ཕྲད་པ་མ་ཟད་མང་གཙོའི་འདོད་འདུན་འཛིན་མཁན་གྱི་བོད་མི་སྡེ་ཁག་དང་འགལ་ཟླ་གྱུར་ནས་བོད་འདི་ད་ལྟ་ལས་ཀྱང་ཁ་ཐོར་དུ་ཕྱིན་ནས་གཅིག་གྱུར་གྱི་གོམ་པ་སྤོ་མི་ནུས་ལ། རྒྱལ་སྤྱིའི་སྟེང་བོད་འདི་གནའ་བོའི་ལྟར་བླ་མའི་དབང་སྒྱུར་འོག་ཏུ་ཡོད་ཚུལ་གྱི་ཆབ་སྲིད་ཀྱི་དྲིལ་བསྒྲགས་སྤེལ་བྱེད་ཀྱི་ལག་ཆ་གྱུར་ཞིང་། རྒྱ་ནག་གིས་བོད་བཅིངས་གྲོལ་བཏང་ཚུལ་ཡང་ཚུལ་མཐུན་ཡིན་པའི་ལག་རྟེན་དུ་ཆགས་རྒྱུ་རེད། བོད་འདི་ཆོས་དད་ཆེ་བས་གཞན་གྱིས་བོད་མིའི་ཁྲོད་འགལ་ཟླ་བསླངས་ན་ཆོས་ལུགས་ཀྱི་སྟེང་ནས་སླང་བས་ངེས་བར་དུ་གཟབ་གལ་ཆེ། རང་ཉིད་དགའ་ས་ཡིས་རང་སྲོག་གཅད་པའི་དཔེ་ལྟར་བོད་པ་མོས་སའི་ཆོས་ལུགས་ཀྱིས་ཆད་ལ་ཉེ་བའི་མི་རིགས་འདིའི་ཚེ་སྲོག་གཅད་དུ་ངེས་བས་གཟབ་གལ་ཆེ།
སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བའི་ལྟ་ཚུལ་འདི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཁྱབ་བརྡལ་ཤུགས་ཆེར་ཕྱིན་ཚེ་མང་གཙོ་ཆེད་དུ་སྐད་ཆ་བཤད་མཁན་ཀུན་སྐུ་མདུན་དང་འགལ་བ་གྱུར་ནས་མང་གཙོ་ཞེས་བའི་ཚིག་འདི་བོད་ཀྱི་སྤྱི་ཚོགས་ཁྲོད་ནག་ཉེས་ཅན་ཞིག་ཏུ་མི་འགྱུར་བའི་ངེས་བ་མེད། དེ་ལྟར་བྱས་ན་དགྲ་བོ་ཡི་འདོད་འདུན་འགྲུབ་པ་རེད། གང་ལྟར་གོང་ས་མཆོག་གི་གསུངས་བཞིན་བོད་འདི་མང་གཙོའི་ལམ་དུ་མདུན་སྐྱོད་བྱེད་རྒྱུ་ནི་རྒྱལ་སྤྱིའི་གནས་སྟངས་དང་མཐུན་ལ། བོད་ཀྱི་མ་འོངས་བའི་ཁེ་ཕན་དང་མཐུན། ལྷག་པར་ཁ་གཏད་སྐྱོད་ཡུལ་གྱི་དགྲ་སྡེའི་ཕྱོགས་ཁག་ལ་དེ་བས་སྒོ་རྡུང་སྤྲད་པས་ང་ཚོ་སྟེ། བོད་མི་རྣམས་སུས་ཀྱང་བཀག་ཅིང་དཀྲུགས་ཤིང་བཟོས་ཀྱང་བཟོ་དུ་མེད་པར་ཤར་སྐྱོད་བྱེད་རྒྱུ་ནི་གནད་དུ་མཐོང་། གཞུང་སྒེར་སུ་ཞིག་ཡིན་ཡང་གོང་ས་མཆོག་གལ་ཆེའམ་མང་གཙོ་གལ་ཆེ་ཟེར་བའི་བསམ་ཚུལ་འཚོལ་བསྡུ་བྱེད་མཁན་གྱི་འགུལ་སྐྱོད་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེ་ལ་བསམ་ཚུལ་འདི་བསྡུ་མཁན་གྱི་རྒྱབ་ལྗོངས་སུ་མངོན་པ་མི་གསལ་བའི་ཆབ་སྲིད་ཅིག་ཡོད་དུ་ངེས། སྤྱི་སྒེར་གཉིས་ཀྱིས་འདི་འདྲའི་དོན་དུ་གཟབ་རྒྱུ་གནད་དུ་མཐོང་།

རྩོམ་རིག

Post navigation

Previous Post: མདོ་སྨད་སྤྱི་འཐུས་ལ་འོས་པའི་མི།
Next Post: ཁ་བཙུམས་རོགས་གནང་། ཁ་གདངས་རོགས་གནང་།

Comments (17) on “སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།”

  1. གཅན་བཟོད་རྒྱམ། says:
    2010-10-01 at 12:39 pm

    ཨ་ནུ་ཐང་གིས་དཀའ་ལས་བསྐྱོན་འདུག ཐུགས་རྗེ་ཆེ། གཞན་ཞུ་དགོས་པ་ཅང་མི་འདུག

  2. སྦྱར་ལོ་ཚེ་རིང་དོན་འགྲུབ། says:
    2010-10-01 at 12:59 pm

    ཡག་པོ་རེད། སྐུ་ངལ་བསྐྱོན་འདུག་པ་དོན་མཐུན་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2010-10-01 at 1:25 pm

    ཨ་ནུ་ཐང་གི་རྩོམ་འདི་བཟང་།

  4. བསམ་ཤེས། says:
    2010-10-01 at 2:52 pm

    བློ་གཟུར་བོར་གནས་ནས་བཀླགས་པ་ཡིན། འདྲི་བ་གཅིག་བློ་ལ་ཤར་བྱུང་།

    “རྒྱལ་བ་རིན་པོ་ཆེ་གལ་ཆེ་བམ། མང་གཙོ་གལ་ཆེ།” ཞེས་་དང། “སྐུ་མདུན་མཁོ་དང་མང་གཙོ་མཁོ།”ལྟ་བུའི་འདྲི་བ་དེ་གཉིས་གཅིག་པ་རེད་དམ། ངས་བལྟས་ན་དེ་གཉིས་གཅིག་པ་མཐོང་གི་མིན་འདུག

    རྒྱལ་བ་རིན་པོ་ཆེ་ལ་དད་པ་མེད་མཁན་ཚོས། “ང་ཚོས་སྐུ་མདུན་མི་མཁོ་ཟེར་རྒྱུ་མ་བྱུང་། མཁོ་དང་མཁོ། ཡིན་ནའའང་རྒྱལ་བ་རིན་པོ་ཆེ་དང་མང་གཙོ་གཉིས་ལས་མང་གཙོ་གལ་ཆེ།” ལྟ་བུའི་ལན་བརྒྱབ་ན། དེ་ལ་ཁྱེད་ཀྱིས་གང་བརྗོད།

    གཞན་ལ་ལན་གནད་དུ་འཁེལ་བ་བརྒྱབ་དགོས་ན། འདྲི་བ་བསྒྱུར་མི་རུང་། འདྲི་བ་དེ་རང་སོར་བཞག་ནས་དེ་ལ་ལན་བཀོད་ན། ཕན་པ་ཆེ་བ་མེད་དམ་བསྙམས། འདི་ཚང་མར་དཔྱད་གཞིའི་ཆེད་དུ་འབུལ།

  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-10-01 at 4:07 pm

    ངས་བསམ་ཚུལ་འགའ་བཤད་ན་འདོད། གཞན་གྱི་ཡིད་ལ་འཐད་མིན་མི་ཤེས།

    དང་པོ།
    སྐུ་མདུན་མཁོ་དང་མང་གཙོ་མཁོ་ཟེར་བ་འདི་ལ་དམིགས་བསལ་གྱི་རྩོད་གཞི་མ་མཐོང་།
    སྐུ་མདུན་དེ་མང་གཙོའི་བཀག་རྡོ་མ་རེད་ལ་མང་གཙོ་དེ་ཡང་སྐུ་མདུན་གྱི་བཀག་རྡོ་མ་རེད། གཅིག་དེ་གང་ཟག་རེད། གཞན་དེ་ལམ་ལུགས་རེད།
    འོན་ཀྱང་། བཙན་བྱོལ་གྱི་མང་གཙོའི་ལམ་ལུགས་འདི་དང་སྐུ་མདུན་གྱི་དབར་ན་འབྲེལ་བ་ཞིག་ཡོད། རྒྱུ་མཚན། མང་གཙོ་འདི་ཐོག་མའི་ཆར་།
    མི་མང་ལ་གསོལ་རས་གནང་མཁན་དེ་སྐུ་མདུན་རེད། འདི་ནི་བྱུང་རིམ་ལོ་རྒྱུས་ཁྲོད། སྐུ་མདུན་གྱིས་བཞག་པའི་བྱས་རྗེས་རླབས་ཆེན་གཅིག་རེད།

    གཉིས།
    མང་གཙོ་ཡར་རྒྱས་འགྲོ་བར་སྐུ་མདུན་གྱིས་བཀག་བྱེད་གི་འདུག་ཟེར་མཁན་ཡོད་པ་འདྲ། དེ་ཚོའི་རིགས་ཀྱིས།
    གང་ཟག་དང་ལམ་ལུགས་དབར་གྱི་གནད་དེ་ཚོ་མ་རྟོགས་་པ་རེད་འདོད། བཙན་བྱོལ་གྱི་མང་གཙོ་འདི་ད་དབར་དུ། སྒང་ནས་མར་ལ་འགྱུར་བ་བཏང་བསྡད་པ་རེད།
    འོག་ནས་ཡར་འགྱུར་བ་གཏོང་མ་ཐུབ་པར་ལྷག་པ་རེད་། འདི་ཚོ། སྐུ་མདུན་གྱིས་མར་གནང་བ་དེ། མི་མང་དང་དེའི་སྐུ་ཚབ་ཀྱིས་བེད་སྤྱོད་གཏོང་མ་ཐུབ་པ་རང་རེད།

    གསུམ།
    ཁྱད་མཚར་བའི་གནད་དོན་གཅིག་ནི། སྐུ་མདུན་གྱིས། ང་ཕྱེད་བགྲེས་ཡོལ་ཡིན། མི་རིང་བར་བགྲེས་ཡོལ་ཆ་ཚང་ཞུ་གི་ཡིན། ཆབ་སྲིད་ཀྱི་འགོ་འཁྲིད་དེ་བཀའ་བློན་ཁྲི་བ་ཡིན་ཞེས་ཐེངས་མང་གསུངས་སོང་།
    འོན་ཀྱང་། ང་ཚོའི་གྲོས་ཚོགས་ཀྱིས་དེ་ལས་ལྡོག་སྟེ། ད་དུང་ཡང་།སྐུ་མདུན་གྱིས་ཡེ་ཤེས་དབྱིངས་དཔྱད་གནང་ནས་ཐག་གཅོད་གནང་རོགས་ཟེར་གི་འདུག
    འདི་ནོར་བ་རེད་དྲན། འདི་མང་གཙོ་ཡར་རྒྱས་སུ་འགྲོ་བའི་བཀག་རེད། མར་ལ་འགན་སྤྲད་ན། དེ་འཁུར་དགོས་རེད་མ་གཏོགས།
    ངས་འགན་དེ་འཁྱོགས་ས་མ་རེད། སྐུ་མཁྱེན། ཁྱེད་ཀྱིས་འགན་དེ་ཚོ་འཁུར་རོགས་གནང་ཞེས་ཡར་སྐུ་མདུན་ལ་ཕུལ་ན། དེ་ནོར་བ་རེད།
    དེ་མང་གཙོའི་བཀག་རྡོ་ངོ་མ་དེ་རེད།

    བཞི།
    གནད་དོན་གཞན་ཞིག་ནི། བཙན་བྱོལ་གྱི་མང་གཙོ་འདི་། སྐུ་མདུན་གྱི་སྐུ་གསུང་ཐུགས་ཀྱི་བསིལ་གྲིབ་འོག།
    ད་བར་ཡར་རྒྱས་གང་འཚམས་ཕྱིན་པ་རེད་ལ། ད་དུང་ཡིན་ན་ཡང་། འགྲོ་སའི་ལམ་ཁ་དེ་ཧ་ཅང་རྒྱ་ཆེན་པོ་རེད། རྒྱ་ཆེ་ཞིང་ཁོད་ཡངས་བའི་ལམ་ཁ་འདི། མི་མང་ཚོས་བེད་སྤྱོད་གཏོང་ཐུབ་དགོས་རྒྱུ་གལ་ཆེ་གི།
    མཚམས་ལན་རེར། མི་མང་གི་ཁྲོད་ནས། སྐུ་མདུན་གྱི་དགོངས་ཚུལ་དང་བསམ་ཚུལ་ཐ་དད་ཡོད་མཁན་ཡོང་སྲིད་པ་རེད། བསམ་ཚུལ་མི་མཐུན་པ་ཡོང་ན།
    དེས་། སྐུ་མདུན་ལ་འགོག་རྐྱེན་བཟོ་གི་མ་རེད་ལ་མང་གཙོ་ལ་ཡང་འགོག་རྐྱེན་བཟོ་གི་མ་རེད། བསམ་ཚུལ་མི་མཐུན་པ་ཡོང་མཁན་དེ་ཚོར། གཞུང་གིས་ཉན་ཤེས་གནང་རྒྱུ་གལ་ཆེན་པོ་རེད་མ་གཏོགས།
    བསམ་ཚུལ་མི་མཐུན་པ་འཛིན་མཁན་ཡོང་ན། བསམ་ཚུལ་མི་མཐུན་པ་ཡོད་མཁན་དེའི་རིགས་སྐུ་མདུན་དང་དགྲ་ཟླའི་ངོ་བོར་བསྒྱུར་ན། དེ་བྱབ་ཆུང་གིས་བྱེད་སྟངས་རེད། སྐུ་མདུན་གྱི་དགོངས་གཞི་དང་མང་གཙོའི་གཞི་རིམ་གྱི་གནད་དོན་་དེ་ཚོ་མ་མཁྱེན་པའི་སྐྱོན་རེད། ད་མང་ཐལ་སོང་། དགོངས་དག་ཞུ། དེ་ཙམ་ཡིན།

  6. གཡུ་འབྲུག says:
    2010-10-01 at 4:35 pm

    “གཅིག་དེ་གང་ཟག་རེད། གཞན་དེ་ལམ་ལུགས་རེད།” ཟེར་བའི་སྐད་ཆ་འདི་ལ་རྩོད་གཞི་ཞིག་འདུག འདིའི་སྐོར་ལ་བཤད་བཞིན་པའི་སྐུ་མདུན་ཟེར་བ་དེ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཁོ་ནར་ངོས་ལེན་བྱས་ན་ཁོང་ཚོའི་རྩོད་གཞིའི་རྩ་བ་ལ་ཡ་མེད་བྱས་པ་རེད་བསམ། ཁོང་ཚོའི་རྩོད་གཞི་ནི་སྐུ་མདུན་གྱི་སྐུ་ཕྲེང་རིམ་བྱོན་གྱི་ལམ་ལུགས་ཏེ། དབྱིན་སྐད་དུ། “Institution of the Dalai Lama” ཟེར་བ་དེ་རེད།
    དཔེར་ན། འཇམ་དབྱངས་ནོར་བུ་སོགས་ཀྱིས་བཤད་པའི་ Future of the Dalai Lama(s) and Tibetan Democracy ཞེས་པ་ལྟ་བུ་རེད། བགྲོ་གླེང་གཏམ་བཤད་འདིར་འབྲེལ་ཐག་འདི་ནས་གཟིགས་ཐུབ། http://www.youtube.com/watch?v=IexI2-5ORmA

  7. གཞོན་ནུ་ཟླ་མེད། says:
    2010-10-01 at 4:37 pm

    དྲི་བ་འདི་ཡ་མཚན་ཞིག་རེད། སྐུ་མདུན་དགོས་ན་དམངས་གཙོ་དོར་དགོས་པ་དང་། དམངས་གཙོ་དགོས་ན་སྐུ་མདུན་དོར་དགོས་པ་འདྲ་བོ་ཞིག་གི་སྟེང་ནས་དྲི་བ་བཀོད་འདུག གལ་ཏེ་གཅིག་དགོས་ན་གཅིག་དོར་དགོས་ན། ང་ལྟ་བུ་ལ་མཚོན་ན་དམངས་གཙོ་མི་དགོས་སྐུ་མདུན་དགོས་ཟེར་ནས་ལན་འདེབས་ཀྱི་ཡིན། དམངས་གཙོ་ལམ་ལུགས་མིན་ན་འང་ལམ་ལུགས་གཞན་གྱི་སྟེང་ནས་སྡོད་འདོད་ཡོད། འོན་ཀྱང་སྐུ་མདུན་མ་ཡིན་པའི་གང་ཟག་གཞན་ཞིག་གི་འོག་ནས་སྡོད་འདོད་མེད།
    དེ་མིན་སྐུ་མདུན་དང་དམངས་གཙོ་གཉིས་ཀ་དགོས་ཟེར་ནས་ལན་འདེབས་འདོད། ཡ་ཡ་དེ་ཙམ་ཡིན་ཡ།

  8. མགོན་པོ་ཕྱག་གཉིས་པ། says:
    2010-10-01 at 9:43 pm

    ང་ལ་དམངས་གཙོ་མཁོ། དམངས་གཙོ་མཁོ་བའི་རྒྱུ་མཚན་གྱིས་སྐུ་མདུན་མཁོ། སྐུ་མདུན་ནི་ང་ཚོའི་དམངས་གཙོ་གསོལ་རས་གནང་མཁན་རེད། ང་ཚོ་དམངས་གཙོའི་ལམ་ལ་འཁྲིད་མཁན་རེད།
    སྐུ་མདུན་མཁོ། རྒྱུ་མཚན་ནི་ང་ལ་དམངས་གཙོ་མཁོ་བའི་ཕྱིར། སྐུ་མདུན་དང་དམངས་གཙོ་གཉིས་ལ་གདམ་གསེས་ཤིག་མེད་པར་དེ་གཉིས་ངའི་སེམས་ནང་གཞི་གཅིག་ཏུ་གྲུབ་འདུག
    ཡིན་ནའང་། སྐུ་མདུན། གནས་སྐབས་རིང་བོད་ཀྱི་སྤྱི་ཚོགས་འདི་བདག་མེད་དུ་བཞག་ནས་མཚམས་ལ་བཞུགས་རོགས་གནང་།
    དམངས་གཙོའི་ལམ་ལ་འཁྲིད་མཁན་ཞིག་ཡོད་ན། དེས་འཁྲིད་པར་སྒུག་སྡོད་པ་ལས་རང་ཉིད་ཀྱི་ངོས་ནས་གོམ་པ་གཅིག་སྤོ་བར་ཡང་བརྩོན་པར་མི་བྱེད། གལ་སྲིད་ལམ་འཁྲིད་ཅིག་མེད་པ་ཡིན་ན། ནུར་ནས་ཡིན་ནའང་འགྲོ་གི་རེད། གོག་ཐུབ་ས་ནས་གོག་ནས་འགྲོ་གི་རེད། ལངས་ཐུབ་ས་ནས་ལངས་ནས་འགྲོ་གི་རེད། དེ་ཡིན་ན། སྐབས་ཤིག་ལ་རྒྱུགས་ནས་ཀྱང་འགྲོ་ཐུབ་གི་རེད་ལ་མཆོངས་ནས་ཀྱང་འགྲོ་ཐུབ་ཀྱི་རེད།
    རྟག་པར་སུ་ཞིག་ནས་ལག་མགོ་རུ་འཇུས་ཏེ་འཁྲིད་འགྲོ་དགོས་པ་གང་དེ་ནི་ནམ་ཡང་རང་ངོས་ནས་འགྲོ་ཐུབ་རྒྱུ་མིན་པ་རེད།
    ཡག་པོ་ཞིག་བསམ་པ་ཡིན་ན། གོང་གི་གདམ་གསེས་ཅན་གྱི་དྲི་བ་དེ་ལ་ཡང་རྒྱུ་མཚན་མེད་པ་ཞིག་རེད་མི་འདུག

  9. འཇིགས་མེད་བཀྲ་་་་ཤིས། says:
    2010-10-02 at 5:50 am

    ཁ་བྱང་འདི་ཕྲན་བུ་ནོར་འདུག་ཀྱང་ཁྱད་ཞེ་དྲག་མི་འདུག མཁོ་མི་མཁོ་དང་གལ་ཆེ་ཆུང་གང་བཤད་ཀྱང་༸གོང་ས་མཆོག་དང་མང་གཙོ་གཉིས་གདམ་ཀ་སྤྲད་ཀྱི་ཡོད་པ་རེད། དེ་གདམ་དགོས་པའི་དུས་ཤིག་འཆར་མི་སྲིད་སྙམ། བརྒྱ་ལ་གལ་ཏེ་ཤར་བའི་དབང་དུ་བཏང་ན། དབུ་ཁྲིད་རྒྱལ་བ་རིན་པོ་ཆེས་བོད་མི་རྣམས་ཆོས་སྲིད་ཀྱི་ཕུན་ཚོགས་ལ་སྦྱོར་བ་ལས་ལྷག་ཅིག་མང་གཙོའི་ལམ་ལུགས་འདིས་སྦྱོར་མི་ཐུབ་པ་ས་རིས་ཐང་གསལ་ཡིན་པས། དབུ་ཁྲིད་འདི་གདམ་རྒྱུ་ལོས་ཡིན། དབུ་ཁྲིད་འདི་ཡོད་ན། ལམ་ལུགས་ནི་གཞན་ཞིག་ཀྱང་བཟོས་ཆོག་གི་རེད།

  10. གཙང་ཁའི་བུ says:
    2010-10-02 at 11:52 am

    ངས་དྲི་བ་འདི་ལ་མགོ་དགོས་སམ་ལུས་དགོས་ཞེས་ཕར་འདྲི་ས་རེད། མགོ་མེད་པའི་ལུས་ཀྱིས་བག་ཆགས་ཅིག་བཞག་ཐུབ་རྒྱུ་རེད་དམ། ༸གོང་ས་མཆོག་ལྟ་བུའི་དབུ་ཁྲིད་ཅིག་ཡོད་ན་ང་ཚོས་ཅི་ཡང་ཐུབ་ལ་ཅི་ཡང་ནུས། དེ་མིན་དབུ་ཁྲིད་ཁྱད་འཕགས་ཁོང་མེད་ན་ལམ་ལུགས་བཟང་པོ་ག་འདྲ་ཞིག་ཡོད་ཀྱང་ང་ཚོར་ཐོབ་རྒྱུ་ཅི་ཡང་མེད་པ་གསལ་བོ་རེད། སྐུ་ཕྲེང་བཅུ་གསུམ་པ་ཕེབས་ནས་བཅུ་བཞི་པ་ཁྲི་ལ་མ་བཞུགས་པའི་དབར་དུ་ར་སྟག་སོགས་དོན་མེད་རྙོག་གླེང་གང་འདྲ་བྱུང་ཡོད། སྔོན་བྱུང་གི་ལོ་རྒྱུས་ལས་ད་ལྟའི་གནས་བབ་ལ་བསམ་བློ་གཏོང་ཤེས་པ་དེ་གལ་ཆེ་རེད། དེས་ན་ངས་༸གོང་ས་མཆོག་དགོས་ལ་མང་གཙོ་ཡང་དགོས། དེ་གཉིས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་ང་ཚོ་ལ་ཕན་ཚུན་རྟེན་དང་བརྟེན་པ་ལས་གྲུབ་པ་ཞིག་རེད།
    དེས་ན་ངས་སྤོབས་པ་ཆེན་པོས་དད་པ་ཙམ་རྒྱུ་མཚན་མིན་པ་༸གོང་ས་མཆོག་དགོས་ཞེས་ལན་འདེབས་ཀྱི་ཡིན།

    ངས་ལན་འདི་ཡིན། མགོ་དགོས་སམ་ལུས་དགོས་ཞེས་པ་དེ་རེད།

  11. འབྲུག་སྒྲ་ says:
    2010-10-03 at 9:28 am

    བལ་གཞུང་ཛ་དྲག་གཉེན་རྟོགས་ནས་བོད་མི་ཚོའི་འོས་བསྡུས་བཀག་ཉར་བྱས་པ།
    དེ་རིང་ཕྱི་དྲོ་ཆུ་ཚོད་གསུམ་དང་ཕྱེད་ཙམ་དུ་བལ་བོའི་ཛ་དྲག་གཉེན་རྟོགས་མི་དམག་མི་བཞི་བཅུ་ཙམ་གྱི་མཆོད་ཇོ་ས་གནས་འོས་བསྡུས་ཁང་དུ་བླུ་བུར་དུ་ཡོང་ནས་འོས་བླུག་ཚར་ལ་ཉེས་པའི་སྐབས་སུ་འོས་སྒམ་ཚང་མ་ཁྱེར་ཕྱིན་སོང་། དེ་བཞིན་འཕགས་ཤིང་དང་ཇོ་ཁེལ་གཉིས་ཀྱི་ཡང་དུས་ཚོད་དང་སྐར་མ་དུས་ཐོག་ཏུ་གཞུང་བསྡུས་བྱ་ཡོད།
    གྲོགས་པོ་ཚོ་ད་ཚོའི་བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་འདི་ཧ་ཀྱང་ཛ་དྲག་ཡིན།

  12. གཙང་ཁའི་བུ says:
    2010-10-03 at 1:07 pm

    ང་ཚོ་བོད་མི་ཚོ་ལ་མཚོན་ན་སྐུ་མདུན་མཁོ་བ་དེ་མང་གཙོ་མཁོ་བ་རང་རེད། གནད་དོན་འདིའི་འཐད་ལ་མཐའ་དཔྱོད་རྒྱུ་ཞིག་མེད་གི་མོ། །ཨ་ནུ་ཐང་། དགོང་མོ་བདེ་ལེགས།

  13. ཨ་ནུ་ཐང་བསོད་ནམས། says:
    2010-10-03 at 4:08 pm

    འོས་སྒམ་ལ་མཐའ་དཔྱོད་བྱེད་རྒྱུ་ཡོད་ས་རེད། འོས་སྒམ་གྱི་རིན་གོང་ཧ་ཅང་ཆེ་པས་བལ་ཡུལ་གྱི་གཉེན་རྟོགས་པས་ངོ་ཚ་ལ་མ་འཛེམ་པར་འཕྲོག་ཚུལ་གླེང་ལ་ཕྱིར་འཕྲོག་ཐུབ་ན་ཚེ་གང་རྒྱུ་ནོར་ལ་སེམས་ཁྲལ་མི་དགོས་བས་སོང་ན་ཡག་ས་མ་རེད་དམ། གཙང་ཁ་ལགས། འགྲོ་རྒྱུ་མིན་པས། འོས་སྒམ་ཕྱི་ལེན་དུ་འགྲོ་རྒྱུ་མིན་པས། གཟིམ་འཇགས་གནང་།

  14. གཙང་ཁའི་བུ says:
    2010-10-04 at 6:49 am

    ཨ་ནུ་ཐང་། མི་ཚོས་ཁྱོད་རང་རྒྱུ་དགའ་ཆེ་བ་ཤེས་ནས་རྫུན་ལབ་པ་རེད། འོས་སྒམ་ལ་རིན་གོང་མཐོ་བ་དེ་འདྲ་ཞིག་ཡོད་ནི་མ་རེད། དེའི་འཐད་བསམ་བློ་མང་པོ་མ་གཏང་། སྨྱོན་པ་ཆགས་རྒྱུ་རེད། ཨེ་གོ་ཐལ། མྱི་ལྡང་།

  15. Rigshongyaltso says:
    2010-10-04 at 8:09 am

    གཙང་བུ།
    རྒྱ་མིའི་སྒོར་མོ་མེད་ན་བལ་ཡུལ་གྱི་གཉེན་རྟོགས་པས་འཕྲོག་དགོས་དོན་མེད། དེ་ཙམ་མི་ཤེས་ན་ལྐུག་པ་རེད།

  16. ཨ་ནུ་ཐང་བསོད་ནམས། says:
    2010-10-04 at 9:15 am

    གཙང་ཁ། ཁྱེད་ཀྱིས་གསལ་བཤད་བྱས་བ་ལེགས། དེ་མིན་ང་སྨྱོན་པ་ཆགས་ས་རེད། གོ་ཐོས་ལ་རྒྱ་མིའི་དངུལ་མེད་ན་བལ་གྱི་གཉེན་རྟོགས་པ་ཡོང་གི་མ་རེད་ཟེར། དེ་བདེན་པ་རེད་དམ། འོས་ཤོག་རེ་ལ་ཨ་སྒོར་༥༠༠་རེད་ཟེར།

  17. གཙང་ཁའི་བུ says:
    2010-10-04 at 1:27 pm

    Rigshongyaltso དང་། ཨ་ནུ་ཐང་བསོད་ནམས་ལགས། ཁྱོད་གཉིས་ཀྱིས་རྒྱ་མིའི་དངུལ་མེད་ན་བལ་གྱི་གཉེན་རྟོག་པས་འཕྲོག་གི་མ་རེད་ཟེར་བ་འདི། ད་དུང་ཐག་བཅད་སྔ་གྲབས་ཀྱི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme