Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུ་ངོ་།

Posted on 2019-03-03 By ཁ་བརྡ 4 Comments on སྐུ་ངོ་།

ཆབ་མདོ་ངག་ཕུན་གྱིས།

༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་ཧ་ཅང་ཛ་དྲག་བྱུང་བའི་དབང་གིས་༸རྒྱལ་བ་རིན་པོ་ཆེས་གཙོས་པའི་སྐུ་འཁོར་ཧྲག་བསྡུས་ཤིག་ལ་ལུང་མང་པོ་ཞིག་བརྒལ་ནས་བཙན་བྱོལ་ལ་ཕེབས་དགོས་བྱུང་ཞིང་། དང་ཐོག་མི་ཡུལ་ལུང་ལ་བཙན་བྱོལ་བ་རྣམས་ངོ་ཤེས་པ་ནི་གནམ་དང་ས་ལས་མེད་ཀྱང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེས་བཀའ་དྲིན་དང་། དེ་བཞིན་བོད་མི་རྒན་རབས་ཀྱིས་ལྷག་བསམ་དང་སྙིང་སྟོབས་བཅས་ཀྱིས་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པ་ཆགས་གཞི་གོ་རིམ་ལྡན་པ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད།

ལྷག་པར་དང་ཐོག་བོད་རིགས་ན་གཞོན་རྣམས་ལ་བོད་མི་རིགས་ཀྱི་སྐད་ཡིག་དང་གོམས་གཤིས་སོགས་སེམས་རྒྱུད་ལ་གནས་ཐབས་སུ་སློབ་གསོའི་ལས་དོན་གལ་ཆེའི་དོན་ཆེ་ཞིག་ལ་གཟིགས་ནས་བོད་མི་ཁེར་གཙང་སློབ་ཁག་གསར་འཛུགས་གནང་བ་དང་། དེ་ནས་རིམ་གྱིས་བོད་མི་གཞིས་ཆགས་ཁག་ཀྱང་གསར་འཛུགས་གནང་ཡོད་ཅིང་།

དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་དབང་ཆེན་དང་སྒྲོལ་མ་མཚོ་གཉིས་རྒྱ་གར་ལྷོ་ཕྱོགས་གཞིས་སུ་ཕྱིན་ནས་གནས་དེར་གཞིས་ཆགས་པ་དང་། བུ་ཆུང་བཟང་པོ་སྐབས་དེར་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཚུད་དེ་སློབ་གྲྭ་བཞག །རིམ་གྱིས་བཟང་པོས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་གནང་བས་རིམ་གྱིས་མཐོ་རིམ་སློབ་གྲྭ་ནས་སློབ་ཐོན་བྱུང་ཞིང་། མཐོ་སློབ་ནས་ཐོན་ནས་ནང་ལ་ཕ་མ་གཉིས་ཀྱི་མཉམ་དུ་ལས་ཀ་ཙག་ཙིག་འདྲ་བྱས་ཏེ་ཟླ་ཤས་རིང་ལ་བསྡད་ཅིང་།

ཕ་དབང་ཆེན་གྱི་ཤེས་བྱ་གསར་ཤོག་མངགས་ཉོ་གནང་གི་ཡོད་པ་ཟླ་དུས་ཆད་མེད་འབྱོར་གྱི་ཡོད། ཉིན་ཞིག་བཟང་པོ་དབྱར་དུས་བར་འཁྱམ་འོག་ལ་སྡོད་བཞིན་པའི་སྐབས་སུ་རྒྱ་གར་ཡིག་སྐྱེལ་ཞིག་གི་སླེབས་ནས་ཤེས་བྱ་གསར་ཤོག་འབྱོར་བ་དང་། བཟང་པོས་དེ་དག་ཁ་ཕྱེས་ནས་ཀློག་བཞིན་པའི་སྐབས་དྷ་སར་ལས་ཁུངས་ག་གེ་མོ་ཞིག་ལ་ལས་བྱེད་ཀྱི་ས་མིག་ཡོད་ཚུལ་གསལ་བསྒྲགས་མཐོང་བ་དང་། ལམ་སང་སྨྱུག་གུ་དང་ཤོག་གུ་གྲ་སྒྲིག་བྱས་ཏེ་སྙན་ཞུ་བྲིས། ཡིག་སྐོགས་ཁ་བྱང་སོགས་བྲིས་ནས་དེའི་ནང་དུ་སློབ་ཐོན་ལག་འཁྱེར་གྱི་འདྲ་བཤུས་དང་། སྙན་ཞུ་བཅས་བཅུག་སྟེ་སྦྲགས་ཁང་བརྒྱུད་ནས་ལས་ཁུངས་ག་གེ་མོ་ལ་བཏང་། སྙན་ཞུ་ཕུལ་ཟིན་ནས་བདུན་ཕྲག་གཉིས་ཙམ་གྱི་རྗེས་ལ་ལས་ཁུངས་ག་གེ་མོ་དེས་ཡིག་རྒྱུགས་བཏང་བར་དྷ་སར་ཡོང་དགོས་པའི་བརྡོ་ཐོ་འབྱོར། བརྡ་ཐོ་འབྱོར་དོན་ལྟར་དབང་པོས་ཕ་མ་གཉིས་ལ་ང་དྷ་སར་ཡིག་ཚད་གཏང་བར་ཡོང་དགོས་ཚུལ་བརྡ་ཐོ་འབྱོར་དོན་ལྟར་འགྲོ་རྒྱུ་ཡིན་རབས་སོགས་བཤད་པས། ཕ་དབང་ཆེན་གྱིས་ཡིན་དང་ཡིན་ཁྱོད་ནི་རང་གཞུང་གི་བཀའ་དྲིན་ཆེན་པོས་གསོ་སྐྱོང་གནང་བ་རེད། ད་ནི་རང་གཞུང་ལ་ཞབས་འདེབས་ཞུ་རྒྱུའི་དུས་ཚོད་སླེབས་པ་རེད། ལས་དོན་ཐོག་ཏུ་ངོ་ལྐོག་བརྒྱབ་མདུན་མེད་པ་བྱོས་ཤོག་ཨ་ཞེས་ཁ་ཏ་བསླབ་བྱས།

དེ་ནས་ལམ་སང་བཟང་པོས་འགྲོ་ཆས་སོགས་བྱས་ཏེ་དྷ་སར་ཐོན་ཡོང་ཞིང་། ཉིན་བཞི་ཙམ་གྱི་རྗེས་ལ་དྷ་སར་འབྱོར། མེག་གྷན་ལ་མགྲོན་ཁང་ཞིག་གླས་ཏེ་དེའི་ནང་ལ་བསྡད་ཅིང་། ཕྱིན་ཉིན་ཞོགས་པ་སྔར་པོ་ལངས་ཏེ་ངོ་གདོང་གཙང་མ་བཀྲུས། དེ་དག་ཚར་རྗེས་བོད་པའི་ཟ་ཁང་ཞིག་གི་ནང་དུ་ཞོགས་ཇ་འཐུང་ཞིང་། དེ་དག་ཚར་རྗེས་སློབ་ཐོན་ལག་འཁྱེར་དང་། ཡིག་ཚད་བཏང་བར་ཡོང་དགོས་པའི་བརྡ་ཐོ་བཅས་འཁྱེར་ནས་གངས་ཅན་སྐྱིད་གཤོངས་ལ་ཡོང་བ་དང་། ལས་ཁུངས་ཀྱི་སྒོ་བྱང་ལ་ལྟ་བཞིན་ལས་ཁུངས་ག་གེ་མོ་དེའི་སྒོ་ནས་ཡར་འཛུལ་བ་དང་། སྣེ་ལེན་པ་དེས་ཁྱོད་སུ་ཐུག་དགོས་ཡོད་དམ་ཟེར།

བཟང་པོས་གུས་ཞབས་དང་བཅས་ང་ནི་དེ་སྔོན་ལས་ཀའི་སྙན་ཞུ་འབུལ་མཁན་དེ་ཡིན་ན་དྲུང་ཆེ་མཇལ་དགོས་ཡོད་ཚུལ་བརྗོད། སྣེ་ལེན་པ་དེ་ལམ་སྟོན་ལྟར་དྲུང་ཆེ་མདུན་དུ་བཅར་ནས་ཚུལ་མཐུན་གྱིས་གུས་ཞབས་དང་བཅས། རྒན་ལགས་ངའི་ཕ་མ་ནི་ལྷོ་ཕྱོགས་གཞིས་ཆགས་ཡིན་པ་དང་། མཐོ་སློབ་ནས་ཐོན་རྗེས་ས་མིག་ཡོད་ཚུལ་གྱི་གསལ་བསྒྲགས་མཐོང་བ་དང་། གུས་པས་སྙན་ཞུ་ཕུལ་བས་དྷ་སར་ཡིག་རྒྱུགས་གཏང་བར་ཡོང་དགོས་ཚུལ་བརྡ་ཐོ་འབྱོར་དོན་ལྟར་འདི་གར་བཅར་བ་ཡིན་ཚུལ་སོགས་བརྗོད་པས། དྲུང་ཆེ་དེ་ཕྲན་བུ་མ་འདོད་པའི་རྣམ་འགྱུར་དང་བཅས། འདི་གར་རྒན་ལགས་ག་བར་འདུག །ང་དྲུང་ཆེ་རེད། སྐུ་ངོ་དྲུང་ཆེ་ཞེས་ལབ་དགོས་རེད་ཅེས་བཤད། བཟང་པོ་སེམས་ནང་ཡ་མཚན་དང་བཅས་ཏེ་ཕྲན་བུ་སེམས་ནང་མ་བདེ་པ་ཞིག་བྱུང་ནའང་། ཁོག་ཏུ་སྦས་ནས་ཞལ་རས་འཛུམ་ཙམ་ཞིག་བྱས་ཏེ་ལགས་སོ།

ང་ཚོ་སློབ་གྲྭ་ནང་ལ་སྡོད་སྐབས་ང་ཚོའི་རྒན་ལགས་ཀྱིས་བོད་ས་མ་ཤོར་བའི་གོང་དུ་བོད་གཞུང་གི་”གོ་གནས་རྒྱུད་འཛིན་གྱིས་མི་རབས་ནས་མི་རིགས་ལ་དབང་སྒྱུར་གནང་མཁན་གྱི་མི་དྲག་”དེ་དག་ལ་སྐུ་ངོ་ཞེས་ལབ་ཀྱི་ཡོད་ཚུལ་དང་། དེང་སྐབས་ང་ཚོ་བཙན་བྱོལ་ནང་ལ་སླེབས་ནས་བོད་གཞུང་གིས་དེང་དུས་དང་མཐུན་པའི་མང་གཙོ་ལམ་ལ་སྤྱོད་ནས་སྔོན་མ་ལམ་ལུགས་ལ་བཅོས་བསྒྱུར་བཏང་ཟིན་པས། ང་ཚོའི་འགོ་ཁྲིད་ལ་སྐུ་ངོ་ཞེས་ལབ་དགོས་ཀྱི་མ་རེད། ང་ཚོ་སྔོན་མའི་དཔོན་རྒྱུད་ཀྱི་ལམ་ལུགས་དེ་མ་ཡིན་པར་དེང་རབས་མང་གཙོའི་ལམ་ལུགས་ཐོག་ཏུ་མདུན་སྐྱོད་བྱེད་ཀྱི་ཡོད་ན། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྐུ་ངོ་ཞེས་འབོད་དགོས་ཀྱི་མེད་ལུགས་གསུང་བར་བརྟེན་ངས་འབོད་ཀྱི་མེད། དེ་རིང་གཙོ་བོ་མཆོག་གི་མདུན་དུ་ཐེངས་མ་དང་པོ་བཅར་དུས་གུས་ཞབས་མེད་པ་གཏམ་འདི་དག་སྨྲ་དགོས་བྱུང་སོང་བས་དགོངས་འགལ་མེད་པ་ཞུ། ང་ནི་རྗེས་ལུས་ཀྱི་རྣམ་པ་དེ་དག་ཐོག་ཏུ་སྐྱོད་འདོད་གཏན་ནས་མེད་ལུགས་བརྗོད་པས། དྲུང་ཆེ་དེ་ནི་ཅི་ལབ་མེད་པར་ཁ་རོགས་སྡོད་དགོས་ཐུག་པ་རེད།

མཚར་གཏམ།

Post navigation

Previous Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (14)
Next Post: ཨོ་རྒྱན་གྱི་སོ་གླེང་གཞི་ཆེ་ཤོས་སུ་གྱུར་བ། གཟའ་མཇུག་གི་དེབ་ཀློག་བགྲོ་གླེང་ཞིག

Comments (4) on “སྐུ་ངོ་།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-03 at 12:22 pm

    སྐུ་དྲག་གསར་པའི་དུས་རབས་ཤར་བ་མ་རེད་དམ་ཧཧཧ

  2. ཀརྡོ་རབ་འབྱམས་པ་ says:
    2019-03-03 at 4:00 pm

    སྐུ་ངོ་། ནི། སྐུ་ངོ་མ། དང་། རྫུན་མའི་དོན་ལ་གོ་དགོས་པས་་་་་
    ་་་་་་་་་་་་་་ ང་ཚོའི་འགོ་ཁྲིད་ལ་སྐུ་ངོ་ཞེས་ལབ་དགོས་ཀྱི་མ་རེད། ་་་་་་་་་་་་

  3. ཟུར་གནས། says:
    2019-03-05 at 10:12 pm

    དི་རིང་ཁ་སང་སྐུ་ངོ་ལགས་ཅེས་འབོད་ན་འདོད་པ་དང་དོ་སྣང་མི་བྱེད། མཁས་དབང་ཞེས་འབོད་ན་དགའ་འགྲོ་གི་འདུག བྱས་ཙང་ངས་མཁས་དབང་འབུམ་རམས་པ་སྐུ་ངོ་དྲུང་ཆེ་ལགས་ཅེས་འབོད་སྟབས། ང་ལ་དམིགས་བསལ་མཉེས་པོ་གནང་གི་འདུག

    སྤྱི་ཐབ་ཀྱི་མ་བྱན་ཆེན་པོ་ལ། མཁས་དབང་མ་བྱན་ཆེན་མོ་ལགས་ཅེས་འབོད་སྟབས། དམིགས་བསལ་ཐུགས་འཁུར་གནང་གི་འདུག

  4. AྀBHARU JIGWANG says:
    2019-03-09 at 7:13 pm

    ༄༅། འཛམ་གླིང་གོ་ལ་འདིའི་སྟེང་དུ་ཞི་བདེ་ལྷིང་འཇག་ཞིག་ནམ་ཡང་མི་འདུག།
    དཔེར་ན། ཨ་རི་དང་་་རྒྱ་ནག་ ཨ་རི་དང་བྱང་ཀི་རི་ཡ། ཁེ་ན་ཀྲ་དང་་རྒྱ་ནག་
    རྒྱ་གར་དང་་་པ་ཀི་ཐན།
    ཝི་ན་ཛུ་ལའི་རྒྱལ་ཁབ་ནང་ཕྱོགས་ཁག་གཉིས་ཀྱི་དཀའ་རྙོག་བཅས་ལ་ལྟོས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme