Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་ཀརྨ་པ་ལ་ཕུལ་བའི་དྲི་བ་བཅུ་ནས་གསུམ་ལ་ངས་ལན་འདེབས་རྒྱུ་ཡིན

Posted on 2009-04-302009-05-04 By lungrik 10 Comments on རྒྱལ་བ་ཀརྨ་པ་ལ་ཕུལ་བའི་དྲི་བ་བཅུ་ནས་གསུམ་ལ་ངས་ལན་འདེབས་རྒྱུ་ཡིན

མེ་སྒྱོགས་རྒྱ་མཚོ་ནས།

རབ་གསལ་གྱིས་བྲིས་པའི་ “སྐལ་ལྡན་བློ་གྲོས་ཀྱི་བཅར་འདྲི།”ཞེས་པ་ཀློག་པའི་རྗེས་སུ་དྲི་བ་འདི་དག་གི་ཐོག་ཏུ་ངའི་བསམ་ཚུལ་འགའ་ཤིག་ཕྱི་ལ་བཏོན་ན་ཅི་མི་ཡོང་སྙམས། རྒྱལ་བ་ཀརྨ་པ་མཆོག་ལ་ཕུལ་བའི་དྲི་བ་བཅུའི་ནང་ནས་དྲི་བ་གསུམ་པ་དང་བཞི་པ་དང་ དྲུག་པ་བཅས་ལ་སུས་ལན་འདེབས་ན་འགྲིགས་ཀྱི་འདུག་པས་ངས་ལན་བརྒྱབ་ཀྱི་ཡིན། གསལ་བཤད་བྱ་རྒྱུ་ཞིག་ལ་ངས་ད་དུང་རྒྱལ་བ་ཀརྨ་པས་དྲི་ལན་ཅི་ཞིག་གསུངས་ཡོད་ མེད་ཉན་རྒྱུ་མ་བྱུང་། ངས་ལན་འདི་གསུམ་འབྲི་ཚར་བའི་རྗེས་སུ་ཁོང་གི་བཅར་འདྲི་ལ་ཉན་རྒྱུ་ཡིན། དེ་སྔོན་ཐེངས་འགའ་ཤིག་རྒྱལ་དབང་ཀརྨ་པའི་གསུངས་བཤད་ཉན་རྒྱུ་བྱུང་བས་ཁོང་ནི་ བློ་རིག་བཀྲ་ལ་བློ་ཁོག་ཡངས་པའི་བོད་མི་སྐྱེས་ཆེན་ཞིག་ཏུ་མཐོང་། གལ་སྲིད་ཁོང་གི་དྲི་ལན་དང་ངའི་དྲི་ལན་བར་ལ་འགལ་བ་ཡོད་ན་དགོངས་པའི་དཔྱད་གཞི་ རུ་འགྲོ་བ་ལས་དགོངས་པ་འཁྲུགས་གཞི་རུ་མི་འགྲོ་བའི་རེ་བ་ཆེ།

༣༽ མ་འོངས་པར་བསྟན་པ་འཛིན་ཕྱོགས་གསར་པ་ལ་དགོངས་བཞེས་ག་རེ་ཡོད།༼དམ༽

ངའི་ བསམ་པར་མ་འོངས་པར་བསྟན་པ་འཛིན་ཕྱོགས་ནི་ནང་པའི་བཀའ་བསྟན་བཅོས་དང་རང་རིགས་ ཀྱི་སྔོན་བྱོན་བླ་རྒན་དང་མི་རྒན་ཚོས་བྲིས་རྩོམ་རྣམས་དགོས་མཁོ་ལ་གཞིགས་ནས་ གོ་བདེ་བའི་བོད་སྐད་ཐོག་བསྒྱུར་རྒྱུ་དེ་རེད་བསམ། གལ་སྲིད་སྐྱབས་མགོན་རིན་པོ་ཆེ་མཆོག་ལྟ་བུས་ལས་གཞི་འདི་བརྩོམ་ཐུབ་ན་བོད་མི་ སེར་སྐྱ་རྒན་གཞོན་ཕལ་ཆེར་བས་མོས་མཐུན་ཡོང་གི་རེད་བསམ་གྱི་འདུག

ལས་ གཞི་འདི་གལ་ཆེ་བའི་རྒྱུ་མཚན་འགའ་བཤད་ན། གནད་དོན་འདིའི་ཐད་ལ་ཆོས་ལུགས་གཞན་དག་གི་ལོ་རྒྱུས་ནས་ལེགས་བཤད་མང་དག་ཞིག་ ལེན་རྒྱུ་འདུག་སྟེ་སྐབས་འདི་ནང་ཆོས་དང་འབྲེལ་བའི་ལོ་རྒྱུས་ཉུང་ཙམ་ཞིག་འདི་ བཀོད་ཀྱིན་ཡིན།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཁོང་གི་བཀའ་རྣམས་Pali སྐད་ནང་དུ་གསུངས་ཡོད་པ་ནི་རྗེས་འཇུག་པ་ག་ཚད་མང་མང་གིས་ག་ཚད་ལས་སླ་བའི་སྒོ་ནས་ཁོང་གིས་གང་གསུངས་པ་དེ་ཤེས་ཐུབ་པའི་ཕྱིར་ཡིན།

ང་ ཚོའི་མེས་དབོན་དམ་པ་རྣམས་ཀྱིས་སྐད་གསར་བཅད་ཚར་གསུམ་གནང་ནས་དུས་རབས་ཀྱི་ དགོས་མཁོ་ལ་གཟིགས་ནས་རྙིང་བསྒྱུར་གསར་བཏོད་གནང་བར་བརྟེན་ནས་དུས་རབས་མང་པོ་ ལ་བོད་ཡིག་གིས་ནང་ཆོས་ཀྱི་དགོས་མཁོ་བསྐོང་ཐུབ་ཡོད་།

གལ་ སྲིད་རྒྱ་གར་གྱི་སྐད་ཡིག་ནས་བོད་ཡིག་ཏུ་ནང་ཆོས་ཡང་དག་པ་ཞིག་བསྒྱུར་ཐུབ་ཀྱི་ ཡོད་ན་ག་རེ་བྱས་ནས་བོད་ཀྱི་བརྡ་རྙིང་དང་མེ་ལོང་མའི་ཞགས་ཐག་གིས་བཅིངས་པའི་ གོ་དཀའ་བའི་ནང་པའི་རྩོམ་ཆོས་ནས་གོ་སླ་བའི་བོད་ཡིག་ཏུ་བསྒྱུར་མི་ཐུབ་པ་མེད་། གལ་སྲིད་མགོན་པོ་ཀླུ་སྒྲུབ་ལྟ་བུས་མཛོད་པའི་ལྟ་བ་དང་གྲུབ་མཐའ་ཡི་རྩོམ་ཆོས་ དང་མ་གཅིག་ལབ་སྒྲོན་གྱི་བཅད་ཀྱི་ཆོལ་ག་ལྟ་བའི་རྩོམ་ཆོས་རྣམས་དབྱིན་ཡིག་ཐོག་ གོ་ལས་སླ་བའི་ཐོག་ནས་བསྒྱུར་ཐུབ་ན་ཅི་བྱས་ནས་བོད་ཡིག་ཐོག་ཏུ་ཡོད་པའི་གོ་ དཀའ་བའི་རྩོམ་ཆོས་རྣམས་བོད་ཡིག་རང་དུ་བསྒྱུར་མི་འོས་པ་མེད་། གལ་སྲིད་ང་ཚོ་བོད་ཀྱི་ནང་ཆོས་དང་བོད་ཀྱི་སྐད་ཡིག་ལ་དུས་རབས་དང་མཐུན་པའི་ལག་ འབྲེལ་ཞིག་མུས་མཐུད་གཏོང་མ་ཐུབ་པར་ནང་ཆོས་དང་བོད་མི་བར་དུ་བར་སྟོང་ཆེ་རུ་ ཆེ་རུ་འགྲོ་བ་ཡིན་ན་རྗེས་སུ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་མི་མང་པོ་ ཞིག་གི་ཁ་རྒྱུན་ལ་ཡོད་པའི་ག་རེ་བཤད་ན་”འབྲེལ་བ་གཅིག་ཡེ་མི་འདུག་ལོ”   ” འབྲེལ་བ་གཅིག་ཡེ་མིན་འདུག་ལོ” ཟེར་བ་ནང་བཞིན་ཆགས་རྒྱུའི་ཉེན་ཁ་ཏན་ཏན་འདུག ང་ཚོའི་བཙན་བྱོལ་ནང་གི་སློབ་གྲ་ནས་ཐོན་པའི་སློབ་ཕྲུག་ཚོས་ནང་ཆོས་ཀྱི་དེབ་ ཅིག་ཀློག་དགོས་ན་བོད་ཡིག་སྐྱུར་ནས་དབྱིན་ཡིག་ཏུ་ཡོད་པའི་ནང་ཆོས་ཀྱི་དཔེ་ཆ་ ཀློག་ན་ཤེས་ལས་སླ་བ་འདུག་ཟེར་མཁན་ཕལ་ཆེར་རེད་། གལ་སྲིད་ད་ལྟ་རྒྱུན་དུ་སྤྱོད་བཞིན་པའི་དབྱིན་ཡིག་འདི་ William Shakespeare སྐབས་ ཀྱི་དབྱིན་ཡིག་ནང་བཞིན་དུས་དང་མཐུན་པའི་འགྱུར་མདོག་ཕྱིན་མེད་དབྱིན་ཡིག་འདི་ ཡང་ད་སྐབས་ནང་བཞིན་གྱི་ཕུན་སུམ་ཚོགས་པོ་དང་དར་སྲོལ་ཆེན་པོ་ཞིག་ཆགས་ཡོད་ རྒྱུ་མ་རེད་སྙམས།

ཆོས་ལུགས་ཀྱི་ལྟ་བ་དེ་མི་དམངས་ཀྱིས་ཤེས་ལས་སླ་བོ་(accessible)ཞིག་ མེད་ན་བསྟན་པ་དར་རྒྱས་གཏོང་ཟེར་རྒྱུ་དེ་ཡང་དགོད་བྲོ་བའི་གཏམ་ཞིག་རེད་། དམིགས་བསལ་གྱིས་ནང་ཆོས་ནི་གང་ཟག་རང་ཉིད་ཀྱིས་སློབ་སྦྱོང་དང་ཉམས་ལེན་གཙོ་ཆེ་ བ་ལས་བླ་མའི་འཁྲིས་ནས་དབང་ཞུ་བ་ལྟ་བུ་དང་མོ་བརྒྱབ་ནས་ཨ་མཆོད་ཚོགས་པ་ལྟ་བུ་ བྱེད་སྡོད་ན་སངས་རྒྱས་བཅོམ་ལྡན་འདས་ཁྲོ་དགོད་ཤོར་བའི་རྒྱུ་ལས་མེད་།

གལ་ སྲིད་ནང་པའི་བསྟན་པ་འདི་ཡག་པོ་ཞིག་སྤེལ་དགོས་ཀྱི་ཡོད་ན་དེ་འཛིན་གྱི་དགེ་ འདུན་རྣམ་པ་ལ་སྡོམ་ཁྲིམས་དང་བསླབ་པ་ཉམས་ལེན་ཚད་དང་ལྡན་པ་ཞིག་དགོས། སངས་རྒྱས་པའི་ཆོས་བྱེད་དགེ་འདུན་པ་དང་བཙུན་མ་རྣམ་དག་ཞིག་བྱེད་འདོད་ན་དམར་ ཟས་སྤོང་དགོས་རྒྱུ་དེ་ཡང་སྔོན་འགྲོའི་ཆ་རྐྱེན་དུ་བཀོད་དགོས་དང་དགེ་ཚུལ་དང་ དགེ་སློང་གི་སྡོམ་པའི་གོ་དོན་ཤེས་པ་དང་ཤེས་ནས་རང་འགུལ་གྱིས་སྡོམ་པ་ཞུ་རྒྱུ་ དང་། སྡོམ་པ་གནང་མཁན་གྱིས་ཀྱང་མིག་བཙུམས་ནས་གནང་གང་ཐུབ་མི་བྱེད་པ་བསྡོམ་བྱའི་གང་ ཟག་ལ་བརྟག་དཔྱད་བྱ་དགོས། རྒྱལ་བ་ཀརྨ་པས་དམར་ཟས་སྤོང་རྒྱུ་ལ་ཐུགས་སྣང་ཆེན་པོ་གནང་གིན་ཡོད་གོ་སོང་བས་ དེར་དགའ་བསུ་ཞུ་འོས་པ་ཞིག་རེད་ལ་དེ་འདྲ་གནང་ཐུབ་ན་ནང་པའི་གཟི་བརྗིད་ཅིག་ རེད།

༤༽གལ་སྲིད་བོད་ནས་གྲྭ་པ་མུ་མཐུད་མ་ཡོང་ན། རྒྱ་གར་དུ་གྲྭ་རྒྱུན་ཆད་ཉེན་ལ་ཇི་དགོངས།

འཛམ་ བུ་གླིང་གི་ལོ་རྒྱུས་ནང་མི་འབོར་ལ་བཞིགས་ན་བོད་ལས་གྲ་བཙུན་མང་བ་གཅིག་ཀྱང་ མེད། རྒྱལ་ཁབ་ཅིག་ལ་ཆ་མཚོན་གྲ་བཙུན་རྣམས་ནི་ལས་མེད་ཀྱི་ཁོངས་སུ་ཚུད་ཀྱི་ཡོད་ལ་ བླ་བྲང་དང་དགོན་གཞིས་སོགས་ལ་དཔྱ་ཁྲལ་བསྡུ་རྒྱུ་མེད་པས་འགྲོ་སོང་ལས་ཡོང་འབབ་ མེད་།

བོད་ ནས་གྲ་བ་མང་པོ་ཞིག་རྒྱ་གར་ལ་ཡོང་། རྒྱ་གར་ནང་གི་གྲ་བ་དང་བླ་མ་མགོ་བདེ་བོ་དང་དཔེ་ཆ་དང་ཕྱི་རྒྱལ་སྐད་ཤེས་མཁན་ ཚོས་ཕྱི་རྒྱལ་དུ་བོད་པའི་ཆོས་དང་རིག་གཞུང་སྤེལ་གྱིན་ཡིན་མདོག་མདོག་གིས་རང་ གི་བླ་བྲང་དང་རང་གི་ནང་མིའི་ཁ་གསོ་བ་ལས་བོད་མི་སྤྱི་ཡོངས་ལ་ཕན་པའི་སློབ་གྲ་ དང་སྨན་ཁང་སོགས་སྤྱི་ཚོགས་ཞབས་ཞུ་སྒྲུབ་རྒྱུའི་འགན་འཁུར་མཁན་སྐུ་མདུན་རིན་ པོ་ཆེ་ལྟ་བུ་མ་གཏོགས་མིག་ལམ་དུ་མཐོང་རྒྱ ུ་མི་འདུག

མ་ ཟད་ནུའུ་ཡོག་ལྟ་བུ་ལ་ཆ་མཚོན་ན་གྲ་ཚང་ཁག་ནང་ལོ་བཅུ་བཅོ་ལྔ་སྡོད་ནས་འདི་ལ་ ཡོང་མཁན་གྲ་བ་བརྒྱ་ཕྲག་མང་པོ་ཡོད་ལ་མང་ཆེ་བ་ནི་རྒྱ་དཀར་ནག་དང་ཉི་ཧོང་སོགས་ ཀྱི་ཟ་ཁང་ནང་གི་ལས་ཀྱི་མཐའ་མ་ཞིག་འཛིན་རྒྱུ་རག་སོང་ན་ཐར་བའི་ལམ་སྣེ་ལ་ཟིན་ ལྟ་བའི་གནས་སྟངས་འདི་དག་ངོ་མ་རེད། འདི་འདྲ་ཞིག་ཆགས་པ་ཡིན་ན་ནི་ཚེ་འདི་ཕྱི་གཉིས་ཀྱི་འགྲོ་སྟངས་ཤོར་བ་རེད་། བོད་གཞུང་གིས་གྲ་བ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་རྒྱུ་མ་རེད་ལ་ཡོད་ན་ནི་ ནང་ཆོས་དང་དགོན་པ་དང་གྲ་བ་ཙམ་གྱི་གནད་འགག་མ་བལྟ་བ་འཆར་གཞི་འདི་འདྲའི་ང་ ཚོའི་བོད་ཀྱི་བུད་མེད་ཚོ་ལ་ཡོང་ཤུགས་ཅན་གང་ཐེབས་བསམ་བཞིགས་བྱ་རྒྱུ་གལ་ཆེ་བ་ མཐོང་།

ང་ ཚོ་བོད་ཀྱི་གནས་དོན་ལ་བསམ་བློ་གཏོང་དུས་གྲ་བ་དང་བླ་མ། ཆོས་ལུགས་དང་དགོན་པ་ཀྱང་ཀྱང་ལ་དོ་སྣང་སྤྲོད་པ་ལས་བོད་ཀྱི་བུད་མེད་ཀྱིས་ མཚོན་པའི་གནས་འགག་གལ་ཆེན་གཞན་ལ་གཞུང་སྒེར་གཉིས་ཀྱིས་དོ་སྣང་སྤྲོད་ཀྱི་མིན་ འདུག

རྒྱ་ ནག་གི་ལོ་ཉི་ཤུ་འོག་གི་མི་འབོར་ནང་དུ་བུ་མོ་ལས་བུ་ས་ཡ་སུམ་ཅུ་སོ་གཉིས་ཙམ་ མང་པ་ཡོད་པ་ནུའུ་ཡོག་དུས་བབ་དུ་ཉེ་ཆར་ཐོན་ཡོད་། རྒྱ་གར་རུ་གྲ་བ་ཡོང་ཁུངས་གཙོ་བོ་ཁམས་དང་ཨ་མདོའི་ས་ཁུལ་ཁ་ཤས་ལ་ཕོ་མོའི་གྲངས་ འབོར་ཆ་མི་མཉམ་པ་ཆགས་ཡོད་པ་མ་ཟད་ས་ཁུལ་འདི་དག་ནས་ཕོ་གསར་ཚོ་ལྷ་ས་སོགས་གྲོང་ ཁྱེར་ཁག་ཏུ་ཚོང་དུ་འགྲོ་ནས་དེ་གར་གནས་སྡོད་བྱེད་དེ་ཕྱི་མི་ལོག་པ་སོགས་ཀྱིས་ ས་ཁུལ་འདི་དག་གི་བུད་མེད་ཚོ་ལ་ཁྱོ་ག་མེད་པ་མང་ལ་། རྒྱ་ནག་ཏུ་མནའ་མ་འགྲོ་བ་དང་རྒྱ་མི་དང་མཉམ་སྡོད་བྱེད་པ་ད་སྐབས་གྲངས་འབོར་ ཉུང་ཉུང་ཡིན་ཀྱང་འདི་རིགས་ཇེ་མང་དུ་འགྲོ་ཡི་ཡོད་། མི་རིགས་འདི་འཆི་གསོན་གྱི་གནས་སྐབས་སུ་ཐུག་དུས་ཀྱང་ད་དུང་གྲ་བ་དང་གྲ་བ། བླ་མ་དང་བླ་མ་ཀྱང་ཀྱང་ཟེར་སྡོད་ན་བོད་འདི་དགོན་པ་ཞིག་ཡིན་ན་མ་གཏོགས་འོས་ ཞིང་འཚམས་པ་རྩ་བ་ནས་མི་འདུག

ཁྱེད་ རང་ཚོས་བྱེད་སྟངས་འདི་འདྲ་བྱེད་ཀྱིན་སྡོད་ན་གནས་སྐབས་རིང་ལ་གྲ་རྒྱུན་ཆད་ པའི་སེམས་ཁྲེལ་མི་འདུག་སྟེ་རྒྱུན་རིང་པོ་སྲིང་པའི་རེ་བ་ཡང་མི་འདུག གལ་སྲིད་གྲ་རྒྱུན་ཆད་ནའང་ཅི་ཧང་བསང་རྒྱུ་ཡོད་རེད་དམ། ནང་པའི་གྲ་བ་གཅིག་གིས་བོད་ཀྱི་རྒྱལ་རྒྱུད་དེ་བཅད་པ་མ་རེད་དམ། གྲ་རྒྱུན་བོད་དུ་འགོ་མ་བཙུགས་གོང་གི་དུས་རབས་དྲུག་པ་དང་བདུན་པ། བརྒྱད་བཅས་སུ་བོད་མི་ཚོའི་དཔའ་རྒོད་ཀྱི་དཔུང་པ་ངོམ་ནས་ཤར་དབུས་ཨེ་ཤ་ཡའི་ ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མགོ་སྒུག་མི་དགོས་པ་མཐོ་སྒོང་བོད་འདི་ཅི་འདྲའི་ སྲུང་སྐྱོབ་ཡག་མོ་ཞིག་བྱས་ཡོད་པ་གོ་མ་མྱོང་ངམ། ད་སྐབས་ང་ཚོའི་སྤྱི་ཚོགས་ནང་དུ་ཚེ་ཕྱི་མ་ལ་དོན་དག་ཞིག་འགྲུབ་རྒྱུ་ཡོད་མདོག་ མདོག་བཤད་མཁན་མང་པོ་ཞིག་འདུག་སྟེ་ཁ་ཡོད་ལག་ཡོད་ཀྱི་དུས་རབས་ཉི་ཤུ་རྩ་གཅིག་ པའི་བོད་པའི་འཚོ་བ་ཕན་པ་ཅི་ཞིག་འདུག

༦༽ཆོས་ལུགས་དང་ཆོལ་ཁའི་རྙོག་ཁྲ་སེལ་ཐབས་ག་རེ་ཡོད།

གལ་ སྲིད་ད་ལྟའི་བཙན་བྱོལ་སྤྱི་ཚོགས་དང་མ་འོངས་པའི་བོད་དུ་དམངས་གཙོ་གོ་དོན་ མཚུངས་པ་ཞིག་ཡོང་པ་ལ་ད་ལྟ་ནས་ཆོས་མེད་པ་སྲིད་རྐྱང་པའི་གཞུང་ཞིག་འཛུགས་དགོས་ རྒྱུ་དེ་རེད། ད་ཡོད་ཀྱི་བཙན་བྱོལ་སྲིད་གཞུང་འདི་ལ་ཆ་མཚོན་དང་། ང་དགུའི་གོང་གི་གདན་ས་གསུམ་དང་སྐུ་དྲག་གི་མི་ངོ་མཚོན་པའི་སྲིད་གཞུང་དང་ བསྡུར་ན་གནམ་ས་བླ་འོག་བསྒྱུར་བ་ལྟ་བུ་རེད་། འདི་ནི་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་རླབས་ཆེན་པའི་མཛད་འཕྲིན་ཞིག་རེད་། ད་ལྟ་སྐུ་མདུན་བཞུགས་ཡོད་པའི་གནས་སྐབས་འདི་ལ་གོམ་པ་གཉིས་པ་ཞིག་སྤོས་ནས་ཆོས་ ལུགས་དང་ཆོལ་ཁའི་འཐུས་མི་འདེམས་གཞི་མེད་པ་བཟོས་ནས་གཞི་ཆགས་ཁག་(ཕྱི་རྒྱལ་ལ་གནས་སྡོད་ཁག)ནས་ གྲངས་འབོར་ལ་བཞིགས་ནས་འདེམས་སྒྲུག་བྱེད་པའམ། ཡང་ན་ཆབ་སྲིད་ཚོགས་པའི་རྒྱུད་ནས་འདེམས་སྒྲུག་བྱེད་བའམ། ཡང་ན་གྲོས་ཚོགས་གོང་འོག་གཉིས་སུ་བགོས་ནས་གྲོས་ཚོགས་གོང་མའི་འཐུས་མི་ཚོ་བོད་ ནང་གི་ལུང་ཚན་ནམ་ཆོལ་ཁའི་གྲངས་འབོར་གཞི་བཟུང་བྱེད་པ་ཐག་གཅོད་ན་ཅི་འདྲ་འདུག

ཐུར་ མ་ནང་དུ་ཟ་ཆོག་ཆོག་གི་ཁ་ལག་སྤྲོད་མཁན་གཞན་སུ་ཡང་མེད་པས་ང་རང་ཚོ་རང་གིས་འགན་ ལེན་ནས་དཀའ་རྙོག་འདི་དག་གདོང་ལེན་བྱེད་ན་མ་གཏོགས་ཞི་མིའི་སྐྱག་པ་ས་ཡིས་བཀབ་ ལྟ་བའི་རྙོག་ཁྲ་ཡོད་ན་མེད་མདོག་མདོག་བྱེད་ཀྱིན་སྡོད་མ་རང་མགོ་རང་གིས་བསྐོར་ བ་རེད་།

ཆོས་ལུགས་ཁག་(This provision makes it unsustainable by its own right) ལ་སྤྱི་འཐུས་ནང་དུ་འཐུས་མིའི་ས་མིག་སྤྲོད་པ་(double representation)ནི་ དམངས་གཙོའི་ལྟ་བ་དང་འགལ་པ་རེད། ཆོས་ལུགས་ཁག་གི་འཐུས་མི་ད་དུང་ཡང་དམངས་གཙོ་སྲིད་གཞུང་ནང་དུ་འཛུལ་སྡོད་ཡོད་ པ་ནི་དེ་སྔོན་ཆོས་ལུགས་ཀྱིས་དབང་བསྒྱུར་ཡུན་རིང་དྲག་པའམ་ད་དུང་ཀྱང་ནང་ཆོས་ མེད་ན་བོད་མི་མེད་བསམ་པའི་བསམ་བློའི་འདུ་ཤེས་ལོག་པ་འཁྱེར་མཁན་མང་དག་ཞིག་ ཡོད་པའི་རྟགས་མཚན་རེད། ཆོས་དང་རིག་གཞུང་གང་ཞིག་ཡིན་ཀྱང་དེས་མི་དམངས་ལ་ཚུར་ཞབས་འདེགས་ཞུ་ཐུབ་ཀྱི་ མེད་ཚེ་དེ་ནི་སྐྱིར་བཞག་རྒྱུ་ལས་མི་དམངས་དེའི་གཡོག་པོ་དང་སྒོ་སྲུང་ལྟ་བུ་ ཆགས་ན་ང་ཚོའི་མི་ཚེ་སྟོང་ཟད་རེད་། ང་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་ཟེར་དུས་ལམ་སེང་མེད་དགག་བརྒྱབ་ནི་(It’s politically correct to outright deny the existence of sectarian and regional fractions). མི་ཐོག་འདིའི་དཀའ་ངལ་དང་རྙོག་ཟིང་མི་ཐོག་རྗེས་མ་འཁྱེར་མ་དགོས་པར་སེལ་ཐབས་བྱ་རྒྱུ་གལ་ཆེན་པོ་རེད་སྙམ།

གསར་འགྱུར།

Post navigation

Previous Post: ཁ་བ་ནག་པོ།
Next Post: ལོ་ངོ་ལྔ་བཅུའི་ན་ཟུག

Comments (10) on “རྒྱལ་བ་ཀརྨ་པ་ལ་ཕུལ་བའི་དྲི་བ་བཅུ་ནས་གསུམ་ལ་ངས་ལན་འདེབས་རྒྱུ་ཡིན”

  1. བསམ་ཤེས། says:
    2009-04-30 at 12:26 pm

    གཟིགས་དང་། ཁོང་ཚོས་འདྲི་བ་ཆུང་ཆུང་ཞིག་ལ་ཚིག་སྐོར་དེ་འདྲ་རྒྱག་བཞིན་འདུག

    ཨ་ནི། ཁ་སང་གསར་འགྱུར་གྱི་བརྒྱུད་ལམ་ཐོག ད་རེས་ཀྱི་སྐུ་ཚབ་དེ་ཕེབས་ཐེངས་ད་མཐའ་མ་དེ་ཆགས་སྲིད་པ་རེད་ཟེར་གྱི་འདུག ད་དུང་སྔོན་མ་སྐུ་ཚབ་ཐེངས་དྲུག་པའི་ཐོག་ལ་ཡིན་ནའི་རེད། ཡང་ཐེངས་བདུན་པའི་ཐོག་ལ་ཡིན་ནའི་རེད། གང་ལྟར་ཕར་ནས་ལན་གསལ་པོ་ཞིག་སྤྲད་མེད་དུས། ཕྱི་ལོག་ལ་སྡོད་མཁན་རྣམས་དང་། ལྷག་པར་བོད་པའི་ཐོག་རོགས་པ་བྱེད་མཁན་རྣམས་ཀྱིས་རྒྱ་ཕྱོགས་ཀྱི་གནང་སྟངས་དེར་དྭོགས་པ་ཞིག་མ་བཟའ་དཀའ་མེད་ཆགས་ཀྱི་ཡོད། དེ་འདྲས་སོང་ཙང་། ད་ད་རེས་རིན་པོ་ཆེ་མཆོག་དེ་གར་ཕེབས་ནས་རྒྱ་ཕྱོགས་ལ་ད་ཁྱེད་རྣམས་ཀྱི་ལན་གསལ་པོ་ཞིག་མ་རྒྱབ་ན་རྒྱལ་སྤྱིའི་ལྟ་ཚུལ་ལ་འགྱུར་བ་འགྲོ་སྲིད་པ་རེད་གསུངས་རྩིས་ཡོད་ན། དེ་མིན་ན། ད་རེས་ཕར་ཕེབས་ནས་གཞུང་ཕྱོགས་ཀྱི་ལན་གསལ་པོ་ཞིག་གནང་ནས་ཁོང་ཚོར་མཐའ་མའི་རྡ་ཚིག་ཞིག་སྤྲོད་རྒྱུ་ཡིན་ནམ། གང་ལྟར་ཕྱི་ནང་གང་ཡིན་ཡང་བོད་རྒྱའི་འབྲེལ་མ་འདི་ལ་འབྲས་བུ་མེད་པ་གཟིགས་མཁན་མང་པོ་ཡོད། ཁ་སང་ཨ་རིའི་མགྲིན་ཚབ་པས་ཀྱང་རྒྱ་ཕྱོགས་ལ་ཏ་ལའི་བླ་མ་དང་གྲོས་མོལ་མགྱོགས་མྱུར་བྱེད་དགོས་པའི་རེ་འདུན་གནང་ཡོད། དེར་བརྟེན་ད་རེས་བོད་ནང་གི་གནས་སྟངས་དང་། ཕྱིའི་གནོན་ཤུགས་ལ་བརྟེན་ནས་རྒྱ་ཕྱོགས་ཀྱིས་ལན་ཁ་གསལ་ཙམ་ཞིག་རག་རྒྱུའི་རེ་བ་སོགས་གནང་གི་མེད་དམ། དེ་མིན་ན། བོད་གཞུང་ཕྱོགས་ཀྱི་ལངས་ཕྱོགས་ལ་སྒྱུར་བ་གསར་པ་འདྲ་ཡོད་མིན་གཅིག་གསུངས་རོགས་གནང་།

  2. རབ་འབྱོར། says:
    2009-04-30 at 9:34 pm

    སྤྱིར་བཏང་གི་གསར་འགོད་པས་དུས་ཚོད་ཐུང་ཐུང་གི་ནང་ལ་སྐད་ཆ་ཉུང་ཉུང་བཤད་ནས་གནས་ཚུལ་མང་པོ་ལེན་ཐབས་བྱེད་ཀྱི་ཡོད། ང་ཚོའི་གསར་འགོད་པ་འདིས་དུས་ཚོད་རིང་པོའི་ནང་ལ་ཚིག་ཉོག་མང་པོ་བཤད་ནས་གནས་ཚུལ་ཉུང་ཉུང་ལེན་ཐབས་བྱེད་ཀྱི་ཡོད།

    སྤྱིར་བཏང་གི་གསར་འགོད་པས་བཅར་འདྲི་བྱེད་དུས་རང་གིས་སྐད་ཆ་ཉུང་ཉུང་བཤད་ནས་གཞན་ལ་སྐད་ཆ་མང་པོ་བཤད་དུ་འཇུག་རྒྱུ་ལ་བརྩོན། ང་ཚོའི་གསར་འགོད་པ་འདིས་བཅར་འདྲི་བྱེད་དུས་རང་གིས་སྐད་ཆ་མང་པོ་བཤད་ནས་གཞན་ལ་སྐད་ཆ་ཉུང་ཉུང་བཤད་དུ་འཇུག་རྒྱུ་ལ་བརྩོན།

    སྤྱིར་བཏང་གི་གསར་འགོད་པས་རང་གི་བསམ་ཚུལ་སྦས་ནས་གཞན་གྱི་བསམ་ཚུལ་མངོན་ཐབས་ལ་བརྩོན། ང་ཚོའི་གསར་འགོད་པ་འདིས་རང་གི་བསམ་ཚུལ་མངོན་ནས་གཞན་གྱི་བསམ་ཚུལ་སྦས་ཐབས་ལ་བརྩོན།

  3. ཀླུ་སྨྱོན། says:
    2009-04-30 at 10:44 pm

    ཨ་རོགས་ཚོ། འདི་ནི་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གཅིག་པོ་མ་རེད་ཡ། མཚོ་སྔོན་བོད་སྐད་རླུང་འཕྲིན་ཚང་གི་ལས་བྱེད་ཁག་ཅིག་གིས་ཀྱང་སྐད་ཆ་ཚང་མ་རང་གིས་བཤད་ནས་རྗེས་ཟློས་ཡོད་ཚད་མགྲོན་པོར་བྱེད་དུ་འཇུག་གིན་འདུག ཡིན་ན་ཡང་དེ་ཚང་གི་གསར་འགོད་པ་ཞི་མོ་ཞིག་འདུག་ག དེས་འབྲོག་པ་ལུག་རྫི་ཚོར་ཡིག་སྐད་དང་སྙན་ངག་བཀོལ་ནས་དྲི་བ་འདྲི་གི་རེད་མ་གཏོགས། དྲི་ཚིག་ཉུང་ཉུང་ཅན་ཞིག་རེད། གང་ལྟར་ཨེ་ཤི་ཡ་དང་ཨ་རིའི་སྒྲ་སྐད་གཉིས་ཀའི་བྱས་རྗེས་སུས་ཀྱང་བསུབ་མི་ཐུབ་པར་འདོད། ཞན་ཆ་རེ་ཡོད་སྲིད། མིའི་སྤྱི་ཚོགས་ཀྱི་ལས་ཀ་ཞིག་ཡིན་དུས།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-05-01 at 7:06 am

    ཁ་བརྡ་ཚང་གིས་དྲ་བདག་གིས་མཆན་མང་ཤོས་ཤིག་གསུང་ཚར་འདུག་འདི་གང་ཡིན་ནམ། སྐད་ཆ་བཤད་སྟངས་ལ་འགྱུར་བ་གཏོང་བར་སྐུལ་ལྕགས་བྱེད་ཀྱི་ཡོད་པ་རེད་དམ། སྐད་ཆའི་རིན་གོང་ཡང་ཆེ་ཆུང་ཡོད་པར་སྙམ་བཞིན་ཡོད་པ་རེད། རང་དབང་སྨྲ་བརྗོད་སྟེགས་པུ་ཟེར་བ་ནི་འདི་འདྲ་ལ་ཟེར་བཞིན་ཡོད་པ་ནི་ཡིན་སྲིད་དམ།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2009-05-01 at 7:07 am

    གསུབ་ཚར་འདུག་

  6. དགེ་འདུན་རབ་གསལ་ says:
    2009-05-01 at 7:44 am

    བོད། ལྷ་ཀླུ་གཉན་གསུམ་ཞུ་མཁན་ལགས།
    རྩོམ་གང་ཞིག་གསུབས་འདུག དེ་གསུངས་རོགས་གནང་། ངེད་ཀྱིས་དྲ་གྲོགས་གཞན་ཚོ་དང་ལྷན་དུ་འདྲི་བརྩད་ཞུས་ཆོག

  7. བོད། ལྷ་ཀླུ་གཉན་གསུམ། says:
    2009-05-01 at 8:23 am

    རྩོམ་ཡིག་གསུབ་འདུག་ཟེར་ནས་བཤད་མེད། རྩོམ་ཡིག་འདི་ལ་བཏབ་པའི་མཆན་པུ་སྔོན་མ་དེ་དག་གང་དུ་སོང་བ་རེད་ཅེས་དྲིས་པ་ཡིན་ལགས། གལ་ཏེ། དེ་ཉིད་འདྲི་ནོར་ཤོར་མེད་འདོད་ཡོད། གལ་ཏེ་ཤོར་ཡོད་ན་ནི་སྐུ་ཉིད་ཀྱིས་གསལ་བཤད་བྱས་པ་ཡིན་ན་ནི། དགོངས་སེལ་ཞུ་དགོས་སར་དགོང་སེལ་ཞུ་ལོས་དགོས།

  8. དགེ་འདུན་རབ་གསལ་ says:
    2009-05-01 at 8:27 am

    ཨོ་ལགས་སོ།
    སྐལ་ལྡན་བློ་གྲོས་ཀྱི་བཅར་འདྲི་ཞེས་པའི་རྩོམ་དང་། སྐལ་ལྡན་བློ་གྲོས་ཀྱི་བཅར་འདྲི་བཀླགས་རྗེས་ཞེས་པའི་རྩོམ་ཡིག་གཉིས་བཀོད་འདུག དེ་དག་སོ་སོའི་མཆན་བུ་བཏབ་པ་རྣམས་རང་འཇགས་གནས་ཡོད་པས་དེ་དང་དེ་ལ་གཟིགས་འཚལ་ཞུ།

  9. རབ་འབྱོར། says:
    2009-05-01 at 8:42 am

    ཀླུ་སྨྱོན་ལགས།
    ངས་གོང་དུ་སྤེལ་བའི་ཚིག་དོན་དེ་དག་ནི་བསམ་ཤེས་ལགས་ཀྱིས་དྲངས་པའི་བཅར་འདྲིའི་ཚན་པ་དེ་གཅིག་པོ་དེ་ལ་ཡིན་སྟབས་ངས་་་ང་ཚོའི་གསར་འགོད་པ་འདིས་་་་ཞེས་གསལ་ཁ་བཏོད་ནས་བཤད་ཡོད།་་་ངའི་ཚིག་དོན་དེ་དག་ཨེ་ཤ་ཡ་རང་དབང་རྒྱང་བསྒྲགས་སྤྱི་ཡོངས་མ་གོ་རོགས་གནང་།་་་ངས་བསམ་ཤེས་ལགས་ཀྱིས་དྲངས་པའི་ཚིག་དོན་དེའི་བདཨག་པོ་གསར་འགོད་པ་སུ་ཡིན་པ་ཡང་ཤེས་མེད།

  10. གཞིས་ལུས་བོད་པ། says:
    2009-05-01 at 8:53 pm

    ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཀུན་གླེང་ལས་རིམ་ལྟ་བུའི་བརྙན་འཕྲིན་ལས་རིམ་ཞིག་དང། ཨ་རིའི་རྒྱང་སྲིང་ལས་ཁུངས་ལ་ཨེ་ཤེ་ཡ་ལྟ་བུའི་བོད་ཡིག་གི་དྲ་ཚིགས་ཤིག་ཡོད་ན་ཟེར་ནས་བསམ་འཆར་བཤད་མཁན་མང་དུ་འདུག་པས་ལས་ཁུངས་གཉིས་ཀྱི་དབུ་ཁྲིད་རྣམས་ཀྱིས་ཐུགས་ལ་འཇགས་རོགས་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme