Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐར་ལྔའི་དར་དམར་དང་གླིང་ཚ་མ་བུ་གསུམ།

Posted on 2012-05-12 By ཁ་བརྡ་ 14 Comments on སྐར་ལྔའི་དར་དམར་དང་གླིང་ཚ་མ་བུ་གསུམ།

ནམ་མཁའ།

ཁ་སང་དེ་རིང་གླིང་ཚ་མ་བུ་གསུམ་གྱིས་སྐར་ལྔའི་དར་དམར་འཕྱར་བ་ལ་གླེང་སློང་འདྲ་མིན་བྱེད་ཀྱི་འདུག་པས་འདིའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་ཕྲན་བུ་ཞིག་བཤད་འདོད་བྱུང་།

ངས་འདི་གར་ཐོག་མར་བརྗོད་འདོད་པ་ཞིག་ནི།གླིང་ཚ་མ་བུ་གསུམ་གྱི་སྙིང་སྟོབས་དང་དེ་རིང་གི་དཀའ་ངལ་ཡིན། གླིང་ཚ་ཁོས་ཨེ་རྫེ་རལ་ནས་རང་གི་བུ་ཕྲུག་དང་བཟའ་ཟླ་སོགས་བཞག་སྟེ། མི་གཅིག་གི་ནུས་པ་ཐོན་མིན་ལ་མ་བལྟས་བར་བོད་མི་རིགས་ཀྱི་བདེ་སྡུག་ཆེད་ཞི་བའི་གོམས་བགྲོད་ཞུགས་པ་འདི་ནི་ཆེས་ཤིན་ཏུ་སྙིང་སྟོབས་སྐྱེས་བ་ཞིག་རེད།

མི་སུ་ཡིན་རུང་རང་གི་བུ་ཕྲུག་དང་བཟའ་ཟླའི་བདེ་སྡུག་ལ་བསམ་གཞིགས་མི་བྱེད་མཁན་དཀོན་པོ་ཡིན། ཡིན་ཡང་རང་གི་ཤ་ཁྲག་ལས་གྲུབ་པའི་སྙིང་གི་བུ་ཕྲུག་གཉིས་བློས་བཏང་སྟེ་མི་རིགས་ཞིག་གི་བདེ་སྡུག་ལ་བསམ་གཞིགས་བྱེད་པ་འདི་རླབས་ཆེ་བའི་བསམ་བློ་ཞིག་མ་ཡིན་ནམ།

ཐོག་མར་རྡ་ས་ནས་ལམ་ལ་ཆས་ཏེ་གོམས་བགྲོད་བྱེད་དུས། གཞོན་ནུ་དང་བོད་མི་མང་པོ་ཞིག་གིས་མིག་ཆུས་སྐྱེས་མ་བྱེད་ཀྱི་ཡོད་པའི་འདྲ་པར་ཡང་མཐོང་སོང་བས་ངའི་སེམས་ནང་རང་དབང་མེད་པར་སྐྱོ་སྣང་ཞིག་སྐྱེས།

ལྷག་པར་ཁོའི་ཨ་མ་ལྡོམ་པོ་སྐྱིད་དང་གཅུང་མོ་གཉིས་ཀྱིས་ཀྱང་རང་དབང་དྭངས་བླངས་ཀྱིས་ཁོའི་མཉམ་དུ་ཞི་བའི་གོམས་བགྲོད་ལམ་དུ་ཆས་དུས།ངའི་སེམས་ནང་ཁོའི་གཅུང་མོ་ལོ་ན་ཆུང་བས་ད་རུང་སློབ་སྦྱོང་ཞིག་མུ་མཐུད་ནས་བྱས་ན་བསམ་པ་ཞིག་རང་དབང་མེད་པར་ཡིད་ལ་འཁོར་བྱུང་།

དེ་ནི་གལ་སྲིད་ཁོ་མ་བུ་གསུམ་གྱི་དམིགས་ཡུལ་ཡག་པོ་མ་འགྲུབ་པར་ཕྱིར་རྡ་ས་སླེབས་པའི་ཉིན་མོ་གཅུང་མོ་སློབ་གྲྭ་ནང་ཚུད་ཀྱི་ཡོད་མེད་བཤད་དཀའ་བ་ཞིག་ཡིན།འདི་ནི་སྔོན་མ་ལོ་རབས་དགུ་བཅུའི་ནང་ཞི་བའི་གོམས་བགྲོད་ཐོག་མ་འགོ་བརྩམས་དུས་གསོག་སྒར་སློབ་གྲྭའི་སློབ་མ་མང་པོ་ཕྱིན་ཏེ།
ལྡི་ལི་བར་དུ་གོམས་བགྲོད་བྱས་བ་རེད།ལྡི་ལི་ནས་བཀག་སྟེ་འགྲོ་མ་ཐུབ་པས་ཆ་ཚང་ཕྱིར་ཡོང་དགོས་བྱུང་།དེ་དུས་གསོག་སྒར་གྱི་སློབ་མ་ཚོ་ཕྱིར་སློབ་གྲྭ་ནང་མ་ཚུད་པར་གནས་དབྱུངས་བྱས་བས་དཀའ་ངལ་མང་པོ་འཕྲད་ཡོད།

རྒྱུ་མཚན་འདི་འདྲ་ཞིག་ལ་བསམ་བློ་བཏང་དུས་གླིང་ཚ་ཁོའི་གཅུང་མོའི་མ་འོང་བའི་མདུན་ལམ་དེའི་ཕྱོགས་ལ་བསམ་བློ་འཁོར་མྱོང་། ཡིན་ཡང་གཅུང་མོའི་སློབ་སྤྱི་དང་མི་ཁ་ཤས་ཞིག་ཁོང་ཚོར་འཚམས་འདྲི་སོང་བས་འདྲ་པར་ཞིག་དང་གནས་ཚུལ་ཞིག་མཐོང་དུས་མོའི་སློབ་སྤྱིས་ཁྱེད་རང་ག་དུས་སློབ་གྲྭ་ཡོང་ན་སྒོ་ཕྱེ་ཡོད་ཟེར་བས་གནས་ཚུལ་མཐོང་བས་ངའི་སེམས་ནང་སྤྲོ་སེམས་རབ་ཏུ་འཁོལ།

ཐབས་སྐྱོ་བ་ཞིག་ལ་དེ་རིང་གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ན་ནས་སྨན་ཁང་དུ་བསྐྱལ་འདུག་པ་ཐོས་དུས་ངའི་སེམས་རང་དབང་མེད་པར་སྐྱོ་སོང་ལ།

ཁོང་ཚོར་རོགས་རམ་གྱི་ཕྱོགས་ནས་དཀའ་ངལ་སེལ་བ་ལ་མི་དམངས་དང་གཞུང་གི་ངོས་ནས་ག་རེ་གནང་གི་ཡོད་མེད་ཀྱི་གནས་ཚུལ་གསལ་བོ་མ་ཤེས་ཀྱང་།གཞོན་ནུས་གསལ་བསྒྲགས་ཞིག་ལ་ཁོང་ཚོའི་དམར་ཕྱོགས་ཀྱི་དར་དམར་འཕྱར་ནས་འགྲོ་གི་འདུག་པས་དེ་ལ་ངོས་ལེན་མེད་ཚུལ་དང་ངོ་རྒོལ་ཡོད་པའི་གནས་ཚུལ་ཞིག་དྲ་ཐོག་ནས་མཐོང་སོང་།

སྤྱིར་གཞོན་ནུས་གསལ་བསྒྲགས་ལ་ངོ་རྒོལ་དང་གླིང་ཚ་མ་བུ་གསུམ་གྱི་དར་དམར་འཕྱར་བ་ལ་དབུ་ལམ་ཚོགས་པ་བཞིན་རྒྱབ་སྐྱོར་སོགས་གང་མེད། ཡིན་ཡང་གླིང་ཚ་ཁོ་རང་ལ་འགྲེལ་བཤད་དང་དམིགས་ཡུལ་ཡོད་པ་སྨྲས་མ་དགོས་བ་རེད། ཁོས་དར་དམར་འཕྱར་བ་དེས་རྒྱ་གཞུང་ལ་དགའ་བའི་རྣམ་པ་ཞིག་རེད་ནམ་ཡང་དྲན་གྱི་མི་འདུག
མ་ཟད་ངས་ཐོག་མ་ནས་བོད་ཀྱི་རྒྱལ་དར་གཅིག་པོ་ཁྱེར་ན་འགྲིག་གི་འདུག་བསམ་སོང་།

རྒྱ་དཀར་ནག་དར་ཆ་དང་བལ་ཡུལ་དར་ཆ་གང་ཁྱེར་དགོས་བའི་དམིགས་བསལ་གྱི་དོན་ཞིག་མི་འདུག་ལ་ལྗིད་ཁོག་ཆེ་བ་ཁོ་ན་བསམ་ནས་དེ་རིང་བར་ཚིག་གཅིག་གིས་བཟང་ངན་གང་ཡང་བཤད་མེད་མོད།ཡིན་ཡང་ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་བྱས་ཏེ།ཉིན་ལྟར་གནས་ཚུལ་རེ་ཤེས་ཆེད་དྲ་ཉུལ་བྱས་བ་ཡིན།

ཡིན་ཡང་ཐབས་སྐྱོ་བ་ཞིག་ལ་རྒྱ་གར་ས་མཚམས་བརྒལ་ནས་བལ་ཡུལ་ས་ཐོག་ལ་འབྱོར་དུས། བལ་དམག་གིས་བཀག་པའི་གནས་ཚུལ་འདུག་པས་ཤིན་ཏུ་བློ་ཕམ་བྱུང་ལ། འགག་སྒོ་དེ་ནས་ཐར་ཐབས་ལ་གཞོན་ནུ་དང་གྲོས་ཚོགས་ཀྱིས་ཐབས་ལམ་བྱེད་ཀྱི་མི་འདུག་པར་དར་དམར་ཁྱེར་བ་ལ་གཏམ་གླེང་འདྲ་མིན་བྱས་སོང་བས་བློ་ཕམ་བྱུང་།
སྤྱིར་དམངས་གཙོའི་འགྲོ་ལུགས་ལྟར་སྨྲ་བརྗོད་ཀྱི་རང་དབང་ཡོད་པས་གང་བཤད་པ་ལ་ངོ་རྒོལ་བྱེད་དགོས་དོན་མི་འདུག

ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ནས་བཤད་ན། གཞོན་ནུས་ངོ་རྒོལ་དང་དབུ་ལམ་ཚོགས་པས་དེས་ཁ་གཏད་ལྟ་བུས་རྒྱབ་སྐྱོར་བྱེད་དགོས་དོན་ཡང་མི་འདུག་སྙམ།

གང་གིས་ཟེར་ན་༢༠༠༨ལོར་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་དྲག་དམག་ལྷ་སར་འབྱོར་དུས།
ལྷ་སའི་གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ཀྱིས་དྲག་དམག་ཚོ་ཕེབས་བསུར་ཁ་བཏག་བཟུང་སྟེ་ཕེབས་བསུ་བྱས་བའི་འདྲ་པར་དང་བཅས་བ་འོད་ཟེར་ཟིན་བྲིས་སྟེང་ཡོད་པ་ཚང་མས་མཐོང་ཡོད།

ཡིན་ཡང་དེ་དུས་བཙན་བྱོལ་གཞུང་ན་གྲགས་འགུལ་མི་འདུག་ལ་དྲ་ཐོག་གི་དྲ་མཆན་པ་ཚོ་ཡང་གྲགས་འགུལ་མི་འདུག ད་རུང་ཡང་དར་དམར་ལ་རྒྱབ་བཅོལ་བའི་སྐུ་དྲག་ང་ཕོད་འདས་དུས་བཀའ་ཤག་གིས་མྱ་ངན་འཚམས་འཕྲིན་བསྐུར་དུས་ཡང་གཞོན་ནུ་གྲགས་འགུལ་མེད་ལ་མི་དམངས་ནང་ཁུལ་ན་ཡང་དེ་ཙམ་གྲགས་འགུལ་མི་འདུག

དེ་རིང་མི་ཉམས་ཆུང་གསུམ་གྱིས་སེམས་ཤུགས་ཀྱིས་ས་ལེ་དབར་མང་པོ་རྐང་བགྲོད་བྱས་བའི་དཀའ་ངལ་དང་སྡུག་བསྔལ་ལ་གདུང་སེམས་ཉམས་བསྐྱེད་བྱེད་རྒྱུ་ལས་དར་དམར་ཁྱེར་བ་ལ་ཁ་ཤས་ཀྱིས་ལག་རྗེས་རྐང་བསུབ་བྱས་སོང་ཟེར་བ་ལ་ལྟས་ན། བོད་མི་དམངས་ཕལ་ཆེར་གྱིས་བཟང་དང་ངན་གཉིས་ལས་ངན་དེ་ཐོག་མར་མཐོང་མཁན་ཞིག་རེད། འདི་ནི་བཟང་ངན་གཉིས་ལས་གང་ཤུགས་ཆེ་བ་འདུག་དེར་བསམ་གཞིགས་བྱེད་རྒྱུ་གལ་ཆེན་རེད་སྙམ། གལ་སྲིད་དེ་རིང་མ་བུ་གསུམ་འདི་མི་ཚང་ཕྱུག་པོ་དང་སྐུ་དྲག་གི་རྒྱུད་པ་ཞིག་ཡིན་ཚེ།གཞོན་ནུ་དང་
གྲོས་ཚོགས་ཀྱིས་གཏམ་བརྗོད་ག་རེ་བྱས་ཡོད་དམ། གང་ལྟར་མི་ཉམས་ཆུང་གིས་རང་སྲོག་འབེན་དུ་བཞག་སྟེ་འཐབ་རྩོད་བྱས་ན་ཡང་སྐྱོན་ཕྲན་བུ་རེ་མཐོང་ཚེ་གང་བྱས་བའི་ལག་རྗེས་ཐམས་ཅད་གཞུང་དམངས་གཉིས་ཀྱིས་ནུས་མེད་དུ་གཏོང་དགོས་དོན་གང་ཡིན་ནམ། གང་ལྟར་ཀྱང་ཁོང་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་ཡོད་ལ། ཁྱེད་མ་བུ་གསུམ་ལམ་ཁའི་འགག་སྒོ་སོགས་ནས་དཀའ་ངལ་མི་འཕྲད་པའི་སྨོན་ལམ་དང་བཅས།
ནམ་མཁས་ཡོ་རུབ་ནས་༡༢/༥/༢༠༡༢་ལ་བྲིས།

སྣ་ཚོགས།

Post navigation

Previous Post: བློ་དང་གློ་བ།
Next Post: རྡ་སའི་ཚོགས་སྐྱིད་ཁག་༡༡་གིས་ཚེ་རྡོར་མ་བུ་ཚོར་རེ་སྐུལ་ཞུས།

Comments (14) on “སྐར་ལྔའི་དར་དམར་དང་གླིང་ཚ་མ་བུ་གསུམ།”

  1. མེ་ཏོག་དཀར་པོ། says:
    2012-05-12 at 11:19 am

    སྐུ་དྲག་རིང་ལུགས་འཇུག་བསྡུས་མི་ལོ་༥༠ ལྷག་ཕྱིན་སོང་། ད་ནམ་མཁས་ག་རེ་བསམ་ནས་སྐུ་དྲག་ཡིན་ན། ཡོད་ན་འདྲ་པོ་བཤད་གི་ཡོད། ཐུགས་རྗེ་གཟིགས། ཡོད་ན། ཡིན་ན། བྱུང་ན། ཟེར་བ་འདྲ་བོ་བཤད་ནས་མ་འདུག

  2. ཁ་བ་འཚོ says:
    2012-05-12 at 12:16 pm

    མེ་ཏོག་དཀར་པོསད་རུང་སྐུ་དྲག་ངོས་འཛིན་བྱེད་ཤེས་ཀྱི་མི་འདུག སྔོན་མ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཡིས་འདི་འདྲ་ཞིག་བཤད་པ་ཐོས་མྱོང་།བཙན་བྱོལ་གཞུང་མི་ཚང་གསུམ་གྱིས་བཟུང་འདུག་གསུངས་པ་རེད།
    ཁྱེད་ཀྱིས་གཞུང་གི་ལས་ཁུང་དག་གི་གནད་ཡོད་ཚོར་ཞིབ་ལྟོས་བྱས་དང་ད་གཟོ་ཁྱེད་ཀྱིས་སྐུ་དྲག་རིང་ལུགས་དང་སྐུ་དྲག་ངོས་འཛིན་བྱེད་ཐུབ།

  3. མེ་ཏོག་དཀར་པོ། says:
    2012-05-12 at 1:02 pm

    འབྱོན་ཐང་ཡོད་ན་སུས་བཟུང་ནའང་འགྲིག་གི་རེད་པ། སུས་འབྱོན་མ་རེད་དམ། བཀའ་ཤག་ནང་བཀའ་བློན་ཚང་ཁྱིམ་ཚང་གཅིག་སྤུན་མཆེད་ཡིན་ནའང་འགྲིག་གི་འདུག་ག སྟག་འཚེར་རིན་པོ་ཆེས་གསུངས་དང་མ་གསུངས་ཁྱད་པར་མེད།
    དམངས་སྐྱོ་བ་ཞིག་རང་བཀའ་བློན་དང་བཀའ་ཤག་སོགས་མཐོ་རིམ་ལས་སྣེ་ལ་དགོས་ཟེར་ན་དམངས་གཙོ་ཡང་དག་པ་ཞིག་ཏུ་ངོས་འཛིན་མི་ཐུབ། ལར་ནས་བཙན་བྱོལ་བོད་གཞུང་ཁྱིམ་ཚང་ཆེན་པོ་གསུམ་གྱིས་བཟུང་ཡོད་མེད་མི་ཤེས། གཉིས་ནས་ཁོང་ཚོ་སྐུ་དྲག་ཡིན་པ་གཏན་ནས་ཁས་མི་ལེན།

  4. མེ་ཏོག་དཀར་པོ། says:
    2012-05-12 at 1:07 pm

    བཙན་བྱོལ་བོད་མིའི་སྒྲིག་འཛུག་ལ་ཡིད་ཆེས་ཡོད། དམངས་གཙོ་ཚད་ལྡན་རེད། ངས་ལས་སྣེ་ཞིག་ལ་ཞུགས་རྒྱུའི་སྙན་ཞུ་ཕུལ་ཡང་ཆ་རྐྱེན་མ་ཚང་བས་ཞུགས་ཐུབ་མ་སོང་བར་སྒྲིག་འཛུག་ལ་ལྷག་པར་ཡིད་ཆེས་སོང་། བོད་རྒྱལ་ལོ། དམངས་གཙོ་རྒྱལ་ལོ།།

  5. ལ་རྒྱའི་བདག་པོ་ says:
    2012-05-12 at 2:58 pm

    སྐུ་དྲག་རིང་ལུགས་ ༡༩༥༩ ནས་མཇུག་སྒྲིལ་ཟིན་པ་རེད།
    རྡ་རམ་ས་ལའི་སྐུ་དྲག་ཡིན་ཟེར་མཁན་ཚོར་ཡང་ནང་ཁུལ་སྡུག་པོ་མཐོང་ཡོད་པ་འདྲ། ཟུར་ཁང་དང་། གཡུ་ཐོག ཕོ་ལྷ་སོགས་ཀྱི་མི་ཚེའི་ལོ་རྒྱུས་ཡ་ང་བ་དེ་ཚོར་ལྟོས་དང་ཤེས་ཐུབ། རྐུན་མ་གཞན་རྒྱུར་མ་འཆམ་ཟེར་བ་ཅིས་ཀྱང་བདེན། དགའ་ལྡན་ཕོ་བྲང་གིས་མི་དམངས་ནས་འཕྲོག སྐུ་དྲག་ཚོས་དགའ་ལྡན་ཕོ་བྲང་ནས་བརྐུས།
    ཨམ་ཕྲུག་ཡབ་གཞིས་རྒྱ་ལོ་དང་རྒྱུགས་ཁྱི་ཁམས་ཕྲུག་ཁ་ཤས་དབར་དགའ་ལྡན་ཕོ་བྲང་གི་གསེར་བརྐུས་པ་བགོ་བཤའ་རྒྱག་རྒྱུར་མ་མཐུན་པར་ནང་འཁྲུག་གསོད་རེས་བཏང་། དེའི་ཡན་ལག་རྒྱས་ནས་ཁམས་པ་དང་ཨ་མདོའི་ནང་ཁུལ་དམག་འཁྲུག་ལངས། གང་ལྟར་དེ་སྔོན་གྱི་ལོ་རྒྱུས་བསྔོགས་ན་ཆོལ་ཁ་གསུམ་ཀའི་མི་ཆེན་ཚོར་རྩ་ཚང་བ་ཕལ་ཆེར་མེད་པ་འདྲ། དེ་བས་དེ་ཚོ་ཚང་མ་གཡུགས་ཞོག
    གླིང་ཚ་མ་བུ་གསུམ་བཞིན་དམངས་ཕན་ལས་འགུལ་འདྲ་སྤེལ་དང་ཨ་མའི་བུ་རྒོད་ཚོ།

  6. བསྟན་འཛིན་ཤེས་རབ། says:
    2012-05-12 at 3:04 pm

    དེ་ག་རང་རེད་ཞུ་རྒྱུ་ཡིན། མ་ཟད་ཕར་ལྟོས་སོང་ན་ང་ཚོར་རེ་བ་ཆེན་པོ་ཅང་མེད་པ་འདྲ་་་་

  7. ཡུལ་གྱར་བ says:
    2012-05-12 at 7:05 pm

    ནམ་མཁའ་ལགས་ཀྱིས་མཐའ་དང་རྒྱང་ནས་བསྐོར་སྟེ་ཇི་ཙམ་བཤད་ཀྱང་མ་འགྲིགས་པ་ཚང་མ་གཞོན་ནུའི་མགོར་གཡོགས་འདུག འོན་ཀྱང་གཞོན་ནུའི་ངོ་རྒོལ་འདི་གང་ཟག་བཟང་ངན་ལ་ལྟོས་མེད་ལ་གླིང་ཚ་མ་བུ་གསུམ་གྱི་ཞི་བའི་གོམ་བགྲོད་ལའང་མིན། དེ་ནི་སྲིད་དབང་སྒེར་འཛིན་གྱིས་མཚོན་དོན་ལོག་པའི་དར་ཆ་འདི་ཉིད་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་སྟེ་མེ་རུ་བསྲེགས་ནས་ཟླ་ཤས་ལས་མ་སོང་བའི་སྐབས་འདིར་ལས་འགུལ་བ་ཞིག་གིས་སྔ་ནས་དར་མྱོང་མེད་པའི་དགྲ་བོའི་དར་ཆ་མཁའ་དབྱིངས་སུ་སྒྲེང་སྟེ་ཕེབས་བཞིན་པའི་ལས་འགུལ་རྩོམ་སྟངས་ལ་ངོ་རྒོལ་སྤེལ་བ་ལས་སྤྱིར་ན་ཁོང་ཚོའི་ལས་འགུལ་ལ་ངོ་རྒོལ་བྱེད་བཞིན་ཡོད་བཟོ་མི་འདུག འདི་ནི་རྡ་ས་ནས་འགོ་འཛུགས་སྐབས་གཞུང་དང་མི་དམངས་དེ་བཞིན་ཚོགས་སྡེ་ཡོངས་ནས་སྐྱེལ་བ་གནང་བས་ཤེས། གླིང་ཚ་མ་བུ་གསུམ་གྱི་ལས་འགུལ་ལ་རྒོལ་མཁན་དང་ནག་གསུབ་གཏོང་མཁན་དེ་ཁ་ཁོག་མཚུངས་པའི་གཞོན་ཚོགས་མ་ཡིན་ཁ་འཇམ་ཁོག་རྩུབ་དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བའི་མི་སྣ་ངན་རྒུ་འཛོམས་པའི་ཚོགས་པ་འདི་ཡིན་པ་ཤེས་པར་གྱིས།

  8. ལུང་རྟོགས། says:
    2012-05-13 at 12:35 am

    ནམ་མཁའི་སྐད་ཆ་ལ་བདེན་ཆ་འདུག ང་ལ་མཚོན་ན་རྒྱ་མིའི་རྒྱལ་དར་འཕྱར་བ་དེ་ངོས་ལེན་ཞུ་མི་ཐུབ་ན་ཡང་། དེ་ཙམ་གྱིས་གླིང་ཚ་མ་སྨད་གསུམ་ནས་ད་བར་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་མཛད་རྗེས་ནག་གསུབ་དང་། ཁ་རྡུང་གཏོང་བ་སོགས་བྱས་ན་ལས་རྒྱུ་འབྲས་ལ་འགྲོ་བའི་བྱེད་སྟངས་མ་རེད་སྙམས། ད་དུང་རྒྱ་མིའི་རྒྱལ་དར་འཕྱར་བ་འདི་དབུ་མའི་ལམ་ལས་འགུལ་ཁང་ཞེས་པ་འདིས་རྒྱུད་བསྐུལ་བྱས་པ་ཞིག་མིན་པའི་ངེས་པ་མི་འདུག

  9. གཉན་གཡག་ཕྲུག says:
    2012-05-13 at 2:03 am

    ༄༅།། ནམ་མཁའ་ལགས། མ་གཞི་གླིང་ཚ་མ་བུ་གསུམ་ལ་རྒྱབ་བསྐྱོར་དང་རྗེས་སུ་ཡིད་རངས་ཡོད། འོན་ཀྱང་རྒྱ་མིའི་རྒྱལ་དར་འཁྱེར་བ་དེར་ངོ་རྒོལ་ཡོད། གང་ཡིན་ཟེར་ན་ཁོང་ཚོའི་གོམ་བགྲོད་དེ་དང་པོ་རྡ་ས་ནས་སུམ་བཅུའི་དུས་དྲན་ཉིན་མི་སྒོ་གཙུགས་པ་རེད་དེ་དུས་རྒྱ་མིའི་རྒྱལ་དར་འཁྱེར་མེད་། ལྡི་ལི་ནས་གོམ་བགྲོད་བྱས་པ་དེ་ནས་བཟུང་རྒྱ་མིའི་རྒྱལ་དར་དེ་འཁྱེར་བ་རེད། བོད་ནང་བོད་མི་ཚོས་རྒྱ་མིའི་རྒྱལ་དར་དེ་བསྒྲེངས་འཛུགས་བྱེད་མ་འདོད་པར་རང་སྲོག་ཚུན་ཆད་བློས་གཏང་བ་རེད། རང་དབང་ལུང་པར་ཡོད་བཞིན་དུ་རྒྱ་མིའི་རྒྱལ་དར་འཁྱེར་བ་དེ་བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་མཐུན་གྱི་འདུག་གམ།
    སྐུ་དྲགས་ཚོར་གདང་ཟུགས་བྱེད་སྟངས་དེས་དོན་དུ་རྒྱ་མིའི་ལས་དོན་སྒྲུབས་ཀྱི་ཡོད་པ་རེད། སྐུ་དྲགས་མེད་ན་བོད་གཞུང་ཚུགས་ཐབས་མེད་ལ་གལ་ཏེ་ཚུགས་པའི་དབང་དུ་བཏང་རུང་ད་ལྟའི་ཁ་མདོག་དེ་རེད། ད་ལྟ་བཙན་བྱོལ་གཞུང་གི་ནང་སྐུ་དྲག་དབང་འཛིན་པ་གཅིག་ཀྱང་མེད་མོད་ལྐོག་ཟ་རུལ་ཟུང་དང་། ཉེ་ཁ་ཕྱོགས་སྐྱོབས་སོགས་སྐུ་དྲག་ཚོས་གཞུང་འཛིན་པ་ལས་སྡུག་པ་ཡོད་པ་ཤེས་གསལ་རེད། མ་གཞི་ང་ནི་སྐུ་དྲག་མིན་ལ་མཐོ་རིམ་མི་དཔོན་རྒྱུད་པ་དེ་བས་མིན། འོན་ཀྱང་སྐད་ཆ་དྲང་པོ་བཤད་དགོས་པ་དང་དོན་ངོ་མའི་ཐོག་བསམ་བློ་གཏོང་དགོས་པ་རེད། སྐུ་དྲག་མིན་པ་ཨ་ལགས་འཇིགས་མེད་དང་། རྒྱ་ལོ་དོན་གྲུབ་སོགས་ལ་བལྟོས་དང་ད་ལྟ་བར་གཞུང་དངུལ་ཟས་པའི་ལོ་རྒྱུས་ལས་བྱས་རྗེས་ག་ཞིག་སྟོན་རྒྱུ་ཡོད་དམ།
    དུས་དེ་རིང་ནས་བཟུང་སྐུ་དྲག་ལ་དམའ་འབེབ་དང་ཟུར་ཟ་དེ་དོར་ནས་སྤྱི་དོན་ལ་ཕན་པ་ཞིག་གམ་གལ་ཏེི་དེ་ལྟར་མ་བྱུང་རུང་མཐུན་སྒྲིལ་གྱིས་གུང་ཕུར་གནོད་པའི་སྐད་ཆ་དེ་རིགས་མེད་ན་ཅིས་མ་རུང་།

  10. རྫ ་ཚེ་རིང་བཀྲ་ཤིས། says:
    2012-05-13 at 9:38 am

    ཚོར་བའི་དབང་དུ་བྱས་ན་སེམས་ལ་མ་བདེ་བ་ཙམ་འདུག་ན་ཡང་། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་འདུག་རྒྱུ་ཡིན་ཟེར་བ་ཁ་ཞེ་གཉིས་མེད་དུ་ནན་བརྗོད་བྱེད་མཁན་ང་ལྟ་བུ་ཞིག་གིས་ལྟས་ན་དངོས་ཡོད་གནས་ཚུལ་ལས་བརྒལ་བ་ཆེར་མ་མཐོང་།
    གང་ལྟར་ཁྱེད་མ་བུ་གསུམ་གྱི་ལྷག་བསམ་ལ་གུས་འདུད་ཞུ།

  11. བཀྲ་རྣམ། says:
    2012-05-13 at 5:56 pm

    ད་སྤྲུལ་སྐུ་དང་མཁན་པོ་ཚོས་རྒྱ་ཡུལ་ལ་དཀོར་དང་གདུལ་བྱ་ནུབ་ཕྱོགས་ཡུལ་གྲུ་ཁག་ལས་ཆེས་ལྷག་པ་སྔོན་ཆད་ཀྱི་ཐེའེ་ཝོན་བཞིན་དར་གྱིན་ཡོད་པ་གཟིགས་ཏེ་དར་དམར་གྱི་རྒྱབ་རྩ་ལ་དམར་རྗེན་དུ་བཞེང་གནང་གཞིན་འདུག་ཨང་།

  12. དར་ཆ says:
    2012-05-14 at 2:27 am

    གླིང་ཚ་མ་བུ་གསུམ་གྱིས་ཞི་བའི་གོམ་བགྲོད་ལ་རྒྱབ་སྐྱོར་ཡོད་ཀྱང་བོད་པ་ཞིག་ཡིན་པའི་ཆ་རྒྱ་དམར་གྱི་དར་ཁྱེར་བ་ལ་ཐ་གཅིག་ཏུ་ངོ་རྒོལ་ཡོད། བོད་ནང་གི་བོད་མི་ཚོར་རྒྱ་ཡིས་དབང་ཡོད་བཙན་དབང་དུ་རྒྱ་དམར་གྱི་དར་ཆ་དེ་སྒེར་གྱི་ཁང་པའི་སྟེང་དང་དགོན་པའི་ཐོག་ཏུ་ངེས་པར་བཙུགས་དགོས་པའི་བཙན་བཀོད་བྱས་པ་རྣམས་མ་གཟིགས་སམ། མགོ་གཉིས་པ་ཁྲབ་པ་དེ་དྲང་པོ་མ་རེད། རྒྱ་དང་བལ་ཡུལ་གྱི་དར་ཆ་ཁྱེར་དགོས་དོན་གང་ཡང་མེད། ད་གཟིགས་དང༌། མ་བུ་གསུམ་ལ་རྒྱ་ཡི་རྒྱུགས་ཁྱི་བལ་ཡུལ་དམག་མིས་ཁོང་གསུམ་ལ་རྡུང་རྡེགས་བཏང་ཡོད་པ་ཚང་ཤེས་གསལ་ལགས། གླིང་ཚང་མ་བུ་གསུམ་སྙིང་རེ་རྗེ།

  13. ཡང་ཀྱཱ་མ་དགོན says:
    2012-05-14 at 4:39 am

    གླིང་ཚ་མ་བུ་གསུམ་གྱིས་ཞི་བའི་གོམ་བགྲོད་ལ་རྒྱ་མིའི་རྒྱལ་དར་འཁྱེར་བ་དེར་་བོད་མི་རིགས་ལ་གནོད་གི་རེད་བསམ་ན། དར་དམར་་འོག་གི་དངོས་རྫས་ཉོ་རྒྱུ་བཞག་དགོེས་རེད། སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་གི་སྐུ་ངོ་ཚོ་ནས་ཟ་ཁང་དང་ཚོང་ཁང་ནང་གི་གཡོག་པོ་ཡན་ཆད་་ཚང་མ་དར་དམར་འོག་གི་ཅ་ལག་རང་བེད་སྤྱོད་་བྱེད་གི་ཡོད་པ་གསལ་བོ་རེད། དེ་ལ་གཞོན་་ནུ་ཚང་གི་མ་མཁྱེན་པ་ཡིན་རྒྱུ་མ་རེད།

  14. མེ་ཏོག་དཀར་པོ། says:
    2012-05-14 at 10:52 am

    མ་དགོན་ཟེར་བ་འདིས་བདེན་པ་འདྲ་ཞིག་བཤད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme