Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐར་ལྔའི་དར་དམར་གྱི་འགྲེལ་བཤད་འདིར་ཡང་སྤྱན་རས་འཁྱུག་ཙམ་གཡོ་བར་བྱ

Posted on 2012-05-112012-05-12 By dhatsenpa 13 Comments on སྐར་ལྔའི་དར་དམར་གྱི་འགྲེལ་བཤད་འདིར་ཡང་སྤྱན་རས་འཁྱུག་ཙམ་གཡོ་བར་བྱ

གལ་སྲིད་ཁྱེད་ཚོས་མུ་མཐུད་དུ་རྒྱ་ནག་དམར་ཤོག་གིས་དབང་འཛིན་རྒྱུར་རྒྱབ་སྐྱོར་ཡོད་པ་ཡིན་ན་རྒྱ་གཞུང་གི་དར་ཆ་མེར་བསྲེག་གཏོང་བར་ངོ་རྒོལ་དང་དེ་ཡར་སྒྲེངས་པར་རྒྱབ་སྐྱོར་བྱེད་པར་རྒྱུ་མཚན་འདུག་ལ་ངས་དེར་བསམ་ཤེས་བྱེད་ཐུབ་ཀྱི་འདུག གལ་སྲིད་ཁྱེད་ཚོས་རྒྱ་གཞུང་གསར་པ་ཞིག་དང་དམངས་གཙོའི་གཞུང་ཞིག་ལ་རེ་བ་རྒྱག་གི་ཡོད་པ་ཡིན་ན། ད་རུང་ཨུ་ཚུགས་ཀྱིས་གཙོ་བོ་ཏང་གི་མགོ་ཁྲིད་འགྱུར་མེད་མཚོན་པའི་ཁྲག་དར་དེར་རྒྱབ་སྐྱོར་བྱས་པ་ཡིན་ན་ངའི་མགོ་བོ་མགལ་མེ་བཞིན་འཁོར་གྱི་འདུག
གཤམ་དུ་གུང་གཞུང་གི་སྐར་ལྔའི་དར་དམར་གྱི་འགྲེལ་བཤད་འདིར་ཡང་སྤྱན་རས་འཁྱུག་ཙམ་གཡོ་བར་བྱ། དེས་ཁྱེད་ལ་སྐར་ལྔའི་དར་དམར་ནི་གུང་གཞུང་གི་དར་ཆ་ཡིན་པ་གསལ་སྟོན་བྱེད་གི་རེད་ལ། རྗེས་སུ་རྒྱ་ནག་དམངས་གཙོ་ཆགས་སྐབས། དར་དམར་འདི་དང་དར་དམར་འདིའི་འགྲེལ་བ་ལའང་ངེས་པར་འགྱུར་བ་འགྲོ་རྒྱུ་ཡིན་པའང་ཁྱེད་ལ་གསང་བརྡ་སྟོན་ངེས་རེད།
སྐར་ལྔའི་དར་དམར་གྱི་འགྲེལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན། དེས་ཀྲུང་གོ་གསར་བརྗེ་མི་དམངས་མཐུན་སྒྲིལ་ཆེན་མོ་མཚོན། དར་ངོས་དམར་པོ་ཡིན་པ་དེས་གསར་བརྗེ་མཚོན། དར་ཆའི་སྟེང་གི་སྐར་མ་ཟུར་ལྔ་ཅན་ལྔ་ཡོད་པ་དང་དེ་དག་གི་འབྲེལ་བས་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་གསར་བརྗེ་མི་དམངས་མཐུན་སྒྲིལ་ཆེན་མོ་མཚོན། སྐར་མའི་མདོག་སེར་པོས་ཀྲུང་གོ་མི་རྒྱུད་སེར་པོ་ཡིན་པ་སྟོན། སྐར་མ་ཟུར་ལྔ་ཅན་ཆུང་ཆུང་བཞི་བོ་རེ་རེས་ཟུར་རེ་སྐར་མ་ཆེ་བར་སྟོན་ཡོད་པས་ལྟེ་གནས་གཅིག་གི་མཐའ་སྐོར་ལ་མཐུན་སྒྲིལ་བྱེད་དགོས་པ་མཚོན། སྐར་མ་ཟུར་ལྔ་ཆེ་བ་དེས་ཀྲུང་གོ་གུང་ཁྲན་ཏང་མཚོན། སྐར་མ་ཟུར་ལྔ་ཆུང་བ་བཞིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་གི་རྒྱ་ཡོངས་མི་དམངས་ཚང་མ་དང་། གྲལ་རིམ་བཞི་སྟེ་བཟོ་བའི་གྲལ་རིམ། ཞིང་བའི་གྲལ་རིམ། གྲོང་ཁྱེར་གྱི་འབྱོར་ཆུང་གྲལ་རིམ་དང་མི་རིགས་འབྱོར་ལྡན་གྲལ་རིམ་མཚོན།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་ཞི་བའི་ལས་འགུལ་བ་མ་བུ་གསུམ་དང་འུ་ཅག
Next Post: མེ་ཏོག་འདབ་མ་དང་སྐུ་པར་རང་བྱོན།

Comments (13) on “སྐར་ལྔའི་དར་དམར་གྱི་འགྲེལ་བཤད་འདིར་ཡང་སྤྱན་རས་འཁྱུག་ཙམ་གཡོ་བར་བྱ”

  1. གཟུར་གནས་བློ་ལྡན་། says:
    2012-05-11 at 9:55 pm

    སྐར་ལྔའི་དར་དམར་འཁྱེར་བ་ལ་དྲི་མང་དུ་འདུག་པ་བཞིན་། ཁ་བརྡ་ཚང་གིས་ མཁན་པོ་ནི་འབུམ་རམ་པའི་གནས་ཚད་ཡིན་ནམ་ཞེས་པའི་རྩོམ་དང་མཆན་བཅས་བསུབ་དགོས་དོན་གང་ཡིན་ནམ། སྤྱི་ཚོགས་ལ་དག་གཤེར་དང་ བོད་རྒྱུད་ནང་ཆོས་ཀྱི་བསླབ་པ་སློབ་གཤེར་ལ་དག་གཤེར་དང་ དེའི་སྤུས་ཚད་བཟང་དུ་གཏོང་དུ་གཏོང་རྒྱུར་འགན་འཁུར་བའི་རྩོམ་དེ་འདྲ་རྩ་འགོག་བྱེད་དོན་གང་ཡིན་ནམ་།

  2. མདའ་ཚན་པ། says:
    2012-05-11 at 10:21 pm

    ༡ ཆབ་སྲིད་དང་འབྲེལ་མ་འབྲེལ་གྱི་རྒྱ་མི་རིགས་ཀྱི་ལས་འགུལ་དུ་མ་ཞིག་ནང་གུང་གཞུང་གི་དར་ཆ་མེར་བསྲེག་བཏང་བ་མཐོང་རྒྱུ་འདུག
    ༢ དྲ་ཐོག་ཅིག་ཉུལ་ན་གུང་གཞུང་གི་དར་ཆ་བརྗེ་བོ་བྱེད་དགོས་པའི་བསམ་ཚུལ་འདོན་མཁན་རྒྱ་རྩོམ་ཡང་སེ་རྙེད་རྒྱུ་འདུག
    ༣ གཅིག་གིས། རྒྱ་གཞུང་གི་དར་དམར་དེ་ཀྲུང་གོའི་མཚོན་བྱེད་མིན། རྒྱ་ནག་གི་མཚོན་རྟགས་ནི་འབྲུག་གི་དར་ཆ་ཡིན་ཟེར།
    ༤ ད་རུང་འབྱུང་འགྱུར་རྒྱ་ནག་གི་དར་ཆ་ཇུས་འགོད་བྱས་ཡོད་པ་དེ་འདྲའང་འདུག
    ༥ གོང་གསལ་འདི་དག་དང་གཙོ་བོ་རྒྱ་གཞུང་གི་དར་ཆའི་འགྲེལ་བཤད་ཀྱིས་སྐར་ལྔའི་དར་དམར་ནི་གུང་གཞུང་གི་མགོ་ཁྲིད་འགྱུར་མེད་གཏན་གནས་བྱེད་རྒྱུ་ཁོ་ན་མ་གཏོགས་མཚོན་མི་ཐུབ་པ་སྟོན་ཡོད་པ་རེད།
    ༦ རྒྱ་མི་རིགས་སུ་ཞིག་ཡིན་ནའང་། དམངས་གཙོའི་གཞུང་གསར་པ་ཞིག་ལ་དགའ་བ་ལས་གུང་གཞུང་རྒྱུན་གནས་ཡོང་བར་དགའ་མཁན་ཕལ་ཆེར་མེད་པ་ང་ལ་ཡིད་ཆེས་ཡོད།
    ༧ བོད་ལ་རང་སྐྱོང་རག་པ་ཡིན་ནའང་གུང་གཞུང་གི་དར་ཆ་ལ་མུ་མཐུད་ངོ་རྒོལ་ཡོད། དེ་བསྲེག་མཁན་ཚང་མར་རྒྱབ་སྐྱོར་ཡོད། ད་རུང་གཉིད་ཁུག་བསྡད་ཡོད་པའི་རྒྱ་མི་རིགས་སུ་ཞིག་ལ་ཐུག་ནའང་དེ་ལྟར་འགྲེལ་བཤད་བརྒྱབ་ཏེ་ཁོང་ཚོ་གོ་རྟོགས་སད་ཆུག
    ༨ དར་ཆ་དེས་གཅིག་གཅོད་མཚོན་གྱི་ཡོད་པ་རེད། སྐར་མ་ཆེན་པོ་དེས། ངའི་འོག་ཏུ། ངའི་ཁ་ལ་ཉན་ནས། ང་ལ་ཁ་ཕྱོགས་ནས་ཁྱེད་ཚོ་ཡག་པོར་མི་སྡོད་ན་ལྟད་མོ་ལྟོས་ཨ་ཟེར་ནས་མི་རིགས་ཁག་ཚང་མར་བཙན་གཏམ་ཡ་མེད་ཤོད་ཀྱི་མི་འདུག་གམ།

  3. ནུབ་ཕྱོགས་གངས་ཕྲུག་ says:
    2012-05-12 at 2:26 am

    སྐར་མ་ལྔའི་འགྲེལ་བཤད་མི་འདྲ་བ་ཞིག་རྒྱབ་བྱུང་། ངའི་སྐར་མ་ལྔ་དེ་མི་རིགས་གཙོ་བོ་ལྔ་ཟེར་བ་ཞིག་གོ་བྱུང་། རྒྱ་རིགས། བོད་རིགས། སོག་པོ། མན་ཇུ་དང་། ཡུ་གུར་མི་རིགས་ལྔ་བོ་དེ་མཚོན་པ་ལ་ཟེར། གང་ལྟར་ག་རེ་ཡིན་མིན་སྐར་ལྔའི་དར་ཆ་དེ་ང་་ལ་བྱུས་གཏོག་མེད།

  4. རྡུལ་ཕྲན། says:
    2012-05-12 at 7:43 am

    ད་ཁྱོད་ཚོའི་ཁྱི་ཁ་དེ་བཙུམ་ཐུབ་ཀྱི་མི་འདུག་གམ། རང་ཉིད་སྐྱིད་ངལ་བྱས་ཏེ་གཞན་ལ་ཁྱད་གསོད་གཏོང་སྟངས་འདི་ཉོབ་ལུད་རང་གི་གི་མགོ་ལ་ཕྱོ་བ་མ་ཡིན་ནམ། ཁྱོད་ཀྱིས་ཅི་ཞིག་འཇོན་ཡོད། ཅི་ཞིག་བྱས་ཡོད། ཇི་ལྟར་བསྒྲུབ་རྩིས་ཡོད། ཉལ་ཟས་ཟ་བཞིན་སྐྱག་ལབ་རྒྱག་རྒྱུར་ངོ་མི་ཚའམ། སྐར་ལྔའི་དར་དམར་ལ་འགྲེལ་བ་རྒྱག་མི་ཤེས་བ་ཤེས་བཞིན་ཏུ་འགྲེལ་ལོག་རྒྱག་པ་འདི་ངོ་མ་བྱབ་ཆུང་རང་ཡིན།

    ཆབ་སྲིད་གྱི་གོ་བ་ཟེར་བ་ལ་མིག་བཤེར་ཙམ་ཡང་མེད་པའི་མི་དག་གིས་ཅི་ཞིག་འགྲིག་མི་འདུག ངོ་རྒོལ་ཡོད་། ལོ་རྒྱུས་ལ་ནག་པོ་བཟོས་སོང་ཚུལ་བཤད་པ་དང་། འགོ་སྐོར་འོག་ཏུ་ཚུད་སོང་སོགས་ཟེར་ཚུལ་ལ་བསམ་བློ་བཏང་སྐྱི་འདར་རྒྱག་རྒྱུ་མི་ཡོང་ངམ། ད་ལྟའི་གནས་སྐབས་འདིར་ཁྱོད་ཚོས་ཚེ་བརྟན་མ་བུ་གསུམ་གྱི་སྔ་ཕྱི་ལ་ཞིབ་རྩིས་རྒྱག་པ་འདི་དུས་ཚོད་སྔ་དྲག་མི་འདུག་གམ། ཧམ་བཤད་བྱ་རྒྱུ་རྔམ་དྲག་མ་ལངས་པ་བྱོས།

  5. མདའ་ཚན་པ། says:
    2012-05-12 at 8:08 am

    སྐར་ལྔའི་དར་དམར་འཕྱར་འདོད་མཁན་ཞིག་ནས་དེ་འཕྱར་རྒྱུའི་ཐོབ་ཐང་ཡོད་པ་རེད་ལ་མི་འདོད་པ་ཞིག་ནས་དེ་ལ་རྒོལ་རྒྱུའི་ཐོབ་ཐང་ཡང་ཡོད་པ་རེད། དེ་ནི་རང་རང་སོ་སོའི་ལག་པར་ཡོད་པ་རེད། ཡིན་ནའང་། དེ་འཕྱར་རྒོལ་ག་རེ་བྱེད་ནའང་དེའི་མཚོན་དོན་ཤེས་རྒྱུ་དེ་གལ་ཆེན་པོ་རེད། དེས་གཞུང་ཞིག་མཚོན་གྱི་ཡོད་དམ་མི་རིགས་ཤིག་མཚོན་གྱི་ཡོད་ཤེས་དགོས་པ་དེའང་གལ་ཆེན་པོ་རེད།
    ན་ཛིའི་དར་ཆ་གཡང་དྲུང་མ་དེའང་ད་ཆ་ལོ་རྒྱུས་ཀྱི་གད་སྙིགས་སུ་གཡུགས་ཡོད་པ་བཞིན་གུང་གཞུང་གི་ཁྲག་དར་དེའང་མི་རིང་བར་དེ་ལས་མ་འདས།
    གུང་དར་དེའང་ན་ཛིའི་དར་དེ་བཞིན་དེ་གང་ན་ཕྱར་ཡོད་ས་དེར་དམར་གསོད་ཁྲག་སྦྱོར་དང་བཙན་གནོན་མ་གཏོགས་ཡོད་མ་རེད། ང་ཚོ་རང་དབང་ལ་དགའ་མཁན་གྱི་མི་ཕལ་བ་རྣམས་དར་ཆ་དེ་དང་དེའི་འགྲེལ་བཤད་མཐོང་བ་དང་ལམ་སང་མེར་བསྲེག་གཏོང་འདོད་སྐྱེས་ཡོང་གི་འདུག

  6. རིག་པའི་བུ says:
    2012-05-12 at 9:56 am

    དར་དམར་ནི་དམར་པོའི་ཚོགས་པའི་དར་ཆ་རེད། འཛམ་གླིང་གི་དམར་ཕྱོགས་ཚོགས་པའི་དར་ཆ་ནི་དམར་པོ་ཡིན། དེ་ནི་རྒྱ་ནག་གི དར་གཅིག་བུ་མིན། རྒྱ་ནག མང་གཙོ་འགྱུར་ཚེ་དར་ཆ་བརྗེ་དགོས་བ་ཆགས་ཡོད།

  7. མེ་ཏོག་དཀར་པོ། says:
    2012-05-12 at 10:23 am

    དམར་པོའི་ཡིན་ན་འདྲ། ནག་པོའི་ཡིན་ནའང་། ད་ལྟ་ནི་རྒྱ་ནག་གི་རྒྱལ་དར་རེད། china national flag

  8. ཆབ་བྲག་ལྷ་མོ་སྐྱབས། says:
    2012-05-12 at 12:32 pm

    རྒྱལ་ཁབ་ཚང་མར་རྒྱལ་རྟགས་དང་རྒྱལ་དར་ཡོད་པ་རེད། གུང་ཁྲན་ཏང་ལ་ཏང་དར་ཟེར་བ་གཞན་ཞིག་ཡོད་པ་ལོས་ཤེས། དམར་ཕྱོགས་པའི་གཞོན་ནུ་དང་ཏང་གི་ཚོགས་མིར་ཞུགས་དུས་ཏང་དར་འོག་ནས་དམ་བཅའ་དགོས་པ་རེད། ཏང་དར་ཐོག་ན་ཐོ་བ་དང་ཟོར་བ་ཡོད། ཐོ་བ་དང་ཟོར་བས་བཟོ་བ་དང་ཞིང་པ་མི་དམངས་མཚོན། དེ་ལྟར་ན་ཏང་དར་ལ་རྒོལ་བ་དེས་ཀྱང་དམངས་ལ་རྒོལ་བ་འདྲ་བོ་ཆགས་གི་རེད།
    རྒྱལ་དར་དང་ཏང་དར་ལ་ཁྱབ་ཆེ་ཆུང་དང་མཚོན་དོན་མི་འདྲ་བའི་ཁྱད་པར་ཅི་ཡོད་ལོས་ཤེས། ངས་ད་ལྟའི་རྒྱལ་དར་དེ་བཟང་དང་ངན་འོས་མིན་ཅི་ཡང་བཤད་འདོད་མེད། གཙོ་བོ་དེས་གཞུང་ཁོ་ན་ཞིག་མིན་པར་རྒྱལ་ཁབ་ཅིག་མཚོན་གྱིན་ཡོད་པ་རེད་ཁས་ལོས་ལེན། རྒྱལ་ཁབ་ཚང་མའི་རྒྱལ་དར་གཅིག་པ་རེད། འགྲེལ་བཤད་ག་རེ་ཡོད་ན་ཡང་མཚོན་དོན་གཅིག་རེད།
    སོ་སོའི་ངོས་འཛིན་དང་འདོད་འདུན་བཤད་པའི་ཐོབ་ཐང་ལོས་ཡོད། ཡོད་ནས་བཤད་ཀྱིན་པ་རེད། བསམ་ཚུལ་མི་མཐུན་དུས་རང་བཞིན་གྱིས་རྩོད་པ་རྒྱག་དགོས་པ་ཞིག་རེད།
    གནད་དོན་གྱི་གནད་དོན་རྒྱལ་དར་གང་ཞིག་འཕྱར་དང་མ་འཕྱར་དེ་ཙམ་རང་མ་རེད། ངོ་རྒོལ་གྱི་དོན་སྙིང་རེད། ངོ་རྒོལ་མཁན་ལ་གདེང་འཇོག་བྱེད་མིན་དང་རྒྱབ་སྐྱོར་གནང་མིན་བཅས་རེད།
    ཚེ་རྡོར་ཁྱིམ་ཚང་གིས་ཅིའི་ཕྱིར་ངོ་རྒོལ་བྱེད་ཀྱིན་པ་དེ་གནད་དོན་གཙོ་བོ་རེད། རྒྱ་ནག་གཞུང་གིས་ཚེ་རྡོར་མ་བུ་གསུམ་ལ་དགའ་བསུ་གནང་གི་རེད་དམ། མི་སྲིད་པ་རེད། མདུན་ནས་དགྲས་རྒོལ། རྒྱབ་ནས་རང་གི་མིས་ཀྱང་འདྲ་མི་འདྲ་བཤད་ན་ང་ཚོར་ཕན་ཐོགས་ག་རེ་འདུག ཁོ་རང་ཚོར་ག་རེ་ཕན་གི་འདུག དགོས་པའི་དབང་གིས་དགག་བྱ་གཙོ་ཟེར་བ་ཞིག་ཡོད་པ་ཡང་དྲན་དགོས་པའི་དུས་རེད།
    མདོར་ན། དཔའ་བོ་ཚང་ལ་རྒྱབ་སྐྱོར་ཡོད། འགྲིག་འདུག མུ་མཐུད་དུ་མདུན་སྐྱོད་ཐུབ་པར་སྨོན། ཞེས་ཞུ་འདོད་བྱུང།

  9. ཤུག་པ། says:
    2012-05-12 at 1:32 pm

    ཆབ་བྲག་གིས་གནད་ལ་འཁེལ་བ་ཞིག་གསུང་འདུག
    དེ་ག་རང་ཡིན། ཕོ་རྒོད་ཚང་གི་ཁྱིམ་མི་ལགས། བོད་པའི་རྡོ་རིང་གསོན་པོ་ཡིན་པའི་ངོས་འཛིན་ཡོད།

  10. རིག་པའི་བུ says:
    2012-05-12 at 2:00 pm

    དར་དེའི་གང་ཞིག་མཚོན་ན་མཚོན། དེ་ནི་དགྲ་བོའི་དར་ཆ་ཡིན་དུས་འཁུར་བ་ཙམ་གྱིས་རང་རིགས་ལ་མཐོང་བྱས་བ་མཚོན། རྒྱ་ནག་གིས་དགའ་བསུ་མི་བྱེད་ན་ག་འདྲ་བྱས་ནས་འཁུར་བ་རེད། བོད་མི་དང་འཛམ་གླིང་མི་མང་གིས་དེ་བས་དགའ་བསུ་བྱེད་མི་སྲིད། སུས་ཀྱང་དགའ་བསུ་བྱེད་མི་སྲིད་པའི་དར་ཞིག་འཁྱེར་ན་ནོར་འཁྲུལ་རེད། རྩེད་བཏང་ཁོ་རང་ནོར་བ་རེད། ལས་འགུལ་ལམ་ཆབ་སྲིད་ཟེར་བ་དེ་འདྲ་རེད། རྩེད་སྟངས་གཅིག་ནོར་ན་རྐང་རྩེད་པོ་ལོ་རྩེད་བ་བཞིན་ལས་འགུལ་དེའི་འགོ་འཇུག་ཀུན་ལ་ཤུགས་རྐྱེན་ཐེབས། ཚེ་རྡོས་གནང་བའང་དེ་ལྟར་མ་མཆིས། དར་དམར་ལ་རེ་བ་བཅོལ་བ་རང་ཉིད་ཕམ་པའི་སྔ་ལྟས་རེད། དར་དེ་འཁྱེར་བས་ནང་ཁུལ་དགལ་ཟླ་བཟོས་ཤིང་ཁོ་ལ་གདུང་སེམས་ཉམས་སྐྱེད་བྱེད་ཉུང་དུ་བཏང་བ་ལས་ཅི་ཡང་མེད། ཁོས་བསམ་པ་ལས་འགུལ་སྤེལ་སྟངས་གསར་བ་སྤེལ་ནས་མི་མང་དོ་སྣང་དང་རྒྱ་གཞུང་གིས་གུ་ཡང་བཏང་ཞིང་། ལམ་བར་དཀའ་ངལ་སེལ་བའི་རེ་བ་བཅང་བ་རེད། དོན་དངོས་ཀྱི་གྲུབ་འབྲས་ནི་ལྡོག་ཕྱོགས་རེད། རྣམ་དཔྱོད་མེད་ན་གསར་བཏོད་ལ་དགེ་མཚན་ལས་ལྡོག་སྟེ་གྱོང་གུད་ཕོགས་ཡ།

  11. མདའ་ཚན་པ། says:
    2012-05-12 at 4:00 pm

    རྡུལ་ཕྲན་གྱི་མཆན་དེ་ངའི་རྩོམ་འདི་ལ་འགྲེལ་བ་མི་འདུག ཆབ་བྲག་གི་མཆན་དེའི་མགོ་འབྲེལ་བ་འདུག་ཀྱང་མཇུག་འབྲེལ་བ་མི་འདུག བྱེ་བྲག་ཏུ་ཚེ་རྡོར་མ་བུ་གསུམ་གྱིས་གུང་གཞུང་གི་དར་བསྒྲེང་བར་རྒྱབ་སྐྱོར་དང་ངོ་རྒོལ་ཡོད་མེད་ཀྱི་རྣམ་འགྱུར་སྟོན་ན་ཁོང་ཚོ་དང་འབྲེལ་བ་ཡོད་པའི་གཞན་རྩོམ་དེ་ཚོའི་ནང་མཆན་བྲིས་ན་མི་ལེགས་སམ།
    གུང་གཞུང་གི་དར་གྱི་འགྲེལ་བཤད་དང་དེའི་མཚོན་དོན། སྤྱིར་ང་ཚོས་མ་འོངས་པར་ལས་འགུལ་སྤེལ་སྐབས་དེ་དག་མེར་བསྲེག་དང་ཡང་ན་སྒྲེང་འོས་མིན་སོགས་ཀྱི་སྐོར་བསམ་ཚུལ་འབྲི་ན་འདིར་བཀོད་ཀྱང་འོས་པ་ཉིད། ངའི་རྒྱལ་དར་དང་འབྲེལ་བའི་རྩོམ་སྔ་ཕྱི་འདི་ཚོ་མ་འོངས་པ་དང་སྤྱི་ལ་དམིགས་ནས་བྲིས་པ་ལས་གཞོན་ཚོགས་དང་ཚེ་རྡོར་སུ་ལའང་དམིགས་ནས་བྲིས་མེད། ཡིན་ནའང་། ཁོ་ཚོ་ལས་བྱུང་བའི་རྩོད་གཞི་འདི་མ་འོངས་པར་ལས་འགུལ་སྤེལ་སྐབས་ངེས་པར་བསམ་བློ་གཏོང་དགོས་པ་དང་། དེ་ལ་ད་ལྟ་ནས་བགྲོ་གླེང་ངེས་པར་བྱེད་དགོས་སུ་མཐོང་བའི་ཀུན་སློང་སྔོན་དུ་བཏང་ནས་བྲིས་པ་ཡིན།

  12. སྟག་སྨྱོན། says:
    2012-05-12 at 5:18 pm

    “TIBETANS NEVER HAD A COUNTRY” DR. LOBSANG SANGAY

    Kalon Tripa Dr. Lobsang Sangay needs to explain the statement he made on video to stol.it, the South Tyrol Online journal on March 02. 2012. Replying to a question “What is it like being a prime minster without a country?. Dr. Lobsang Sangay answered clearly and deliberately ” Well… I can’t say for sure because, Tibetans, we never had a country.” Is Dr. Lobsang Sangay attempting to surpass the record for bizarre utterances established by our previous Kalon Tripa Professor Samdong Rimpoche, who declared on March 13, 2009 that the “Tibet Issue is the Internal Affair of the People’s Republic of China?” What on earth is going on here?

    A link to the full video

    བཀའ་ཁྱི་བཀའ་སློབ་འདི་རྒྱ་དར་ལས་ཚབས་མི་ཆེའམ།

  13. སྟག་སྨྱོན། says:
    2012-05-12 at 5:19 pm

    འཇམ་དབྱངས་ནོར་བུའི་ཟིན་བྲིས་ནང་གསལ་བོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme