Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐམ་གྱོང་ཁོ་མི་ག་འདྲ་ཞིག་ཏུ་འགྱུར་ཡོང་།

Posted on 2015-09-172015-09-17 By ཁ་བརྡ 3 Comments on སྐམ་གྱོང་ཁོ་མི་ག་འདྲ་ཞིག་ཏུ་འགྱུར་ཡོང་།

unnamed_____འོད་གྲི

 
ཁ་སང་སྤྱི་ལོ་2015.09.16 ཉིན་ལོ་ན་14 སོན་པའི་བྱིས་པ་ཞིག་གིས་ཨ་རི་བ་དག་ས་འགུལ་བཞིན་ཡོམ་ཡོམ་བསྒུལ་བྱུང་། དེར་མཐུད་ནས་འཛམ་གླིང་གི་བརྒྱུད་ལམ་ཁག་ཀྱང་སྐྱ་ཀའི་ཚང་ལ་རྡོ་འཕངས་པ་བཞིན་འུར་ཆལ་ཆལ་གྲགས་བྱུང་། ངས་བརྒྱུད་ལམ་ཁག་གི་གནས་ཚུལ་དེ་དག་མཐོང་རྗེས་རང་ཉིད་ལའང་བསམ་ཚུལ་དང་དྲི་བ་འགའ་ཞིག་ཀླད་པའི་ནང་དུ་འཚང་ཁ་བརྒྱབ་བྱུང་། རྒྱུ་རྐྱེན་དེས་ངས་ཡིག་ཉོག་འགའ་འདི་རུ་སྟོར་བཞིན་ཡོད་མོད། གནས་ཚུལ་འདི་གནད་དོན་ཞིག་ཡིན་མིན་ཤེས་ཀྱིན་མེད་པ་མ་ཟད། ང་རང་སྒེར་ལ་འབྲེལ་བ་ཡོད་མེད་ཀྱང་ཧ་གོ་མ་སོང་། དེ་བས་ཀྱང་ངས་གནས་ཚུལ་འདི་ལ་དོ་སྣང་སྤྲད་དོན་ཡང་ང་རང་ལ་གསལ་ཁ་གང་ཡང་བྱེད་རྒྱུ་མི་འདུག གང་ལྟར་བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པས་འདི་ལྟར་འབྲི་བཞིན་ཡོད།

གསར་འགྱུར་ལྟར་བཤད་ཁུལ་བྱས་ན། ལོ་ན་14 ཅན་གྱི་བྱིས་པ་Ahmed Mohamed ཁོང་ནི་ཨ་རིའི་MacArthur High School གྲྭའི་སློབ་མ་ཞིག་རེད་འདུག་ལ། རིགས་རྒྱུད་ནི་ཨ་རི་གཞུང་གིས་དོགས་ཟོན་བྱེད་སའི་ཁ་ཆེའི་མི་རིགས་ཤིག་རེད་འདུག ཁོས་རང་ཉིད་ཀྱིས་གསར་བཟོ་བྱས་པའི་དྲིལ་བརྡ་ཅན་གྱི་དུས་ཚོད་སྒམ་བུ་ཞིག་སློབ་གྲྭར་འཁྱེར་ཡོང་ནས་འཕྲུལ་ལས་དགེ་རྒན་ལ་བསྟན། དགེ་རྒན་གྱིས་འགད་རྫས་ཤིག་ལ་ནོར་ནས་ཁོ་ཉེན་རྟོག་པར་འཛིན་བཟུང་བྱེད་དུ་བཅུག་ཡོད་འདུག གལ་ཏེ་བྱིས་པ་ཁོང་ཁ་ཆེ་བ་ཞིག་གམ་ཁ་ཆེའི་མིང་ཅན་ཞིག་མ་ཡིན་ན་དགེ་རྒན་དེ་དེ་ལྟར་ཞོར་འདྲོགས་བྱེད་རྒྱུ་རེད་དམ།

བྱིས་པ་ཁོང་གིས་ཀྱང་གསར་འགོད་པའི་ལན་དུ་”གནས་ཚུལ་འདི་ལྟ་བུ་ངའི་འཛིན་གྲོགས་མི་སུ་ལའང་འབྱུང་གི་མ་རེད”ཟེར། རྗེས་སུ་ཡང་བྱིས་པ་ཁོང་གིས་ང་ཁ་ཆེ་བའི་བྱིས་པ་ཞིག་ཡིན་པ་ཙམ་གྱིས་མ་རེད་སོགས་ཀྱང་བཤད་ཡོད་མོད། གང་ལྟར་བྱིས་པ་ཁོང་ཡང་འདི་ལྟར་སྐད་གྲགས་ཆགས་སོང་། དེ་བས་བྱིས་པ་ཁོ་ལ་མཚོན་ནས་བཤད་ན་རྐྱེན་ངན་གྲོགས་སུ་འཕྲད་སོང་བ་རེད་འདོད། གནས་ཚུལ་དེའི་རྐྱེན་གྱིས་དྲ་ཐོག་གི་སྐད་ཆ་ནི་སྣ་ཚོགས་པ་ཞིག་ཡོད་ཀྱང་ང་རང་གིས་མཐོང་བའི་ཁྲོད་དུ་དོ་སྣང་བྱུང་བ་ནི་རྒྱ་གར་གྱི་ཁ་ཆེ་བ་མཐོ་རིམ་སློབ་མ་ཞིག་གིས་འདི་ལྟར་བཤད་འདུག
“བྱིས་པ་ཁོང་ཁ་ཆེ་བ་ཞིག་ཡིན་པས་གནས་ཚུལ་དེ་འདྲ་བྱུང་བ་རེད་ལ། དེར་དགེ་རྒན་དེའི་བྱ་བར་ཡ་མཚན་དགོས་པ་གང་ཡང་མི་འདུག དེ་ལས་དགེ་རྒན་དེའི་སློབ་མ་ཚོའི་ཚེ་སྲོག་སྐྱོབ་པའི་བསམ་པ་བཟང་བོ་དེར་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ང་རང་ཁ་ཆེའི་མི་རིགས་ཤིག་ཡིན་ལ། ཁ་ཆེ་བ་ཞིག་ཀྱང་ཡིན། འོན་ཀྱང་ང་ནི་ཨ་རི་དང་དགེ་རྒན་དེའི་བྱེད་སྟངས་ལ་འཁང་ར་གང་ཡང་མེད།” ཟེར་ནས་བྲིས་འདུག

འདི་ནི་དོན་དངོས་ཀྱི་ཁ་ཆེའི་མི་རིགས་དང་ཁ་ཆེ་བ་ཡོངས་རྫོགས་ཆོས་ལུགས་ཀྱིས་བཟི་མེད་པ་དེ་སྟོན་གྱིན་ཡོད་སྙམ། གང་ལྟར་ཨ་རི་ཚང་ལ་མཚོན་ནའང་ཁག་མེད་ཡིན་ཏེ་9/11དོན་རྐྱེན་དང་ཁ་ཆེའི་འཇིགས་སྐུལ་རང་ལུགས་པ་Taliban གྱིས་མཚོན་པའི་འཇིགས་སྐུལ་བ་ཚོས་ཨ་རི་ཚང་གི་སེམས་ལྷོད་ལྷོད་བྱས་ནས་རྐང་རྐྱོང་ལག་སྣར་ཞིག་བྱེད་དུ་འཇུག་གིན་མེད། རྒྱུ་མཚན་དེས་ཁ་ཆེ་བའི་མིང་ཅན་གྱི་མི་ཡོངས་ལ་དོགས་ཟོན་བྱེད་དགོས་འབྱུང་བཞིན་ཡོད་པ་ནི་ཨ་རི་བའི་དཀའ་ངལ་ཞིག་ཏུ་ཆགས་ནས་ཡོད།
རྒྱུ་མཚན་དེས་རྒྱ་གར་གྱི་གྲགས་ཅན་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་རྩོམ་པ་པོ། བསྟར་ཤོམ་མཁན། འཁྲབ་སྟོན་པ། Karan Johar ཀྱིས་འཁྲབ་ཁྲིད་བྱས་ཤིང་། གྲགས་ཅན་འཁྲབ་སྟོན་པ་Shah Rukh Khan དང་ Kajol གཉིས་ཀྱིས་གཙོ་འཁྲབ་བྱས་པའི་(my name is Khan) ཞེས་པའི་གློག་བརྙན་དེས་ཀྱང་ཁ་ཆེ་བ་ཡོངས་རྫོགས་འཇིགས་སྐུལ་དྲག་སྤྱོད་མཁན་མ་ཡིན་པར་བསྟན་ཡོད།

ད་དུང་ཐེངས་ཤིག་ཨ་རིའི་གནམ་ཐང་ག་གེ་མོ་ཞིག་ནས་འཁྲབ་སྟོན་པ་ཁོང་ལའང་Shah Rukh Khan ཁ་ཆེ་བའི་མིང་ཅན་གྱི་ཕྱི་སྐྱོད་ལག་འཁྱེར་ཡོད་པའི་རྐྱེན་བྱས་ནས་དུས་ཚོད་གཉིས་ཙམ་ལ་བཀག་འགོག་བྱས་པས་རྒྱ་གར་གྱི་མཐོ་སྲིད་བློན་ནས་དམའ་ཞིང་བ་ལ་སོགས་པས་ཨ་རི་བར་ཁ་རྡུང་བཏང་བ་དེ་རེད། དེ་བས་བློ་རིག་རྣམ་པར་གསལ་བའི་Ahmed Mohamed བྱིས་པ་ཁོང་ཡང་ཁ་ཆེའི་མི་རིགས་དང་ཁ་ཆེ་བའི་མི་ཡིན་ཙང་། ཁོང་གི་གསར་གཏོད་གྲུབ་འབྲས་ལ་ལྕགས་སྒྲོག་ཅིག་གི་གཟེངས་རྟགས་ཤིག་ཨ་རིའི་ཉེན་རྟོག་རུ་ཁག་གིས་གནང་བ་དེ་རེད།

དེས་ན་གཟེངས་རྟགས་དེས་ཁོར་བག་ཆགས་ཅི་ཞིག་བཞག་ཡོད་དམ། ཁོང་མ་འོངས་པར་འཛམ་གླིང་གི་སེམས་ཀྱིས་ཉན་ས་དང་མིག་གིས་ལྟ་སའི་ཤེས་འཇོན་གཉིས་ལྡན་གྱི་ཨ་རི་བ་ཞིག་ཆགས་འགྲོ་འམ། གལ་སྲིད་ཁོང་མ་འོངས་པར་ཚན་རིག་པ་གྲགས་ཅན་ཞིག་ཏུ་ཆགས་སོང་ན་ཁོའི་བློ་ཁ་ཕྱོགས་གང་ཞིག་ལ་འཁོར་འགྲོ་འམ། མ་གཞི་བྱིས་པ་ཁོང་ཁ་ཆེ་བ་ཞིག་ཡིན་པས་སམ། ཡང་ན་བྱིས་པ་ཡིན་པའི་མཚར་སྣང་གི་བྱིས་བློ་དེ་ཡིས་ཡིན། ཁོས་ཅི་ཞིག་ལ་དུས་ཚོད་དེ་འགད་རྫས་ལྟ་བུའི་དབྱིབས་ཅན་དུ་བཟོ་དགོས་པ་རེད།

སྐབས་འདིར་ང་ལ་ཡང་བསྐྱར་བསམ་ཚུལ་ཞིག་བྱུང་བ་ནི་འགད་རྫས་ཀྱི་རིགས་དང་། འགད་རྫས་ཐོག་མར་གསར་བཟོ་བྱས་པ་ནས་ད་ལྟའི་བར་གྱི་འགས་གཏོར་གྱི་ནུས་པ་མི་འདྲ་བའི་འགད་རྫས་དེ་དག་གི་བཟོ་དབྱིབས་ཀྱི་བྱུང་བ་དང་དུས་ཚོད་ཟེར་བའི་ཅ་ལག་བར་གྱི་འབྲེལ་བ་རེད། འོན་ཀྱང་འདིར་འབྲེལ་བ་མེད་པས་འབྲི་འདོད་མ་བྱུང་།
གཅིག་བྱས་ན་ཨང་གྲངས་རྗེས་འབྲེལ་གྱི་འཆར་ངོས་ནི་འཕྲུལ་ལས་ལག་རྩལ་རིགས་ཀྱི་ཐོག་མའི་ཨང་གྲངས་ཀྱི་འཆར་ངོས་ཡིན་པས་ཁོ་ལའང་དེ་ལྟ་བུའི་བརྒྱུད་རིམ་ཞིག་བསམ་བཞིན་མ་ཡིན་པར་བྱུང་བ་ཡིན་ནམ།

ང་ལ་མཚོན་ན་བསམ་ཚུལ་འདི་དག་ནི་བརྒྱུད་ལམ་ཁག་གི་གནས་ཚུལ་དག་མཐོང་རྗེས་གཅིག་རྗེས་གཉིས་མཐུད་བྱས་ནས་འཚང་ཁ་བརྒྱབ་བྱུང་། གང་ལྟར་བྱིས་པ་སྐམ་རིད་དེས་བཟོས་པའི་དུས་ཚོད་དེས་འགས་གཏོར་གྱི་ནུས་པ་ནི་སློབ་གྲྭ་དེའི་ར་སྐོར་བརྒལ་ནས་ཉེན་རྟོག་རུ་ཁག་དང་Irving གྲོང་ཁྱེར་བརྒྱུད་ཕོ་བྲང་དཀར་པོའི་ནང་གི་སྲིད་འཛིན་ནག་ལྡང་ཨོ་བྷ་མས་ཀྱང་དོ་སྣང་ཤུགས་ཆེན་བྱེད་དགོས་བྱུང་ཡོད། ཨོ་བྷ་མ་སྒེར་གྱི་འཕྲིན་སྟེགས་Twitter བརྒྱུད་བྱིས་པ་དེ་ཕོ་བྲང་དཀར་པོའི་ནང་ཡོང་འདོད་ཡོད་དམ་ཟེར་ནས་གདན་འདྲེན་ཞུས་པ་དང་། ང་ཚོས་ཁྱོད་འདྲ་བའི་བྱིས་པ་གང་མང་དང་དེ་འདྲ་བའི་ཚན་རྩལ་བ་ལ་རྒྱབ་སྐྱོར་བྱེད་དགོས། ཁོང་དང་ཁོང་ལྟ་བུ་དག་གིས་ཨ་རི་རླབས་ཆེན་བཟོས་པ་རེད་ཟེར་ནས་བྲིས་ཡོད།

དེ་མིན་ངོ་དེབ་གསར་བཟོ་གནང་མཁན་དང་ངོ་དེབ་སྤྱི་ཁྱབ་འགན་འཛིན་mark Zuckerberg ཀྱིས་ཀྱང་རང་གི་ངོ་དེབ་བརྒྱུད་འདི་ལྟ་བའི་ཚན་རྩལ་བ་ནི་ཡག་པོ་ཡིན་པས་འཛིན་བཟུང་བྱེད་དགོས་པ་ཞིག་མ་ཡིན། ང་ཚོའི་མ་འོངས་པ་ནི་ཁོང་དང་ཁོང་ལྟ་བུ་ལ་དབང་བ་རེད་ཟེར་བ་དང་། དུ་དུང་བྱིས་པ་དེར་གལ་སྲིད་ཁྱོད་རང་ངོ་དེབ་ཁང་ལ་ཡོང་འདོད་འདུག་ན་ང་ཁྱོད་དང་ཐུག་འཕྲད་བྱེད་པར་སྤྲོ་བ་ཡོད། མི་མཐུད་དུ་རྒྱུན་འཁྱོངས་གནང་རོགས་ཟེར་ནས་བྲིས་ཡོད།

ད་ལྟའི་སྐབས་སུ་འཛམ་གླིང་གི་གྲགས་ཅན་གསར་འགྱུར་ཁང་ཚོས་ཁོར་བཅར་འདྲི་དང་དྲ་ལམ་སོགས་གང་མང་བརྒྱུད་ནས་དྲི་བ་བྱེད་བཞིན་འདུག དེ་བས་ངོ་དེབ་དང་Twitter, Tumblr སོགས་གང་སར་བྱིས་པ་སྐམ་རིད་དེའི་གནས་ཚུལ་དག་གསར་འགྱུར་ཁག་གིས་བཏང་བའི་གནས་ཚུལ་དང་བརྙན་ཐུང་། ད་དུང་མི་མང་གི་བསམ་ཚུལ་བཅས་ཀྱིས་ཁྱབ་འདུག་པ་དེ་ནི་Siriya ཡི་སྐྱབས་བཅོལ་བའི་གནས་ཚུལ་ཁྲོད་ཀྱི་མཚོ་འགྲམ་གྱི་བྱིས་པའི་ཕུང་བོའི་འདྲ་པར་དེ་དང་དོ་མཉམ་པ་འབྱུང་བཞིན་འདུག

ང་ལ་མཚོན་ན་ཉེ་ཆར་དོ་སྣང་བྱུང་བའི་གནས་ཚུལ་ཆེན་པོ་གསུམ་ནི་སེ་རི་ཡའི་སྐྱབས་བཅོལ་བ་དང་། Brazil གྱི་སྲང་ལམ་སྤྲང་བོ་ཞིག་གིས་རང་ཉིད་ཀྱི་ཆེ་སྲོག་གིས་མི་ངན་ལག་ནས་བུད་མེད་ཅིག་བསྐྱབས་པ། ད་ཐེངས་ཀྱི་ཨ་ཧི་མེཏི་་་མོ་ཧ་མེཏི་སྐམ་གྱོང་གི་གནས་ཚུལ་གསུམ་རེད། གནས་ཚུལ་འདི་གསུམ་ནི་སྐྱོ་སྤྲོ་གཉིས་ལྡན་གྱི་གནས་ཚུལ་ཞིག་རེད།
སེ་རི་ཡའི་མི་གང་མང་ཞིག་གཞི་ནས་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་དུ་སྐྱབས་བཅོལ་དུ་འབྱོར་བཞིན་པས་སྤྲོ་བ་དང་ལམ་སྐབས་སུ་བརླགས་པའི་ཚེ་སྲོག་དག་དང་ཤུལ་དུ་ལུས་ནས་མྱོང་བཞིན་པའི་མི་སེར་དག་གི་གནས་ཚུལ་བསམ་ན་སེམས་སྐྱོ་བ་ཞིག་རེད།
དེ་བཞིན་བྷི་རྫར་གྱི་སྲང་ལམ་སྤྲང་བོ་དེས་བུད་མེད་དེའི་ཚེ་སྲོག་བསྐྱབས་པ་དང་མི་ངན་དེ་འཛིན་བཟུང་བྱེད་ཐུབ་པ་ནི་སྤྲོ་བ་དང་། དཔའ་རྒོད་ཁོང་གི་ཚེ་སྲོག་ཤོར་བ་ནི་ཡིད་སྐྱོ་བ་ཞིག་རེད།
དེ་བཞིན་ཐེངས་འདིའི་ཚན་རིག་པ་ཆུང་ཆུང་དེ་མ་འོངས་པར་རླབས་ཆེན་གྱི་ཚན་རིག་པ་ང་རང་ཆེས་དགའ་སའི་སྐུ་ཞབས་Steve Job ལྟ་བུ་ཞིག་ཏུ་ཆགས་ན་བསམ་བཞིན་དགའ་སྤྲོ་དང་། ཁ་ཆེ་བ་རྨོངས་དད་དང་ཞེན་ཕྱོགས་ཀྱིས་བཟི་དྲགས་པའི་དྲག་སྤྱོད་པ་ཡ་མེད་ཅིག་ཏུ་འགྱུར་ཨེ་འགྲོ་བསམ་ནས་སྐྱོ་བ་རི་བོང་གནམ་རྡིབ་བྱུང་ངོ་། ཧ་ཧ།

2015.09.17 ཉིན་བྲིས།

རྩོམ་རིག

Post navigation

Previous Post: དཔའ་བོ་ཞིག་བོར་བས་དྲན་གདུང་ལྕི།
Next Post: དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་བུ་ཆུང་བ་གཉིས་ལ་སྤྲིངས་པའི་འཕྲིན་ཡིག

Comments (3) on “སྐམ་གྱོང་ཁོ་མི་ག་འདྲ་ཞིག་ཏུ་འགྱུར་ཡོང་།”

  1. ཀརྨ་བློ་གསལ་ says:
    2015-09-17 at 11:54 pm

    གསར་འགོད་རང་དབང་མེད་པ་མ་གཏོགས་བོད་པ་དང་ཡུ་གུར་པ་རྒྱ་ནག་ནང་དུ་མགྲོན་ཁང་ནང་སླེབས་མ་ཐག་ཉེན་རྟོགས་པ་ཡོང་ནས་ཁྲིད་འགྲོ་གི་ཡོད་པ་རེད། ཨ་རི་ལ་གསར་འགྱུར་རང་དབང་ཡོད་པས། ཕྲུ་གུ་དེ་སྐད་གྲགས་ཆགས་པ་དང་། རྒྱ་ནག་ནང་གསར་འགྱུར་སོགས་གང་ཅིའི་ཐད་རང་དབང་མེད་པས། བོད་པ་དང་ཡུ་གུར་བར་སྐད་གྲགས་ཆགས་ཀྱི་ཡོག་མ་རེད། ཁྱེད་ཀྱིས་གནས་ཚུལ་འདི་བཏང་བར་བརྟེན་ནས་མི་མང་ལ་དེ་ངོ་འཕྲོད་ཐུབ་ཀྱི་ཡོད།

  2. ཡེ་ཤེས་དཔལ། says:
    2015-09-18 at 1:43 pm

    འོད་གྲི་ལགས། ཚིག་སྦྱོར་དེ་དང་བསམ་གཞིག་ཏེ་དེ་འདྲའི་ཡག་པ་ལ། ཐེངས་བཀླགས་ཡིན།

  3. ཡེ་ཤེས་དཔལ། says:
    2015-09-18 at 1:44 pm

    འགར

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme