Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐབས་བཅུ་བཅོ་ལྔ་པའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ལམ་དུ།

Posted on 2011-09-182011-09-18 By rigdon 12 Comments on སྐབས་བཅུ་བཅོ་ལྔ་པའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ལམ་དུ།

ཐེངས་འདིའི་སྤྱི་འཐུས་གྲོས་ཚོགས་ནས་གངས་ཅན་བོད་ཀྱི་ལོ་རྒྱུས་སྤྱི་དང་། ལྷག་དོན་ཆབ་སྲིད་ཀྱི་འཛིན་སྐྱོང་ལ་ཕུགས་གནོད་ཀྱི་ལས་དོན་ཐབས་སྐྱོ་པོ་ཞིག་བྱས་པར་བརྟེན་ང་ཚོ་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ཀྱི་བློ་ཡིད་ཕམ་དགོས་པ་ཞིག་བྱུང་། སྤྱི་འཐུས་རྣམ་པ་ཚོ་ནི་གཞིས་བྱེས་བོད་མིའི་རེ་འདོད་མཚོན་མཁན་ཞིག་ཏུ་བརྩིས་ཏེ་མགྲིན་ཚབ་ལ་བདམས། འོན་ཀྱང་། སྐབས་འདིར་བོད་རྒྱལ་ཁབ་ཀྱི་ཤི་སོན་དང་མི་རིགས་ཀྱི་སྙིང་སྟོབས་འཕེལ་བའི་གནད་དོན་གལ་ཆེན་པོ་དེ་གཉིས་ཀྱི་ཐོག་ལ་མང་མོས་བྱུང་མེད།
མ་འོངས་པར་གནད་དོན་དེ་ལས་བྱུང་བའི་འགན་འཁྲིའམ་ཐ་ན་ཉེས་པ་སྐབས་བཅོ་ལྔ་པ་འདིའི་སྤྱི་འཐུས་མི་རེ་ངོ་རེ་ནས་འཁྱེར་དགོས་པ་རེད། ཁྱེད་རྣམ་པ་ཚོས་གསལ་པོ་ཤེས་དགོས་པ་ཞིག་ལ། “སྲིད་གཞུང་”ཞིག་མེད་པའི་རྒྱལ་ཁབ་ག་པར་འདུག་གམ། བོད་མིའི་སྤྱི་འཐུས་ལྷན་ཚོགས་དེ་ཡང་བཙན་བྱོལ་དུ་བོད་མིའི་“གཞུང་”ཞིག་ཡོད་པ་ལས་ཆགས་པ་ཤིག་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་གཞན་པས་བཙན་བྱོལ་བོད་མིའི་གཞུང་འདི་ངོས་ལེན་བྱེད་ཀྱི་ཡོད་རུང་མེད་རུང་། གཞིས་བྱེས་བོད་མི་ཚང་མས་ལྟོས་མི་དགོས་པར་ཁས་ལེན་བྱེད་པ་འདི་ལས་རྩ་བ་ཆེ་བ་ཞིག་གང་ལ་འདུག་གམ། ཐ་ན་ང་ཚོའི་ཁ་གཏད་རྒྱ་དམར་གཞུང་དེས་ཀྱང་སྤྱི་ལོ་ ༡༩༥༠ལོར་བོད་རྒྱ་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་ཞིག་བཙན་དབང་གིས་བཞག་ཏུ་བཅུག་པའི་སྐབས་
སུའང་ཐ་སྙད་ “བོད་ས་གནས་སྲིད་གཞུང་” ཞེས་བོད་མིར་ “སྲིད་གཞུང་”ཞིག་ཡོད་པ་གསལ་པོར་འཁོད་མི་འདུག་གམ། དེས་ཀྱང་ “གཞུང་” ཞེས་པ་དེ་གལ་ཆེན་པོ་ཇི་ཙམ་ཡོད་མེད་ཀྱི་གནས་བབ་བཟུང་མི་འདུག་གམ།
རང་མི་རིགས་ཀྱིས་གནའ་རབས་སུ་རྒྱལ་ཁབ་དང་ས་ཁོངས་དབྱེ་བའི་གོམས་སྲོལ་ཞིག་ཆགས་པ་ནས་བཟུང་། དེ་རིང་བར་ཐབས་སྣ་ཚོགས་དང་ཐ་ན་ཁྲག་གྲོན་བཏང་ནས་ལྟོས་མེད་ཀྱིས་རྩོད་དགོས་པའི་དོན་ཆེན་པོ་ “བོད་མིའི་གཞུང་” དང་ “སྲིད་”འདི་རེད། དེ་དག་མི་རབས་ནས་མི་རབས་བར་སྐྱོང་ཐུབ་པའི་ཆེད་དུ་དེང་སྐབས་ཀྱི་དམངས་གཙོའི་འགྱུར་བགྲོད་ལ་ཞིག་ཏེ་༧གོང་ས་མཆོག་ནས་དམངས་གཙོ་ཆ་ཚང་བ་དང་། དེ་སྐྱོང་བའི་གདེམ་ཐོན་བྱེད་པོ་གསོལ་རས་སྩལ་བར་གྲོས་འཆམ་མ་ཐུབ་པར་ལྟོས་བྱེད་ཡིན་པའི་ཡུལ་གྲུ་
གཞན་ལ་བསྟུན་ཏེ་“བོད་མིའི་སྒྲིག་འཛུགས་”ཞེས་པའི་ཐ་སྙད་ལ་དགོས་པ་གལ་ཆེར་བརྩི་དགོས་དོན་གང་ཡིན་ནམ། གཞན་ཡང་། “སྲིད་སྐྱོང་”ཞེས་པའི་མཚན་དེའི་སྐོར་ལ་གུས་པས་འདི་གར་འགྲེལ་བརྗོད་ཞིབ་ཕྲ་བྱེད་པའི་དགོས་པ་མི་མཐོང་། ཡིན་ན་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལོ་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གཞིས་བྱེས་བོད་མིས་དམངས་གཙོའི་ལམ་ནས་བདམས་ཐོན་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དམ་འབུལ་མཛད་སྒོའི་ཐོག་ཏུ་ “སྲིད་སྐྱོང་” ཞེས་པའི་ཐ་སྙད་དེ་གལ་འགངས་ཆེན་པོའི་ངང་ནས་འཛམ་གླིང་འདིའི་སྟེང་ཐེངས་མང་བེད་སྤྱོད་གནང་བ་མ་ཟད། “སྲིད་སྐྱོང་”ཞེས་པའི་ཐ་སྙད་དེར་དགོངས་འགྲེལ་དང་འབྲེལ་རྩིས་སྤྲོད་མཛད་པ་ཁྱེད་རྣམ་ཚོས་མ་གཟིགས་སམ། འདི་ནི་བྱིས་པའི་རྩེད་མོ་ལྟར་མ་ཡིན་པར་མི་ལོ་དྲུག་བཅུའི་ཉམས་མྱོང་གི་ཐོག་ནས་ཐུགས་ཐག་ཆོད་དེ་འགན་བཞེས་པ་ཞིག་རེད། བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེའི་གསུངས་བཤད་ཀྱི་ནང་དུའང་ “བོད་མིའི་སྲིད་གཞུང་” ཞེས་ཐ་སྙད་དེ་ཐེངས་མང་པོ་འདོན་པ་གཅིག་མཚུངས་རེད། ཁྱེད་རྣམ་ཚོ་ཚང་མས་མང་ཚོགས་ཀྱི་མདུན་དུ་སྤྱི་འཐུས་ཀྱི་འོས་མིར་ལངས་པའི་སྐབས་སུ་དམག་ཁས་ལེན་མདུང་སྐེད་པར་གཟེར་བ་ཞིག་མིན་ནམ། ང་ཚོ་གཞིས་བྱེས་བོད་མི་ཚོས་ཁྱེད་རྣམ་ཚོ་སྤྱི་འཐུས་སུ་འཐེན་འཇོག་ཐུབ་པའི་ཐོབ་ཐང་དང་ནུས་པ་ཡོད་པ་དགོངས་པར་མངའ་བར་ཞུ། དེར་བརྟེན་བོད་ཀྱི་བདེ་རྩ་ལ་དམིགས་ཏེ་མང་ཚོགས་ནས་རང་རང་གིས་བདམས་པའི་སྤྱི་འཐུས་འདིས་རང་ཉིད་ཀྱི་མགྲིན་ཚབ་དང་། བོད་ཀྱི་བསྟན་པ་ཆབ་སྲིད་ལ་མི་གོ་ཆོད་པ་ཞིག་ཡིན་མིན་གྱི་སྟངས་འཛིན་བྱེད་རྒྱུ་དེ་གལ་ཆེར་མཐོང་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་གྲོས་ཚོགས་ནས་གོང་གསལ་གྱི་གནད་དོན་གཉིས་པོའི་ཐོག་བཅའ་ཁྲིམས་ཀྱི་ནང་
དུ་བསྒྱུར་བཅོས་གཏོང་རྒྱུར་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་འཐུས་དང་འགག་ཆ་གནང་མཁན་གྱི་སྤྱི་འཐུས་སུ་དང་སུ་ཡིན་མིན་གྱི་མཚན་གཞུང་རྣམས་སྐབས་འདིའི་གྲོས་ཚོགས་མ་ཚར་གྱི་སྔོན་ལ་ཕྱིར་བསྒྲགས་གནང་སྐྱོང་ཡོང་བའི་རེ་འབོད་ཞུ་རྒྱུ་དང་། སླད་བོད་མིའི་བདེ་རྩ་དང་འབྲེལ་བའི་གནད་དོན་གང་ཞིག་ཐོག་ཏུ་གྲོས་ཆོད་བཞག་ཚེ། ངེས་པར་དུ་གྲོས་ཆོད་བྱེ་བྲག་སོ་སོར་རྒྱབ་སྐྱོར་དང་འགག་ཆ་གནང་མཁན་གྱི་མཚན་གཞུང་གསལ་པོ་འཁོད་ཐུབ་པའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།

སྣ་ཚོགས།

Post navigation

Previous Post: རྡ་རམ་ས་ལའི་ཆབ་སྲིད་གྲོག་མ།
Next Post: རྣམ་ཤེས་ཤིག་ལ་སྐྱེལ་མ་ཞུ་བ།

Comments (12) on “སྐབས་བཅུ་བཅོ་ལྔ་པའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ལམ་དུ།”

  1. སྐྱུ་རྩི་ནས། says:
    2011-09-18 at 2:54 am

    བཙན་བྱོལ་བོད་གཞུང་གི་ཚབ་ཏུ་དབུས་བོད་མིའི་སྐྱིད་སྡུག་ཅེས་འབོད་པ་ནི་རྒྱ་དམར་གཞུང་ལ་དར་དཀར་ཕྱར་ནས་མགོ་འབུལ་ལུས་འབུལ་བྱས་པ་ཞིག་རང་ཡིན་པས་ང་ཚོ་ཚང་མ་བློ་ཕམ་དེ་ལས་མ་འདས། བོད་གཞུང་དགའ་ལྡན་ཕོ་བྲང་མེད་པ་བཟོས་ཀྱང་བོད་མི་ས་ཡ་དྲུག་གི་གཞུང་མཚོན་པའི་བཙན་བྱོལ་བོད་གཞུང་མེད་པ་བཟོས་ན་ཆོག་གམ། དེ་ནི་གཞིས་ལུས་བོད་མིའི་སེམས་ཁམས་ལ་རྡོག་རྫིས་བཏང་བ་ཞིག་རང་ཡིན། ད་རང་བཙན་ལག་དེབ་ཀྱི་མ་དངུལ་ཇི་ལྟར་བསྡུ་ཐུབ་བམ། སྐྱིད་སྡུག་གཅིག་ལ་ཞལ་འདེབས་འབུལ་བར་ངོས་འཛིན་རྒྱུ་ཡིན་ནམ། ད་ལྟའི་སྤྱི་འཐུས་དེ་ཚོ་བཀའ་ཁྲི་གསར་པའི་མཛུབ་མོ་གང་བསྟན་ཤར་རེད་འདུག་པས་སྤྱི་བའི་ལས་དོན་བསྒྲུབ་རྒྱུ་ཕར་ཚད་རེད། ད་དེ་ཚོར་བསམ་བློ་བཏང་ན་མགོ་ན་རོགས་རེད། ཡིན་ན་ཡང་བློ་ཕམ་ཡོད། འགའ་རེས་མིང་ཙམ་ལ་ཁྱད་པར་མེད་ཅེས་གསུངས་ཀྱི་ཡོད་ན་ཚིགས་དུ་མ་བསྡུས་པ་ལས་མིང་དང་། མིང་དུ་མ་བསྡུས་པ་ལས་དོན་གྲུབ་ཀྱི་ཡོད་པ་དེ་ཡང་མ་ཤེས་པའི་མཁས་པ་སྐྱོ།

  2. འོད་ཟེར་ says:
    2011-09-18 at 5:11 am

    འོ་ལག་སོ་གྲོག་པོ་རྣམ་པ་གཉིས་ཀྱིས་གསུང་པ་ལོས་བདེན་འོན་ཀྱང་ཁ་སིང་བསྒྲོ་གླིང་སྐབ་པདྨ་འབྱུང་གནས་ཀྱིས་གསལ་པོ་གསུང་སོང་ངམ་ འདི་དཀོར་ཚང་མ་ཡིད་བཞིན་ནོར་བུའི་དབུ་ལ་གཡོག་སོང་དེ་འདྲ་ཡིན་ན་མགོ་བཅད་ན་ཕྱག་མ་སྣད་ཞུ་རྒྱུ་ལས་ལྷག་མེད་ མ་ཡིན་ན་དགུ་བཅུ་གསུམ་དང་གཞོན་ནུས་བཤད་པ་ལྟར་ཡིན་ན་ནི་ང་ཁྱེད་རྣམ་པ་གཉིས་ལ་མོས་འཐུན་ཡོད་ ང་ལ་དབང་ཞིག་ཡོད་ན་ངས་མིང་འདི་འདྲ་ཞིག་བརྟག་

    བོད་ཆོལ་གསུམ་ཆིག་སྒྲིལ་རྒྱ་བཞུང་ཕྱོག་ལས་རྣམ་རྒྱལ་ ཞེས་འབོད་ ཉམ་ཆུ་ཚིག་པ་ཟ་ན་སུ་ཐོབ་ཧཧཧ
    སྤྱི་མཐུས་རྣམ་པ་སྣང་བ་སྤྲོ་ཐིག་རེད་ཉམ་ཆུང་ཚིག་བདག་པོ་ག་ནས་ཡང་

  3. འོད་ཟེར་ says:
    2011-09-18 at 5:11 am

    འོ་ལག་སོ་གྲོག་པོ་རྣམ་པ་གཉིས་ཀྱིས་གསུང་པ་ལོས་བདེན་འོན་ཀྱང་ཁ་སིང་བསྒྲོ་གླིང་སྐབ་པདྨ་འབྱུང་གནས་ཀྱིས་གསལ་པོ་གསུང་སོང་ངམ་ འདི་དཀོར་ཚང་མ་ཡིད་བཞིན་ནོར་བུའི་དབུ་ལ་གཡོག་སོང་དེ་འདྲ་ཡིན་ན་མགོ་བཅད་ན་ཕྱག་མ་སྣད་ཞུ་རྒྱུ་ལས་ལྷག་མེད་ མ་ཡིན་ན་དགུ་བཅུ་གསུམ་དང་གཞོན་ནུས་བཤད་པ་ལྟར་ཡིན་ན་ནི་ང་ཁྱེད་རྣམ་པ་གཉིས་ལ་མོས་འཐུན་ཡོད་ ང་ལ་དབང་ཞིག་ཡོད་ན་ངས་མིང་འདི་འདྲ་ཞིག་བརྟག་

    བོད་ཆོལ་གསུམ་ཆིག་སྒྲིལ་རྒྱ་བཞུང་ཕྱོག་ལས་རྣམ་རྒྱལ་ ཞེས་འབོད་ ཉམ་ཆུ་ཚིག་པ་ཟ་ན་སུ་ཐོབ་ཧཧཧ
    སྤྱི་མཐུས་རྣམ་པ་སྣང་བ་སྤྲོ་ཐིག་རེད་ཉམ་ཆུང་ཚིག་བདག་པོ་ག་ནས་ཡང་

  4. ཨ་ཁུ་སྟོན་པ་ says:
    2011-09-18 at 5:30 am

    ཉེ་ཆར་རྒྱལ་ཡོངས་ཚོགས་ཆེན་སྐབས་མི་མང་རྒྱ་ཆ་ ༨༠ ཙམ་གྱི་བཙན་བྱོལ་བོད་གཞུང་ལ་འདོད་པ་བྱུང་པ་དང༌། རྒྱ་ཆ་ ༢༠ ཙམ་མ་གཏོགས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་འདོད་པ་བྱུང་མེད་ཀྱང༌། སྔར་སྐུ་དྲག་གི་རིང་ལུགས་ལྟར་ཟམ་གདོང་བླ་མ་གཙོ་བོར་གྱུར་པའི་མི་ཆེན་འགའ་ཞིག་གིས་བཙན་པོ་དབང་ཡོད་དང་ཧམ་བཤད་ཀྱིས་བོད་མིའི་སྒྲིག་འཛུགས་ཞེས་གྱུར་བ་བཏང་བ་ཡིན། ༼མི་ཆེན་༧གོང་ས་མེད་དོ། ༧གོང་ས་མཆོག་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཞིག་ཡིན་པས། ཟམ་གདོང་བླ་མ་དང་སྐུ་སྒེར་ལས་ཁུངས་ནས་གང་ཞུས་ཞུས་ཡིན།༽ད་དུང་ཡང་ང་རང་ཚོའི་སྲིད་གཞུང་དེ་གྱུར་བ་མ་འགྲོ་བར་སྔར་བཞིན་ཡིན་ན་དེ་ལ་མང་གཙོ་ཞེས་པའི་ཐ་སྙད་གཏགས་པ་དེ་མི་མང་ལ་མགོ་སྐོར་བླུ་བྲིད་ཅན་ཞིག་གི་སྲིད་གཞུང་ཞིག་ཏུ་འགྱུར་བའི་ཉེན། བོད་མི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ཞེས་པ་ལ་སྒྱུར་བ་མ་གཏང་ན། ང་ཚོ་བོད་མི་བརྒྱ་ཕྲག་གཅིག་ཙམ་ནས་དུས་ད་ནས་ཟུང་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་སྤྲོད་རྒྱུ་མིན་པའི་ཁས་ལེན་བྱེད་ཀྱི་ཡིན་ནོ། །ང་རང་ཚོའི་རང་ཉིད་ཀྱིས་རང་མེད་པ་བཟོས་བཞིན་འདུག །དཔེར་ན་བོད་གཞུང་ནས་རྒྱ་ནག་ལ་རང་བཙན་མ་དགོས་ཞེས་པ་དང༌། དེ་བཞིན་བོད་གཞུང་ཞེས་མིང་མེད་པ་བཟོས་པ་སོགས་བྱ་ངན་མང་དག་ཞིག་སྤེལ་ཡོད། ཟམ་གདོང་བླ་མ་དྷ་རམ་ས་ལ་གཡས་གཡོན་དུ་མ་བཞུགས་རོགས་གནང༌།

  5. ཨ་ཁུ་སྟོན་པ་ says:
    2011-09-18 at 5:55 am

    ༧གོང་ས་མཆོག་ད་ནས་ཟུང་ཆོས་སྲིད་གཉིས་ཐ་དད་ཡིན་ཞལ་དྲོ་མོ་ནས་ལན་མང་གསུངས་པ་དེ་སྤྱི་འཐུས་དང་བཀའ་ཤག་ཚོས་ཐོས་ཡོད་ས་མིན་འདུག་གང་དྲག །མ་འོངས་པར་བོད་གཞུང་གང་འདྲ་ཞིག་གྱུར་བ་དེ་སྤྱི་འཐུས་དང་སྲིད་འཛིན་དེ་བཞིན་དམིགས་བསལ་གྱི་ཟམ་གདོང་བླ་མ་ལ་འགན་ཡོད། མི་བྱེད་དགུ་བྱེད་གནང་མཁན་ཚང་མ་ཟམ་གདོང་བླ་མ་ཡིན། ཟམ་གདོང་བླ་མ་དྷ་རམ་ས་ལ་གཡས་གཡོན་དུ་མ་བཞུགས་རོགས་གནང༌།

  6. yum says:
    2011-09-18 at 7:36 am

    རང་བཙན་མ་དགོས། །
    བོད་གཞུང་མ་དགོས། །
    ༧གོང་ས་མཆོག་ནས་གསུངས། །
    ཟམ་གདོང་བླ་མ་འགན་མེད་བཞུགས་རོགས་གནང༌། །

    རང་བཙན་མི་ཆོག །
    བོད་གཞུང་མི་ཆོག །
    རྒྱ་གར་གཞུང་ནས་གསུངས། །
    ཀ་ཅ་ཀ་རྟགས་མ་མང་ཁ་ཁ་བཞུགས་།

  7. རང་གྲོལ། says:
    2011-09-18 at 1:32 pm

    ད་ལྟད་མོ་ཆེན་པོ་འདུག གཞོང་པ་སྟོང་པའི་གཞོང་འཛིངས་རྒྱག་བཞིན་པའི་སྒང་རེད་འདུག་གོ །ད་བློ་སེང་ཁོ་རང་གང་བྱེད་ཀྱང་ཁོ་རང་གི་འདོད་པ་རེད། སུ་ལའང་བྱུས་གཏོགས་ཡོག་མ་རེད། ལོའ། ཀ་ཅའ། ད་འགྱོད་པ་སྐྱེས་ན་ཕྱིས་དྲག་ཚར་བ་རེད། དེ་ལས་གཉིད་སྐྱིད་པོ་བྱས་ཉོལ།

  8. ནམ་མཁའ་འོད་ཟེར། says:
    2011-09-18 at 2:25 pm

    ཁྱེད་ཚོར་དེ་འགྲ་བའི་མཁས་མདོག་དང་གྲུང་མདོག་མང་པོ་བཤད་གི་འདུག་ཏེ་ཡིན་ན་ཡང་དེ་སྔ་མི་ལོ་ཧྲིལ་པོ་༦༠ནང་ལས་དེ་སྔོན་གི་མཚན་བྱང་རྙིང་པ་དེ་དུས་ད་ལྟ་བར་དུ་བེད་སྤྱོད་གཏོང་བའི་རིང་ལ་གཞིས་བྱེག་གཉིས་ལ་ཕན་པ་མེད་པའི་གནོད་པ་འབྱུང་ཡོད་རེད་ག་རེ་ཟེར་ན་བོད་མི་མང་པོ་སྲོག་ཤོར་བ་དང་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ་བ་སོགས་དེ་ལ་འགན་ཡོད་རེད། ཁྱེད་ཚོར་ཁ་བདེ་པོ་དང་མཆུ་རྣོན་པོ་ཁ་ཤེས་ཞིག་གི་མཁས་འདོག་དང་གྲུང་འདོག་བྱས་ནས་གཞིས་བྱེས་གཉིས་ཀྱིས་ངོ་ཚོབས་ཡིན་འདོག་གི་བཀའ་ཁྲི་དང་སྤྱི་མཐུན་ལ་སྐྱོན་བཙུགས་ཡ་དེ་ནོར་འཕྲུལ་རེད།

  9. གངས་སྤྲེལ་ཚ། says:
    2011-09-18 at 4:26 pm

    སྤྱི་འཐུས་ཙང་མས་རྩ་དགོངས་ཞུ་རྒྱུའི་རེ་བ་ཆེན་པོ་ཡོད། གང་ཡིན་ཞེ་ན་གོང་ས་མཆོག་གི་བཀའ་དགོངས་ལ་འཁྱོག་འགྲེལ་བྱེད་རྒྱུ་དག་དག་རེད་་་་་ད་གང་ཡང་དགོས་ཕན་མེད། སྲིང་སྐྱོང་གོང་ས་མཆོག་གིས་གསུང་བར་དགག་པ་བརྒྱབ། སྒྲིག་འཛུན་ཁོ་རང་ཚོས་གསར་བཟོ་བྱེད་་་་ད་ཅི་ཞིག་རེད་་་་

  10. yum says:
    2011-09-18 at 4:55 pm

    བཀའ་ཁྲི་དང་
    བཀའ་ཤག་དང་
    སྤྱི་མཐུས་དང་
    སྲིང་སྐྱོང་དང་
    བཙན་བྱོལ་བོད་གཞུང་དང་
    རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་གང་ཡང་དགོས་ཕན་མེད།
    ད་བར་རྒྱ་གར་གཞུང་ལ་རེ་བ་ཞུས་ཡོད། །

  11. རང་གྲོལ། says:
    2011-09-19 at 2:12 am

    ད་དྲི་བ་གཏོང་དགོས་ཡོད་ན། སྔ་བསམ་ཕྱི་བསམ་མེད་པར་སྨྱོ་བ་ལྟར་འོས་ཤོག་འཕེན་མཁན་གྱི་སློབ་ཕྲུག་ཚོ་དང་། གྲྭ་བཙུན། མངའ་རིས་པ་སོགས་ལ་བྲིས། བོད་འཕུང་ལ་སྦྱར་ན་འགན་ཁོ་ཚོར་ཡོད་རེད་དོ། སྲིད་སྐྱོང་བ་ལ་གང་ཡང་ཤོད་ཡས་ཡོད་པ་མ་རེད།

  12. བཙན་སྨྱོན་ནས་། says:
    2011-09-19 at 12:30 pm

    ཁོ་རེ་ཟོང་འདུང་ཕུང་སེ་མགོ་སྐྱ་མིན་སེར་མིན་བྱེད་ནས་མདོ་སྟོད་ཆུ་བཞི་སྒང་དྲུག་གཅིག་པོ་མི་ག་ཚོད་སྲོག་ཕུང་ཡོད་རྒྱ་མི་གཅིག་ལ་དབྱུག་པ་གཅིག་ཞུ་ཡ་གོ་མ་སོང་ཁོ་རེ་ཕུང་སེ་ད་ཁྱོད་རྡ་རམ་ས་ལ་མ་སྡད་རོག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme