Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་འོས་མི་ཚེ་རིང་ལོ་བརྒྱ་ལ་བཅར་འདྲི།

Posted on 2015-08-282015-08-28 By ཁ་བརྡ་ 7 Comments on སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་འོས་མི་ཚེ་རིང་ལོ་བརྒྱ་ལ་བཅར་འདྲི།

unnamed——–སྤྱན་ཆེན་པོ།

 
༡༽ ཐོག་མར་དགེན་མཆོག་ལ་རྟེན་འབྲེལ་ཞུ་བ་དང་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་ལངས་དགོས་པའི་དགེ་བ་རྒྱུ་མཚན་ཅི།

དེ་རིང་སྐད་གསེང་མཐོན་པོས་བརྗོད་རྒྱུ་ཞིག་ལ་ད་ནི་ང་ཁུ་སིམ་པོར་འདུག་པའི་དུས་སུ་སླེབས་མི་འདུག་སྙམ་པའི་ཚོར་བ་ཤུགས་ཆེར་ཞིག་གིས་ཡང་ཡང་སྒུལ་གྱིན་འདུག་ལ། ནམ་རྒྱུན་ཡིན་ན་རང་ཉིད་གནས་བཅའ་སའི་སློབ་གྲྭའི་ཁོར་ཡུག་ནས་ཁུ་སིམ་པོར་མི་རིགས་ཤིག་གི་ཆེད་དུ་སེམས་ཁུར་བགྱིས་པ་ཡིན་ལ། སྐབས་རེར་ཤེས་ཡོན་སློབ་གསོ་ཐད་ནས་འདང་གིན་མེད་པའི་ཚོར་བ་ནམ་ཞར་དུ་སྐྱེས་མཁན་ཞིག་ཡིན། འདིའི་ཆེད་དུ་ཡིག་ངག་གཉིས་ཐད་ནས་བསྒྲགས་གཏམ་མི་ཉུང་བ་ཞིག་ཀྱང་སྤེལ་ཁུལ་བྱས་པ་ཡིན་ཡང་ས་སྟོང་ལ་བུའུ་སྟོང་གི་དཔེ་ལས་མ་འདས་པས། མཚམས་རེར་འགྱོད་སྣང་གིས་ཡང་ཡང་གཙེས་ཀྱིན་འདུག
རྒྱུ་མཚན་ནི་སྐབས་བཅོ་ལྔ་བའི་སྤྱི་འཐུས་སུ་མང་བོ་ཞིག་གིས་ལངས་དགོས་པའི་རེ་སྐུལ་བྱས་ཀྱང་སྐབས་ཐོག་དེར་མ་ལངས་པའི་འགྱོད་པ་ད་ལྟ་ད་དུང་ཡིན་ན་འདུག།

སྐབས་དེར་ང་ལངས་ཏེ་སྤྱི་འཐུས་ཤིག་ཆགས་ཡོད་པ་ཡིན་ན་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་རྩ་དོན་དང་བཙན་བྱོལ་བའི་སློབ་གསོ་ཁ་ཕྱོགས་དེ་རང་སྟེང་དུ་གོམ་པ་སྤོས་ཡོད་རྒྱུ་རེད་བསམ་པའི་གདེངས་ཚོད་ཅིག་འདུག།དེ་ཡོད་དགོས་པའི་རྒྱུ་མཚན་ནི་མི་རིགས་ཤིག་གསོན་མ་གསོན་ནི་མི་རིགས་དེའི་སྐད་ཡིག་དེ་དང་འགྱེལ་ས་ནས་ལངས་ཐུབ་མ་ཐུབ་པ་དེའང་སློབ་གསོ་ཁ་ཕྱོགས་དེ་ལ་ཐུག་ཡོད་པས་ཡིན། ཕྱོགས་གང་ནས་བསམ་ཡང་ད་ནི་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་ལངས་ནས་བོད་དོན་བདེན་མཐའ་ཆེད་དུ་གཅིག་མ་བྱས་ན་འགྲིག་གི་མེད་པའི་བསམ་བློ་དེ་ནམ་ཞར་དུ་ཡིད་ལ་འཁོར་མཁན་ཞིག་ཡིན་པས་སྟོང་ལོ་བཅུ་དྲུག་པ་འདི་གོ་སྐབས་རྩ་ཆེན་ཞིག་ཏུ་འདོད་བཞིན་ཡོད་ལ་མང་པོ་ཞིག་གིས་ཀྱང་རང་ཉིད་ཀྱི་བསམ་པ་བཞིན་རེ་སྐུལ་ཡིག་ངག་གཉིས་ཐད་ནས་གནང་གིན་འདུག་པས་གདེངས་སྤོབས་དང་བཅས་ང་ལངས་བཞིན་ཡོད། དེ་ཡང་ང་སྐྱིད་པོ་རྒྱགས་པ་དང་ཤོག་བུ་སྟེང་གི་སྟག་ཅིག་བྱེད་འདོད་པའི་ཀུན་སློང་ལས་ཡོངས་སུ་བརྒལ་ནས་གཞིས་བྱེས་གཉིས་ཀྱི་མ་ཤི་གསོན་བྲལ་གྱི་སྡུག་བསྔལ་འདི་དག་གི་དོན་དུ་སྐབས་བཅུ་དྲུག་པའི་སྤྱི་འཐུས་སུ་མི་ལངས་ག་མེད་ཆགས་སོང་བས་ཡིན་ལ་འཕྲལ་ཕུགས་གང་ནས་བསམ་ཡང་ས་མཐའ་འཁྱམས་པའི་དམིགས་ཡུལ་ཡང་འདི་ལས་མ་འདས་པས་ཡིན།

༢༽ ངས་ཡིད་ལ་དྲན་པ་ཞིག་ལ་དགེན་ལགས་ནས་སློབ་ཕྲུག་ཚོར་དམིགས་ཡུལ་ཆེན་པོ་འཛིན་དགོས་ཚུལ་ལས་མ་འོངས་པ་ང་ཤེས་རིག་བཀའ་བློན་གྱི་དམིགས་ཡུལ་ཡོད་ཚུལ་ལས་སྤྱི་འཐུས་སུ་ཐོབ་ན་དེ་དོན་འགྲུབ་ཐུབ་རྒྱུ་རེད་བསམ་གྱིན་འདུག་གམ།
ཧ་ཧ་ཧ་ཧ་ཧ་ཟེར་ནས་དགོད་ཞོར་དུ་སྐད་ཆ་དེ་བདེན་པ་རེད་ལ་ནམ་ཞར་དུ་རྨི་ལམ་དེ་འདྲ་རྨིས་མཁན་ཞིག་ང་རེད་ལ་སྡུག་དེ་འཁུར་མཁན་ཞིག་ཀྱང་དངོས་ཡོད་རེད། དེ་ལྟར་དམིགས་ཡུལ་འཛིན་དགོས་པའི་དགོས་པའང་མི་ལོ་འདི་དག་གི་རིང་དུ་སྤྱི་ཚོགས་འདིའི་ཟ་དང་ཟུར་ནས་སྐུལ་ལྕག་ཡང་ཡང་བཏང་བ་ལ་བརྟེན་ནས་ཤེས་རིག་བཀའ་བློན་ཞིག་ཏུ་འགྱུར་ན་ཐབས་ཤེས་གང་མང་ཞིག་གིས་འགྱུར་བ་གཏོང་དགོས་པའི་བློ་རྒྱ་དེ་དང་འཆར་གཞི་ཞིག་ཡོད་སོང་བས་རེད། དེའང་བོད་ཕྱི་ནང་གཉིས་དང་ཕྱིའི་རྒྱལ་ཁབ་ཁག་གི་སློབ་གསོ་ཁྲོད་ནས་འཚར་ལོངས་བྱུང་བའི་བརྒྱུད་རིམ་དེ་དག་གིས་མྱོང་སྣང་ལས་འུ་ཚོའི་ཤེས་ཡོན་སློབ་གསོ་དེའི་འདང་གིན་མེད་པའི་ཚོར་བ་ཤུགས་ཆེན་ཞིག་གིས་གཅུ་ལོག་ཡང་ཡང་བརྒྱག་གིན་འདུག་པ་མ་ཟད། ༸གོང་ས་མཆོག་གིས་སྐུ་དྲིན་ལས་ཡུལ་གྱར་བའི་ཡུལ་འདི་ན་ཡིག་རྨོངས་པ་ཞིག་དང་སློབ་སྦྱོང་གི་མཐུན་རྐྱེན་མ་འདང་བའི་དཀའ་ངལ་ཅི་ཡང་མེད་པའི་ཆ་རྐྱེན་འོག་ཏུ་གཞིགས་ན་མ་འདྲ་བ་ཞིག་ཡོད་དགོས་མོད་ཀྱང་། འོན་ཀྱང་འདི་ལྟར་མི་ལོ་ལྔ་བཅུ་འདིའི་རིང་དུ་འདི་ཡིན་དེ་ཡིན་ཟེར་བ་ཞིག་གྲངས་ཀ་བརྒྱག་ཐུབ་པའི་ཚོད་དུ་འདུག་པའི་གནས་སྟངས་དེ་འདྲ་གཅིག་རེད།

གཞན་ཆབ་སྲིད་ཐད་ནས་འུ་ཚོ་འགྱེལ་ས་ནས་ལངས་མ་ཐུབ་པར་མི་ལོ་དྲུག་ཅུ་འགོར་གྱིན་ཡོད་པ་འདི་དག་གི་རྒྱུ་རྐྱེན་ཡང་ཞིབ་ཏུ་དཔོག་ཐུབ་པ་ཡིན་ན། འུ་ཚོའི་སློབ་གསོ་སྤྲད་སྟངས་གང་ཅིའི་ཐད་ནས་དགོས་དམིགས་ཤིག་ཚང་གི་མེད་པ་ལས་བྱུང་བ་རེད་མ་གཏོགས། འུ་ཚོ་མི་རིགས་འདིའི་མ་འཇོན་པ་ཞིག་དང་མ་ནུས་པ་ཞིག་གཏན་ནས་རེད་འདོད་ཀྱི་མེད།
རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ཤེས་རིག་བཀའ་བློན་དམིགས་ཡུལ་དུ་འཛིན་དགོས་པའི་དགོས་པ་དེ་རེད་དེ་དམིགས་ཡུལ་དེ་ད་ལྟ་བར་དུ་འགྲུབ་ཐུབ་ཡོད་པ་མ་རེད། དེའང་སྲིད་སྐྱོང་སུ་ཞིག་གདམས་ཐོན་བྱུང་བ་ཡིན་ན་སྲིད་སྐྱོང་རང་ཉིད་ནས་ཐད་བསྐོས་ཀྱི་བཀའ་བློན་དག་འདེམས་བཞིན་ཡོད་པས་ང་འདྲ་བོ་སློབ་གྲྭ་ཁུག་ཀྱོག་དེ་འདྲ་ཞིག་ནས་མ་མཐོང་བ་ཡིན་རྒྱུ་རེད་སྙམ། (དགོད་ཞོར་དུ) འདི་ལྟར་མུ་མཐུད་ནས་སོང་བ་ཡིན་ན་འུ་ཚོའི་མི་རིགས་འདིའི་གནས་སྟངས་དང་སྐད་ཡིག་གི་ཆག་འཇིག།

ཕ་ངོ་མ་ངོ་མ་འཕྲོད་པར་གཞིས་བྱེས་གཉིས་ནས་མ་ཤི་གསོན་བྲལ་གྱི་སྡུག་བསྔལ་དེ་དག་འཁུར་རྒྱུ་ནི་བཟོད་ཐབས་མེད་པ་ཞིག་རེད། ལྷག་པར་དུ་༸མགོན་པོ་གང་ཉིད་ཀྱི་དགུང་ལོ་བཅུ་དྲུག་ནས་དེ་རིང་གི་དུས་འདིར་མི་རིགས་འདིའི་ཆེད་དུ་སྐུ་ངལ་མང་དག་ཅིག་གནང་བ་བསམ་ཡུལ་ལས་འདས་པ་ཞིག་རེད་ལ། ཞེ་ས་ནས་མ་ཞུ་ན་བོད་ཀྱི་གཏམ་དཔེ་ལྟར་མི་རྒས་ན་ཡུལ་དྲན་ཟེར་བ་བཞིན་༸མགོན་པོ་གང་ཉིད་ཀྱང་རང་ཡུལ་ལ་ཕེབས་འདོད་ཀྱི་འདུན་པ་ཤུགས་དྲགས་ཡོད་པ་རེད་བསམ་གྱིན་འདུག་ལ། ལྷག་པར་དུ་གཞིས་ལུས་མི་མང་གིས་ཀྱང་སྐོམ་པའི་ཆུ་དང་ལྟོགས་པའི་ཟས་བཞིན་མངོན་ལྐོག་གཉིས་ཐད་ནས་རེ་འདོད་ཀྱིས་སྦྱོར་བ་བརྩམས་ནས་རང་ལུས་མཆོད་འབུལ་གཅིག་པུའི་ཁ་ཆེམས་ནས་ཀྱང་ཁ་གྲགས་བཞིན་པ་དེ་དག་ནི་བསམ་ཡུལ་ལས་འདས་པ་དེ་རེད། འདི་དག་གི་ཆེད་དུ་མ་བྱས་ན་འགྲིག་གི་མེད་པའི་ཉེར་ལེན་ལས་འདི་ལོ་ངས་སྐད་གསང་མཐོན་པོས་སྟོང་ལོ་བཅུ་དྲུག་པའི་སྤྱི་འཐུས་སུ་ལངས་བཞིན་ཡོད་པ་འདི་རེད། འདི་ལས་དམིགས་ཡུལ་དེ་དང་ཐག་ཉེ་ས་ཞིག་དང་བཤད་ན་སྡིངས་ཆ་ཡོད་པ་ཞིག་ཏུ་འདོད་པས་ང་དང་ཐོག་སྤྱི་འཐུས་སུ་ལངས་དགོས་ཆགས་པ་རེད།

༣༽ དགེན་མཆོག་ནས་ལངས་དགོས་པའི་རྩ་དོན་ལྔ་ཞེས་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དེ་དག་རེ་རེ་བཞིན་འགྲེལ་བཤད་ཅིག་གནང་རོགས།

རེད་རེད ། ང་ལངས་དགོས་པའི་རྩ་དོན་ལྔ་བོ་དེ་དག་ནི ༸མགོན་པོ་གང་ཉིད་ཀྱི་རེ་འདུན་བསྒྲུབ་རྒྱུ། བོད་སྐད་ཡིག་བཀོལ་སྤྱོད་ཀྱི་རྩ་དོན། སློབ་གསོ་རང་ཕྱོགས་སུ་བསྒྱུར་བ། གཞིས་ལུས་བོད་མིའི་རེ་འདུན། ཆབ་སྲིད་ལས་འགུལ་རྒྱ་ནག་ལ་ཕྱོགས་པ།
དེ་དག་ནི་ཁ་སྟོང་ནང་གི་ཚིག་སྟོང་དང་དོན་མེད་འཆལ་གཏམ་ཞིག་གཏན་ནས་མ་ཡིན་ལ། དེ་དག་ངས་གསར་བསྟོད་བྱས་བཞག་པ་དེ་འདྲའང་མ་རེད་ལ་འདས་པའི་ལོ་རྒྱུས་ནང་དུ་ལག་ལེན་དུ་བསྟར་བཞིན་མེད་པ་ཞིག་ཀྱང་མ་རེད། ཡིན་ཡང་ལག་པའི་ཕྱི་ནང་དབྱེ་འབྱེད་གསལ་བོ་ཞིག་མེད་པའི་ཉེར་ལེན་ལས་ངས་རྩ་དོན་དེ་དག་དམིགས་སུ་བཟུང་ནས་ལངས་པ་རེད་མ་གཏོགས་ད་དུང་བསྒྲུབ་རྒྱུ་གཞན་མེད་པ་ཞིག་ཀྱང་གཏན་ནས་མ་རེད། གང་ལྟར་དེ་དག་ནི་ངའི་མྱངས་ཏེ་ཚོར་ནས་ཡོང་བ་ཡིན་དུས་དེ་དག་ལ་དམིགས་སུ་བཀར་ནས་བཤད་ས་ཞིག་ནས་བཤད། བསྒྲུབ་ས་ཞིག་ནས་བསྒྲུབ་སྟེ་འབད་པ་ཡིན་ན་ཏན་ཏན་འུ་ཚོ་གནས་སྟངས་འདི་ལ་རེ་བ་ཆེན་པོ་ཞིག་མཐོང་ནས་རྩ་བའི་རྩ་དོན་དུ་བཟུང་ནས་དེ་དག་བརྗོད་པ་ཡིན་ལ་རང་གཞན་གང་ནས་བསམ་ཡང་བདེན་གྲུབ་འདོད། གང་ལྟར་དེ་དག་རེ་རེ་བཞིན་སྟོང་མིན་ཙམ་དྲི་བ་གཉིས་པ་ལས་ཟ་དང་ཟུར་ནས་གླེང་ཡོད་པས་གོ་རྒྱ་ཅན་ཞིག་ཡིན་ན་དེ་ལས་འཐུས་པར་བྱས་ཆོག

གང་ལྟར་ཁྱེད་ཀྱི་དྲི་བ་ལྟར་རེ་གཉིས་སྦིར་ཙམ་ཞུ་བ་ཡིན་ན་༸མགོན་པོ་གང་ཉིད་ཀྱི་རེ་འདུན་བསྒྲུབ་རྒྱུ་ནི་འུ་ཚོའི་རེ་འདུན་ཡིན་ལ་མི་རིགས་འདིའི་བདེ་སྡུག་གི་གནས་སྟངས་ཤིག་ཀྱང་ཆགས་ཡོད་པས་རེད། ལྷག་པར་དུ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་ནས་འཚར་ལོངས་བྱུང་བའི་འུ་ཚོ་ལ་མཚོན་ན་སྨོས་ཅི་དགོས་ཏེ། ༸མགོན་པོ་གང་ཉིད་ཀྱིས་ལག་ཟུང་བྲང་དུ་སྦྱར་ནས་ཤར་ནུབ་ཀུན་ཏུ་ད་དུང་ད་ལྟ་ཡིན་ན་ཞབས་ཀྱིས་བཅགས་ནས་སྐུ་ལས་བསྐྱོན་བཞིན་པ་འདི་དག་མི་རིགས་འདིའི་ཆེད་དུ་ཡིན་པ་བཤད་མ་དགོས་པར་བཤམས་ཡོད་པ་དེ་དེ་བཞིན་རེད་ལ། ཉིན་རེའི་འཚོ་བའི་ཁྲོད་ན་དགའ་དགའ་སྐྱིད་སྐྱིད་ངང་འཚོ་བཞིན་པ་འདི་དག་ཀྱང་༸གོང་ས་མཆོག་དང་མ་འདྲེས་པ་ཞིག་གཏན་ནས་མེད་པ་ཡིན་ཙང་ཚོར་དགོས་པ་རེད་ལ་ཚོར་ནས་མི་ཆོག་པར་སོ་སོ་མི་རེ་ངོ་རེ་ནས་ལག་ལེན་དུ་བསྟར་རྒྱུ་ནི་གལ་ཆེན་དོན་ཆེན་ཞིག་ཡིན་པར་འདོད། འུ་ཚོར་ངན་ལང་དུ་སོང་བ་ཞིག་ལ་༸གོང་ས་མཆོག་མཐོང་ཐེངས་རེ་རེར་ཁ་ནས་སྐྱབས་སུ་མཆིའོ་ཞེས་ལག་ཟུང་བྲང་དུ་སྦྱར་ཙམ་སྦྱོར་ཙམ་ལས་ནམ་རྒྱུན་བསམ་སྦྱོར་ཐད་ནས་དེ་ཙམ་ཞིག་ཡོང་གིན་མེད་པའི་གནས་སྟངས་ཤིག་ཆགས་འདུག་བསམ་གྱིན་ཡོད།

གང་ལྟར་འདས་པའི་ལོ་རྒྱུས་ཡིན་ན་རེད་ལ་མ་འོངས་པའི་རེ་སྙེག་ཀྱང་ཡིན་ནའང་རེད། ༸གོང་ས་མཆོག་གི་རེ་འདུན་བསྒྲུབ་རྒྱུ་དེ་ནི་སྨོས་མ་དགོས་པ་ཞིག་ཅི་ལ་མིན་ཨང་། རང་ཉིད་ལ་མཚོན་ན་ནམ་རྒྱུན་གྲོགས་པོ་ཚོ་དང་སྐུ་རྩེད་མཉམ་དུའང་ལུས་གཅིག་སེམས་གཅིག་གིས་མི་ཚེ་འདི་༸གོང་ས་མཆོག་དང་བོད་གཞུང་ལ་འབུལ་ཡོད་ཟེར་ནས་བརྗོད་པ་བཞིན་ད་ལྟ་ད་དུང་ཡིན་ནའང་དེ་ལས་མ་འདས་པས་སོ།དེ་དང་མཉམ་དུ་གཞི་ལུས་བོད་མིའི་རེ་འདུན་ཡང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་སྟེ་རང་ས་རང་གིས་བཟུང་ནས་རང་དབང་ངང་འཚོ་རྒྱུ་དེ་ཡིན་པས།འདིའི་ཐད་དུ་མངོན་ལྐོག་གཉིས་ཐད་ནས་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་དང་སྤེལ་མུས་རེད་ལ། རང་ལུས་མཆོད་འབུལ་གནང་བའི་དཔའ་བོའི་ཁ་ཆེམས་དང་བཙོན་ཁང་ན་དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་མནར་གཅོད་འོག་ནས་འཚོ་བཞིན་པ་དག་གིས་རེ་འདོད་ཕྱོགས་གཅིག་ཏུ་སྤུངས་ན་ཡང་༸མགོན་པོ་གང་ཉིད་གདན་འདྲེན་ཞུ་རྒྱུ་དེ་རེད། གཞིས་ལུས་རྒྱ་ཆེ་མི་མིང་གིས་བྱེས་འབྱོར་བ་དག་ལ་རེ་བའི་མིག་ཟུང་ཅེར་ནས་བལྟས་ཡོད་པ་རེད་ལ་ཕྱོགས་གཅིག་ནས་འུ་ཚོ་འདི་ལྟར་འཚོ་ཐུབ་པ་དེའང་ཁོང་ཚོའི་བཀའ་དྲིན་རེད་བསམ་བཞིན་ཡོད།

དེ་ཡིན་པ་ལ་བརྟེན་ནས་རེ་འདོད་དེ་བསྒྲུབ་རྒྱུ་ནི་འུ་ཚོ་ཐུན་མོང་གི་བདེ་སྐྱིད་དང་འབྲེལ་ཡོད་པས་རང་ནུས་གང་ཡོད་ཕུལ་རྒྱུའི་འདུན་པ་ཧ་ཅང་ཆེ ། དེ་དག་ཡོང་བ་ལ་ཆབ་སྲིད་ལངས་ཕྱོགས་ལ་ཐུག་ཡོད་པ་དེ་རེད། ད་ལྟའི་བར་དུ་རྒྱ་ནག་ལས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཁྱབ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེར་ཙམ་ཞིག་བཙལ་བ་ལས་རྒྱ་ནག་ལ་ཕྱོགས་ཏེ་ལས་འགུལ་སྤེལ་བ་ཉུང་ཉུང་ཡིན་པ་ཚོར་གྱིས་འདུག དེ་ལས་རྒྱ་ནག་ལ་ཕྱོགས་པ་ཡིན་ན་དེ་མིན་འདི་མིན་གྱིས་གནས་ཚུལ་ཞིག་ར་འཕྲོད་ཡོང་བ་མ་ཟད། རྔ་ཇི་ལྟར་བརྡུང་ན་བྲོ་དེ་ལྟར་འཁྲབ་དགོས་པའི་གནས་སྟངས་ཤིག་ཀྱང་རྟོགས་ཡོང་བར་འདོད། དེ་མིན་པར་འདི་ལྟར་ཕྱི་ཕྱོགས་གཅིག་པུའི་ཆེད་དུ་གཡེང་ནས་བསྡད་པ་ཡིན་ན། རྒྱ་ནག་གིས་སྲིད་ཇུས་ནི་སྣུམ་སིམ་པ་བཞིན་གོ་རིམ་ངེས་ཅན་ཡོད་པ་རེད་ལ་ད་ལྟའི་མཐོང་གསལ་བཞིན་བོད་ནང་གི་སྐད་ཡིག་དང་རིག་གཞུང་། དགོན་པ་དང་འབྲོག་པ། ཁོར་ཡུག་དང་མི་སེར་སྤེལ་ཡུལ་ཕྱོགས་གང་ནས་གཞིགས་ཀྱང་ཡ་ང་བའི་ཚོད་དུ་འདུག་པ་དེ་རེད།

དེ་ཡིན་དུས་རྒྱ་ནག་དང་ཁ་གཏད་ནས་གོ་སྐབས་ལེན་རྒྱུ་ནི་ཧ་ཅང་གནད་འགག་ཅིག་ཏུ་འདོད་པས། དེ་ལྟར་གལ་ཆེན་དོན་ཆེན་དུ་མཐོང་ནས་ནམ་ཞར་དུ་གཞིས་ལུས་གཞོན་སྐྱེས་དག་དང་མཉམ་དུ་བསམ་བློ་བརྗེ་རེས་སྤེལ་བའི་ཉམས་མྱོང་ལ་འུ་ཚོ་ལ་ལམ་ཁ་མེད་པ་ཞིག་ཀྱང་མ་རེད་འདོད། དེ་ཡིན་དུས་ངེས་པར་དུ་ཆབ་སྲིད་ལས་འགུལ་རྒྱ་ནག་ལ་ཕྱོགས་རྒྱུ་ནི་འུ་ཚོའི་ས་མཐའ་གྱར་བའི་དམིགས་ཡུལ་དང་དགོས་དོན་ཡང་དེ་ལས་མ་འདས་པས་ལུས་གཅིག་སེམས་གཅིག་གིས་བོད་པའི་ཆེད་དུ་བྱེད་དགོས་པའི་ཀུན་སློང་དེ་ཧ་ཅང་བརྟན་པོ་ཞིག་ཡིན།

གཞན་བོད་སྐད་ཡིག་གལ་ཆེན་འགངས་ཆེན་ཡིན་པའི་རྒྱུ་མཚན་ནི་མི་རིགས་སུ་ཞིག་དང་རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་གོ་ལ་ཟླུམ་པོ་འདིའི་ཡང་སྟེང་ནས་གསོན་པོར་འཚོ་འདོད་ན་རྒྱལ་ཁབ་གང་དེའི་སྐད་ཡིག་སྲ་ཞིང་བརྟན་པོར་གནས་ཐུབ་མིན་དེ་ཡིན། སྐད་ཡིག་འཕེལ་འགྲུབ་ལས་མི་རིགས་གང་དེའི་འཆི་གསོན་གྱིས་གནད་དོན་ཐག་གིས་གཅོད་བཞིན་ཡོད་པས་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་དཔྱོད་ལྡན་པ་དག་གིས་མགྲིན་གཅིག་ཏུ་སྒྲོག་བཞིན་ཡོད་པ་འདི་རེད། དེ་ལྟ་ན་བོད་མི་རིགས་འདི་ཉིད་ལ་མཚོན་ནས་བརྗོད་ནའང་ཁེར་ཚུགས་ཀྱི་རང་གཤིས་ཤིག་དང༌། ཆག་འཇིག་གིས་རིམ་པ་མང་བོ་ཞིག་བྱུང་ཡང་སུ་གང་ལ་མ་འདྲེས་པའི་ངོ་བོ་བརྟན་པོ་ཞིག་དང་ད་དུང་འདི་ལྟར་གནས་ཐུབ་པ་འདི་ནི་བོད་སྐད་ཡིག་གི་བྱེད་ནུས་ལས་གཞན་ཅི་ཞིག་ཡིན།

ལྷག་པར་དུ་འཛམ་པོ་གླིང་འདིའི་སྒང་འདིར་འུ་ཚོ་ལ་ངོམ་སོ་ཞིག་ཡོད་པ་ནི་བོད་སྐད་ཡིག་དང་འབྲེལ་བའི་ནང་བསྟན་ཆོས་ལུགས་འདི་རེད་ལ། དེང་སང་གི་ཚ་ཚ་འུར་འུར་གྱིས་སྐབས་འདིར་མི་ཞིག་ལ་བདེ་སྐྱིད་དོན་དང་ལྡན་པ་ཞིག་བསྐྲུན་ཐུབ་པའི་རིག་གཞུང་ཞིག་ཡོད་པ་ནི་འུ་ཚོའི་ནང་བསྟན་ཆོས་ལུགས་འདི་རེད་ལ། འདི་ལ་འུ་ཚོས་བདག་པོ་མ་བརྒྱབ་པ་ཡིན་ན་རྒྱ་གར་ལག་ནས་ནང་བསྟན་ཆོས་ལུགས་ཤོར་བ་བཞིན་ཉིན་ཞིག་འགྱོད་པ་རྟས་མི་ཟིན་པ་ཞིག་སྐྱེས་པ་སྨོས་མ་དགོས་པ་ཞིག་རེད། དེ་བས་དེང་སང་རྒྱ་གར་གྱི་ངོས་ནས་ཀྱང་འུ་ཚོས་བསླབ་བྱ་དོན་སྙིང་ལྡན་པ་རེ་ལེན་ཐུབ་པ་དེ་རེད་ལ། མགོ་སེར་ཚོས་དགའ་དུང་དུང་གིས་བོད་སྐད་ཡིག་དང་འབྲེལ་བའི་ནང་བསྟན་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་ལས་ཀྱང་གསལ་བོར་ར་འཕྲོད་པ་ཞིག་མ་ཡིན་ནམ།

ཡིན་ཡང་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་ཟེར་བ་བཞིན་དེང་སང་གི་དུས་འདིར་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་རིན་ཐང་དང་སྡིངས་ཆ་སོགས་ཧ་ལས་པའི་ཞན་པའི་ཚོད་དུ་འདུག་པའི་ཉེར་ལེན་ལས། དེང་གི་གཞོན་སྐྱེས་དག་གིས་ཀྱང་སྐད་ཡིག་ལ་བཟུང་བའི་ལྟ་ཚུལ་གང་ནས་གཞིགས་ཀྱང་རེ་བ་མེད་པའི་ཚོད་དུ་འདུག་པ་དེ་རེད། དེ་ཡོད་ཚད་གང་ཞིག་ལ་ཐུག་ཡོད་པ་རེད་ཟེར་ན་སློབ་གསོ་རང་སྟེང་ལ་བསྒྱུར་མ་ཐུབ་པས་རེད། འུ་ཚོས་གཞན་དབང་སྟབས་བསྟུན་སོགས་སུ་ཁ་གཡར་ནས་རང་གི་སྐད་ཡིག་བཀོལ་སྤྱོད་ཀྱི་རིན་ཐང་དང་སྡིངས་ཆ་སོགས་ཧ་ཅང་ཞན་པའམ་སྐད་ཡིག་གཉིས་པ་ཞིག་གིས་ཚོད་ཀྱི་བཞག་པ་ལ་བརྟེན་ནས་གཞོན་སྐྱེས་དག་གི་ཕྱི་ནང་གང་ལ་བསམ་ཡང་བོད་པ་དང་ཐག་རིང་དུ་འགྲོ་བཞིན་པ་འདི་དག་ཐམས་ཅད་པོ་གང་གིས་གླེན་པ་རེད་དམ།

འདི་ཡོད་ཚད་༸མགོན་པོ་གང་ཉིད་ཀྱིས་ཐུགས་ཀྱི་ཕུགས་རྒྱང་བཞིན་ཐོག་མའི་སློབ་གྲྭ་འཛུགས་པའི་རྒྱབ་ལྗོངས་སོགས་ལས་ཀྱི་སྣེ་མོ་དག་ལ་མེད་པར་བརྟེན་ནས་བྱུང་བ་རེད་དམ་སློབ་གསོ་རང་སྟེང་དུ་བསྒྱུར་མ་ཐུབ་པས་རེད། གང་ལྟར་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སྡོམ་ཚིག་བརྒྱབ་ཡོང་དུས་སེམས་སུ་དངངས་སྐྲག་ཅིག་དང་མ་འོངས་པ་མི་རབས་འདི་གང་འདྲ་ཞིག་ཏུ་གྱུར་འགྲོ་སྙམ་པའི་སེམས་ཁྲལ་སོགས་གང་ནས་བསམ་ཡང་ད་ནི་ཁ་རོག་གེར་བསྐྱུར་མི་ཐུབ་པའི་དུས་སུ་སླེབས་འདུག་པས་ངས་རྩ་དོན་དེ་དག་སྲོག་བཞིན་བཟུང་བ་ཡིན་ལ་མ་འོངས་པའི་བོད་དང་སྐྱབས་བཅོལ་བའི་གནས་སྟངས་ལ་འགྱུར་བ་གཏོང་བ་ལའང་འདི་ལས་གཞན་ཞིག་མེད་པས་ཡིན།གང་ལྟར་ད་དུང་སྐད་ཆ་མང་བོ་ཞིག་གིས་འཚང་ཁ་བརྒྱག་གྱིན་འདུག་ཀྱང་དུས་ཚོད་ཀྱིས་དབང་གིས་དེ་ཙམ་གྱིས།

གང་ལྟར་མདོར་བསྡུས་ན་དོན་ཚན་དེ་དག་གཅིག་ལ་གཅིག་རྟེན་ཚུལ་དུ་གནས་ཡོད་པས་རྩ་དོན་དུ་བཟུང་བ་ཞིག་ཡིན་ལ་མི་རིགས་ཤིག་གསོན་པོར་གནས་ཐུབ་པའང་འདི་ལས་མ་འདས་པར་སྙམ་སྟེ་ང་རང་གིས་ནམ་ཞར་དུ་མྱོང་བ་ལ་བརྟེན་ནས་དེ་དག་ལ་བཅོས་བསྒྱུར་ཞིག་དང་ལག་ལེན་ཞིག་ཏུ་བསྟར་ཐུབ་ན་འུ་ཚོ་འགྱེལ་ས་ནས་ལངས་ཐུབ་པའི་རེ་བ་ཆེན་པོ་ཞིག་བཅངས་ནས་དོན་ཚན་དེ་དག་རྩ་དོན་དུ་བཟུང་ནས་ང་སྤྱི་འཐུས་སུ་ལངས་དགོས་པའི་དགོས་དོན་ཡང་དེ་ཡིན།

ཡ་ཡ་ཡ། རྒན་ལགས་ངས་རྒྱང་འདྲི་ལ་ལན་འདེབས་གནང་བ་ཐུགས་རྗེ་ཆེ། སྤྱིར་བཏང་དྲི་བ་མང་བོ་ཞིག་ཡོད་ཀྱང་དུས་ཚོད་ཀྱིས་ཁོམ་སྐབས་མ་བྱུང་བས་རྗེས་མར་གོ་སྐབས་རེ་གནང་སྩོལ་ཡོད་པར་མཁྱེན་མཁྱེན།

ཡ་ཡ་ཡ། ཁྱོད་ལའང་དེ་ལྟར་བཀའ་དྲིན་ཆེ། རྗེས་ནས་མཇལ་ཡོང་།

 

མིང་། ཚེ་རིང་ལོ་བརྒྱ།

ཕ་ཡུལ། མདོ་སྨད་གཅན་ཚ།

སྐྱེས་ཚེས། ༡༩༨༤།༩།༣

ལས་གནས། དགེ་རྒན་དང་རྩོམ་པ་པོ་གཅིག་ལྕོགས།

ད་ལྟའི་སྡོད་གནས། སུ་ཇཱ་བོད་ཁྱིམ།

བཅར་འདྲི།

Post navigation

Previous Post: ང་ཚོར་ཞིས་ཞེན་ཡོད།
Next Post: འཕྲུལ་དེབ་བཟོ་སྟངས་ཤིག

Comments (7) on “སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་འོས་མི་ཚེ་རིང་ལོ་བརྒྱ་ལ་བཅར་འདྲི།”

  1. འཕན་པོ་བ་བློ་བཟང་ says:
    2015-08-28 at 11:47 pm

    ཨ་ཡ་མཚན་ག་དུས་ཡིན་ནའི་ཨམ་དོའི་ཆུ་པ་དེ་གྲོས་ཚོགས་ནང་ལས་བྱེད་པ་ཡིན་ན་བོད་གཅིག་འརྒྱུར་གྱི་གོས་ཞིག་གོན་བསམ་བྱུང་

  2. བཀྲ་ཤིས་ཆོས་སྒྲོན། says:
    2015-08-29 at 10:17 am

    མཁས་དབང་ཁོང་ལ་རྒྱབ་སྐྱོར་ཡོད་ལགས། 

  3. བཀྲ་ཤིས་ཆོས་སྒྲོན། says:
    2015-08-29 at 10:18 am

    # 1 འཕན་པོ་བ་བློ་བཟང་་ལགས་ཀྱིས་མཆན་བཏབ་པ།:
    August 28th, 2015 at 11:47 PM
    ཨ་ཡ་མཚན་ག་དུས་ཡིན་ནའི་ཨམ་དོའི་ཆུ་པ་དེ་གྲོས་ཚོགས་ནང་ལས་བྱེད་པ་ཡིན་ན་བོད་གཅིག་འརྒྱུར་གྱི་གོས་ཞིག་གོན་བསམ་བྱུང་

    ཡིག་ནོར་མང་ཐག་ཆོད་འདུག་གདའ་ལགས

  4. ལྷ་མོ། says:
    2015-08-29 at 11:07 am

    ད་རྩོམ་པ་བོ་དང་དགེ་རྒན་རྣམ་དག་མིན་པ་ཤེས་སོང་། འཁྲབ་སྟོན་བྱ་རྒྱུ་འགོ་བརྩམས་སོང །

  5. ཨ་ཁུ་ནོར་བུ་ says:
    2015-08-29 at 3:26 pm

    དེ་འདྲའི་མི་ ཆས་ར་མ་ལུག་ སྐད་ཕོ་མིན་མོ་མིན་ བློ་དོན་མ་མགོ་ ཡུལ་རྒྱ་མ་བོད་ ཁྱོད་སྤྱི་མཐུས་བྱས་པ་ལས་་སྤྱི་ཐབ་ལ་ལས་ཀ་བྱས་ན་འཚམས།།།

  6. འཕན་པོ་བ་བློ་བཟང་ says:
    2015-08-29 at 6:00 pm

    ཡིག་ནོ་གང་མང་མང་ཡོད་གོ་རྒྱུ་ཡོད་

  7. འཕན་པོ་བ་བློ་བཟང་ says:
    2015-08-29 at 6:20 pm

    ཨ་ཁུ་ནོར་བུ་ལགས་ཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme