Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་མཚམས་སྦྱོར།

Posted on 2015-08-182015-08-19 By ཁ་བརྡ་ 17 Comments on སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་མཚམས་སྦྱོར།

ལྷ་སྲས་བསོད་ནམས།

11872687_808228639275198_505209050_n མིང་། བློ་བཟང་ཐུབ་བསྟན།

སྐྱེས་ཡུལ། རེབ་གོང་རྒྱལ་པོ་དཔོན་ཚང་།

ལས་གནས། ཀུན་ཕན་རིག་གནས་སློབ་གྲྭའི་འགན་འཛིན།

སྡོད་གནས། བཞུགས་སྒར་རྡ་རམ་ས་ལ།
 

ལོ་རྒྱུས་མདོར་བསྡུས།

 
བློ་བཟང་ཐུབ་བསྟན་ནི། ཕྱི་ལོ་༡༩༨༡ལོར་ཞིང་གཤེགས་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་གི་འཁྲུངས་གཞིས་རེབ་གོང་རྒྱལ་པོ་དཔོན་ཚང་དུ་སྐྱེས་ཤིང་། བོད་ནང་དུ་སློབ་གྲྭ་ཆུང་འབྲིང་དུ་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༨ ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇ་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་པ་བར་དང་། ཕྱི་ལོ་ ༢༠༠༣ ནས་ ༢༠༠༤ ལོ་བར་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་ Mother’s International School ཟེར་བའི་སློབ་གྲྭའི་ནང་སྤྱི་ཚོགས་འབྲེལ་ལམ་སྐོར་ཆེད་སྦྱོང་བྱས།

ཕྱི་ལོ་ ༢༠༠༥ ནས་ ༢༠༡༢ བར་བདེ་སྲུང་བཀའ་ཟུར་དང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་གི་སྐུ་སྒེར་དྲུང་ཡིག་གི་འགན་ལེན་ཞུས་ཏེ་གོང་འོག་མི་སྣ་མང་པོར་འབྲེལ་གཏུགས་དང་། རང་གཞན་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་མང་པོའི་ལྷན་ལས་དོན་མཉམ་སྒྲུབ་ཀྱི་ཉམས་མྱོང་རིམ་ཅན་དུ་བསགས། བཀའ་ཟུར་ལྷན་ཚོགས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་འབྲེལ་མཐུད་སོགས་ཀྱི་ལས་དོན་སྣེ་མང་འབད་སྒྲུབ་ཚགས་ཚུད་དང་། གཞན་ཡང་ཨ་རིའི་གྷུ་ར་སུ་ཁྱིམ་ཚང་ཐེབས་རྩ་དང་ཧྥ་རིན་སིའི་ Graines d’Avenir རོགས་སྐྱོར་ཚོགས་པ་གཉིས་དང་མཉམ་འབྲེལ་ཐོག་བཙན་བྱོལ་སྤྱི་ཚོགས་ནང་དང་/གཞིས་ལུས་བོད་མིའི་སྤྱི་ཚོགས་གང་སར་བོད་མི་སྐྱོ་བོ་དང་ཉམ་ཐག་སློབ་ཕྲུག་སོགས་ལ་རོགས་དངུལ་འཚོལ་སྒྲུབ་ཞུས་འབྲེལ་དཀའ་ངལ་ཅན་གྱི་མི་མང་པོ་ཞིག་ལ་འཕྲལ་ཕུགས་གཉིས་ཕན་གྱི་གྲུབ་འབྲས་བྱུང་ཡོད།

ཕྱི་ལོ་ ༢༠༡༠ ནས་ལོ་བཞིའི་རིང་། ༼ཀུན་ཕན་རིགས་གནས་སློབ་གྲྭའི་༽དྲུང་ཆེའི་ལས་ཁུར་ཞུས་པ་དང་། ཕྱི་ལོ་ ༢༠༡༤ ནས་སློབ་གྲྭའི་འགན་འཛིན་གྱི་ལས་ཁུར་ཞུ་མུས་ཡིན། སློབ་གྲྭ་འདི་བཞིན་བོད་ནས་གསར་དུ་འབྱོར་རིགས་སློབ་གཉེར་བ་ཚོའི་ནང་། གཞུང་སྒེར་སློབ་གྲྭ་ཁག་ནས་ལོ་གསུམ་དང་ལྔའི་སློབ་ཡུན་གྱི་མཇུག་ཏུའང་མུ་མཐུད་སློབ་གཉེར་བྱ་འདུན་ཡོད་རིགས་ལ་གོ་སྐབས་འཕར་མ་སྤྲོད་པར་དམིགས་ཏེ་ཕྱི་ལོ་ ༢༠༠༡ ལོར་གསར་དུ་བཙུགས་པ་ནས་ད་བར་ལོ་ངོ་བཅུ་འགོར་བའི་རིང་། འདི་ནས་སློབ་མཐར་སོན་གྲས་ནས་བོད་ཕྱི་ནང་གང་སར་ཡིག་བསྒྱུར་དང་དགེ་རྒན། སྣེ་ཤན་པ་སོགས་ཀྱི་ཕྱག་ལས་གནང་བཞིན་པ་སོགས་གྲུབ་འབྲས་ངེས་ཅན་སོན་ཡོད་པའི་གནས་སྟངས་ལ་ཐུགས་དགྱེས་བརྩེ་དང་བཅས་ཏེ། དེ་སྔ་ཤེས་ཡོན་རྒྱབ་སྐྱོར་སློབ་གཉེར་ཁང་ཞེས་འབོད་ཀྱིན་པ་ནས་༸གོང་ས་མཆོག་གིས་༼ཀུན་ཕན་རིག་གནས་སློབ་གྲྭ་༽ཞེས་པར་མིང་བསྒྱུར་བཀའ་དྲིན་དང་བརྩེ་གཟིགས་རྒྱ་ཆེ་གནངས་པ་བྱུང་ཡོད།

བློ་བཟང་ཐུབ་བསྟན་ལགས་ནི། རྒྱལ་བའི་བཀའ་དགོངས་འགལ་མེད་སྒྲུབ་མཁན་ཞིག་དང་གཞུང་གི་ལངས་ཕྱོགས་ཐོག་ཤར་བསྐྱོད་བྱེད་མཁན་ཞིག མཐོ་དམན་བར་མའི་མི་སྣ་མང་པོར་འབྲེལ་འདྲིས་ཟབ་པ་ཞིག ལས་དོན་ཆེ་ཆུང་མང་པོ་སྒྲུབ་པའི་ཉམས་མྱོང་ངེས་ཅན་ཡོད་པ་ཞིག སྤྱི་ཚོགས་གནས་སྟངས་ཆེ་ཕྲར་དོ་སྣང་ལྡན་པ་ཞིག བོད་རང་གི་སྐད་ཡིག་གིས་གཙོས་ཨིན་སྐད་དང་། གནས་ཡུལ་རྒྱ་གར་སྐད་བཅས་ཀྱི་གནས་ཚད་རང་རྐྱ་འཕེར་ངེས་དང་འབྲེལ་བའི་ཤེས་ཡོན་ལྡན་པའི་གཞོན་རབས་རྒྱུས་མྱོང་ཅན་ཞིག་ཡིན་སྟབས། སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་སུ་འོས་པར་མཐོང་ནས་མཚམས་སྦྱོར་ཞུས་པ་ཡིན།  ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་༡༨ ལ།

 

རྒྱ་གར། བལ་ཡུལ། ཨ་རི། ཡུ་རོབ། ཨོ་གླིང་བཅས་སུ་གནས་སྡོད་མདོ་སྨད་པ་རྒྱུས་ལྡན་ཁག་ཅིག་ནས་འོས་སྦྱོར་བྱས།

ངོ་སྤྲོད།

Post navigation

Previous Post: རྒྱ་ནག་གི་མཁའ་རླུང་དང་མིའི་ཚེ་སྲོག
Next Post: བུད་མེད་དང་རྒྱ་མཚོ་ཆེན་པོ།

Comments (17) on “སྐབས་བཅུ་དྲུག་པའི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་མཚམས་སྦྱོར།”

  1. ཀུན་བཟང་། says:
    2015-08-18 at 10:07 pm

    སྤྱི་འཐུས་སུ་བཞེངས་མཁན་ཚང་མར་གུས་བརྩི་ཞུ་གི་ཡོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག རྒྱ་གར་སྐད་བཅས་རང་མགོ་ཐོན་ངེས་ཤེས་མཁན་གཞོན་སྐྱེས་འདི་ལྟ་བུ་མང་ཙམ་སྤྱི་འཐུས་ནང་སླེབས་ན་ཡག་པོ་འདུག ལས་ཀ་གང་ཡང་སྤྱི་ཚོགས་གང་སར་འབྲེལ་ནས་སྒྲུབ་དགོས་སྟབས། སྐད་ཡིག་གི་ཁྱད་ཆོས་འདི་ཡང་གལ་ཆེན་པོ་གཅིག་རེད། དེ་བཞིན་བོད་ཕྱི་ནང་གི་སྤྱི་ཚོགས་གནས་སྟངས་དང་། མཐོ་དམན་གང་སར་འབྲེལ་ལམ་སོགས་ལ་རྒྱུས་མྱོང་ལྡན་པ་འདི་འདྲ་ལ་རྒྱབ་སྐྱོར་དང་འོས་ཤོག་འབུལ་གྱི་ཡིན། ད་དུང་ཡང་ཁོང་འདྲ་བ་མང་ཙན་ཐོན་པའི་རེ་བ་བྱེད་ཀྱིན་ཡོད།

  2. གཡུ་སྒང་དགེ་འདུན། says:
    2015-08-19 at 12:03 am

    གཞོན་སྐྱེས་ཁྱེད་རང་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་གསལ་འདེབས་ཞུ་དགོས་པ་ཞིག་ལ། བོད་ཆོལ་ཁ་གསུམ་གྱི་ལས་དོན་གྱི་གནད་འགག་ལ་ཐུག་དུས་དཔའ་འཁུམ་ནས་མི་སྡོད་པར་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཞིག་ཡིན་དགོས་པ་དེ་ཐུགས་ལ་འཛིན་དགོས། ངས་འདི་ལྟར་གསལ་འདེབས་བྱེད་དོན་ངའི་ངོས་ནས་མཚོན་ན། ཁྱེད་རང་གིས་མི་མང་ལ་གཏམ་བཤད་གནང་བ་ཞིག་མཐོང་ཐོས་མེད་པའི་རྐྱེན་གྱིས་ཡིན། བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།

  3. དཔལ་དོན། says:
    2015-08-19 at 5:12 am

    བཀའ་ཟུར་འཇིགས་མེད་རིན་པོ་མཆོག་བོད་ལ་ལྷག་བསམ་དཀར་པ་ཙམ་དུ་མ་ཟད། སྐུ་འཚོ་བཞུགས་སྐབས༧རྒྱལ་བའི་བཀའ་དགོངས་འགལ་མེད་ཐོག་རྣམ་དཔྱོད་དང་ལས་ཆོད་གང་ཅིར་འགྲན་ཟླ་བྲལ་བའི་བྱས་པ་མང་པོ་བཞག་ཡོད་པས། ཁོང་གི་རྗེས་རབས་པ་འདི་འང་རིན་པོ་ཆེའི་རྣམ་དཔྱོད་དང་ལས་དོན་ཉམས་མྱོང་གི་བག་ཆགས་ཟབ་མོ་བཞག་ཡོད་ངེས། དགའ་བསུ་ཞུ།

  4. བཙན་རུས་མདངས་ཅན་ says:
    2015-08-19 at 1:18 pm

    སྐུ་གཤེགས་ཨ་ལགས་འཇིགས་མེད་ལགས་ཀྱི་ཚྭ་བོ་ཐུབ་བསྟན་ཡང་འཐུས་མིར་ལངས་པ་ལ་བཀྲ་ཤིས་བདེ་ལེགས་ཞུ། འོན་ཀྱང་དཀོན་ཅོག་ཚད་བཙུགས་ནས་ཞུས་ན། ཁྱོད་ལ་དངོས་གནས་འདི་འདྲ་ལན་པོ་ཡོད་པ་མ་རེད། ཡིན་ཡང་རང་གིས་ལྟོས།

  5. ལྷ།བྱ་འཕུར་མ། says:
    2015-08-19 at 1:24 pm

    དེང་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞབས་སྟེགས་གོང་ཁེ་བོ་ཞེ་དྲག་རེད།

  6. དགེ་འདུན་རྒྱ་མཚོ། says:
    2015-08-19 at 1:53 pm

    ཁ་དང་དེ་རིང་གི་སྲིད་སྐྱོང་དང་་སྤྱི་འཐུས་འོས་སྦྱོར་བྱེད་སྟངས་མང་བོ་ཞིག་ངོ་དེབ་སོགས་ནས་ཀྱང་མཐོང་བ་འདི་དག་ལ་བལྟས་ནསྲིད་སྐྱོང་དང་་སྤྱི་འཐུས་ཟེར་བ་དེ་བྱིས་པ་ཚོའི་རྩེད་མོ་རྩེ་་ས་ལྟ་བུ་ཞིག་ཡིན་པའི་ཚོར་སྣང་སྟེར།
    ངོ་མ་བཤད་ནི་ཡིན། 

  7. ཁྱུང་དཀར། says:
    2015-08-19 at 3:43 pm

    བྱིས་པའི་རྩེ་མོ་ལབ་ན་གང་ཤེས། ཡིན་ནའང་། རྩ་བའི་ཤེས་ཡོན་དང་ལྷག་བསམ་ཟུང་དུ་སྦྲེལ་ཞིང་རང་རང་གི་ཆོད་སེམས་དང་སྙིང་སྟོབས་བསྐྱེད་ནས་སྤྱི་བའི་ལས་དོན་སྒྲུབ་བསམ་པའི་གཞོན་སྐྱེས་གང་མང་མང་མདུན་དུ་ཐོན་པར་དགའ་གུས་ཡི་རང་ཡོད།

  8. འབའ་གནས། says:
    2015-08-19 at 9:30 pm

    གཞོན་སྐྱེས་གང་མང་མང་ཕེབས་པར་དགའ་བསུ་ཡོད

  9. ཇུང་ཏོག་ says:
    2015-08-20 at 2:30 am

    སྲིད་སྐྱོང་དང་སྤྱི་འཐུས་ལ་ཚང་ཁ་རྒྱག་མཁན་
    མང་པོ་འདུག་པ་ཡག་རྟགས་ཞིག་གང་ནས་
    ཡིན་གཞིས་ཆགས་ནང་གི་གྲོང་སྡེའི་བརྒྱ་
    དཔོན་དང་བཞི་གྲོང་འཐུས་མི་འདྲ་བོ་ཆགས་
    ཉེན་འངུག་ན་མགོ་ཡོད་ཚད་སྲིད་སྐྱོང་དང་སྤྱི་
    འཐུས་ལ་ལང་ན་འགྲིག་པའི་ལམ་ལུགས་དེ་
    མང་གཙོ་ལ་ངོས་འཛིན་ཞུས་ན་འགྲིགས་ཀྱི་
    ཡོད་པ་ཡིན་ནམ་།

  10. ཁྱུང་དཀར says:
    2015-08-20 at 4:12 am

    ཨ། ཇུང་ཏོག་ལགས། བཀའ་མོལ་གསུང་ན་མིག་གིས་གཟིགས། བསམ་བློ་བཏང་ནས་གསུང་དགོས་རེད་མ་གཏོགས། དག་ག་ཟིག་གསུང་ན་ཕན་ཐོག་གང་ཡང་མི་འདུག་ག མགོ་ཐོགས་ཚད་སྲིད་སྐྱོང་དང་སྤྱི་འཐུས་ལངས་ཟེར་བ་རྣ་བར་མི་འགྲོ་བའི་སྐད་ཆ་རེད་པ། འདིའི་མིང་ལ་དམངས་གཙོའི་འགྲོ་ལུགས་དང་རང་རང་གི་འཇོན་ཐང་མངོན་པའི་འགྲན་རྩོད་ཟེར་ཀ ཁྱེད་ལའང་དེའི་འཇོན་ཐང་ཡོད་ན་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ལངས་ན་མ་འགྲིག་པ་གང་ཡང་ཡོད་པ་མ་རེད།

  11. ཁྲི་དར་མ། says:
    2015-08-20 at 4:13 am

    ཁོང་སུ་རེད་དམ། ཁྱོན་ནས་གོ་མ་མྱོང།

  12. བློ་བཟང་གཟོད་པ། says:
    2015-08-20 at 11:06 am

    བཙན་བྱོལ་བོད་མིའི་སྤྱི་འཐུས་ནི་ན་ཆུང་བྱིས་པ་ཚོའི་རྩེད་རྭར་བསྒྱུར་འདུག་གོ། ཉིན་རེ་ནས་མ་འདས་པ་བྱིས་པའི་ཁྱུ་ཚོགས་མང་ནས་མང་དུ་འགྲོ་བཞིན་འདུག ཕལ་ཆེར་སྤྱི་འཐུས་ལྷན་ཚོགས་གསར་པའི་ནང་རྐང་རྩེད་དང་ལག་རྩེད་སྤོ་ལོའི་རུ་ཁག་མང་པོ་ཡོང་རྒྱུ་ཁོ་ཐག་རེད།

  13. བཙན་རུས་མདངས་ཅན་ says:
    2015-08-20 at 12:10 pm

    ཧཧཧཧ འདོ་རིག་རྟ་བོ་རྒྱུག་སར། བོང་ཕྲུག་ཧོན་ལོག་རྒྱུགས་ན་་་་་འདི་འདྲ་རེད་ཡ

  14. མི་འཁྱམ། says:
    2015-08-21 at 12:34 am

    ཁ་སང་དེ་རིང་ལ་རང་གིས་རང་ངོ་མ་འཕྲོད་པར། སྤྱི་འཐུས་འོས་མི་མང་པོ་ཞིག་ལང་གི་ཡོད་པ་ན། གཙོ་བོ་དེ་ལ་རང་གིས་རང་ལ་ཅིག་དྲིས་བཏང་། ༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔུང་བ་མཉམ་གཤིབ་བྱེད་ཐུབ་བམ།

  15. ལྡོང་གསེར་མིག says:
    2015-08-21 at 10:10 am

    སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་ཇེ་མང་ནས་ཇེ་མང་ཡིན་པ་ནི་དགའ་འོས་པ་ཞིག་རེད།

  16. ལྷ་མོ། says:
    2015-08-22 at 11:40 pm

    ར་དང་ལུག་ཚང་མ་སྤྱི་འཐུས་ལངས་སོང་ཡ

  17. སྟག་སེང་ཁྱུང་འབྲུག says:
    2015-08-23 at 5:13 am

    མདོ་སྨད་ལ་མི་རྫོགས་སོང་བ་ཡིན་ནམ། སློབ་སྦྱོང་དང་ཉམས་མྱོང་སོགས་གང་ཡང་མེད་པ་ཨ་ལགས་ཀྱིས་ཀོར་ཟས་ཚང་མ་བདག་པོ་བརྒྱབ་ནས་སྡོད། ཁྱེད་རང་མ་ཤི་བར་དུ་རྫོགས་རྒྱུ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme