Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐབས་དགུ་པའི་མི་རིགས་དང་ཆོས་ལུགས་མི་འདྲ་བའི་གཞོན་སྐྱེས་མགོ་ཁྲིད་ཚོགས་འདུ་མཇུག་སྒྲིལ་བ།

Posted on 2014-04-282014-04-28 By ཁ་བརྡ་ 8 Comments on སྐབས་དགུ་པའི་མི་རིགས་དང་ཆོས་ལུགས་མི་འདྲ་བའི་གཞོན་སྐྱེས་མགོ་ཁྲིད་ཚོགས་འདུ་མཇུག་སྒྲིལ་བ།

གནས་ཚུལ་གཏོང་མཁན། ཤར་གླིང་ཟླ་སྒྲོན།

སྤྱི་དམངས་ནུས་སྟོབས་ཚོགས་པ་འགན་འཛིན་ཡང་ཅིས་ལིས་གོ་སྒྲིག་བྱས་པའི་སྐབས་དགུ་པའི་མི་རིགས་དང་ཆོས་ལུགས་མི་འདྲ་བའི་གཞོན་སྐྱེས་ཚོགས་འདུ་འདི་ཟླའི་ཚེས་༢༤ ནས་༢༧ བར་ཐེའ་པེ་རུ་འཚོགས་ཡོད་པ་དང་། ཚོགས་འདུ་འདིར་མི་རིགས་དང་ཆོས་ལུགས་མི་འདྲ་བའི་སྐུ་ཚབ་མང་པོ་ཞིག་འཛོམས་ཡོད་པ་དཔེར་ན། བོད་དང་སོག་པོ། ཡུ་གུར། རྒྱ་ནག་སྐམ་ས་དང་ཕྱི་སྡོད་རྒྱ་རིགས། ཐའེ་ཝན། ཧུང་ཀོང་། མའེ་ཁོ། ཆོས་འཁོར་སྒོམ་སྒྲུབ་པ། ཡེ་ཤུ་བའི་སྐུ་ཚབ་བཅས་ཚོགས་མི་བདུན་ཅུ་ཙམ་ཚོགས་འདུ་འདིར་མཉམ་ཞུགས་བྱས་ཡོད་པ་རེད།

ད་རེས་ཀྱི་ཚོགས་བཅར་བའི་ནང་ཐབས་ཇུས་པ་དང་། རྩོམ་པ་པོ། བརྒྱུད་ལམ་འཐབ་རྩོད་པ། ཁྲིམས་རྩོད་པ་བཅས་ཐུན་མོང་གི་སྟོབས་ཤུགས་བསྐྱེད་དེ་ རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་འགྱུར་བ་གཏོང་རྒྱུར་འབད་འཐབ་ཅི་ལྟར་དགོས་མིན་གྲོས་བསྡུར་ལྷུག་གླེང་བྱས་ལ། རྒྱ་ནག་དམར་ཤོག་གིས་བཙན་གནོན་དབང་སྒྱུར་བྱེད་ཀྱིན་པའི་བོད་དང་ཡུ་གུར་ སོག་པོ་སོགས་ཀྱི་དཀའ་སྡུག་སེལ་ཐབས་ལས་འགུལ་ཅི་ཞིག་སྤེལ་དགོས་མིན་བཅས་ལ་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱས་ཡོད་པ་རེད།

ཚོགས་འདུ་མགོ་འཛུགས་སྐབས་སུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་ཚོགས་འདུ་འདིའི་ཡི་ཐོག་ལ་གསུངས་འཕྲིན་ཕེབས་དོན། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁྲིམས་ཀྱི་དབང་སྒྱུར་བཅས་དགོས། གང་ཞེ་ན། རིན་ཐང་དེ་དག་ནི་སྤྱི་ཚོགས་ཞིག་གི་རང་དབང་དང་གསོན་ཤུགས་ཀྱི་རྨང་རྡོ་ཡིན་པ་མ་ཟད། དོན་དམ་གྱི་བདེ་སྐྱིད་དང་བརྟན་ལྷིང་གི་འབྱུང་ཁུངས་ཀྱང་རེད། རྒྱ་ནག་གི་མང་གཙོ་དེ་ནི་རྒྱལ་སྤྱི་ཡོངས་རྫོགས་ཀྱི་ཁེ་ཕན་ཡིན་པ་མ་ཟད། བྱེ་བྲག་ཏུ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ཁེ་ཕན་ཡང་རེད། རྒྱ་ནག་གི་མང་གཙོ་དང་རང་དབང་བཅས་ཀྱི་ཕྱོགས་དེ་མུ་མཐུད་རྒྱ་བསྐྱེད་དང་སྒོ་དབྱེ་བྱས་པ་ཡིན་ན། བོད་མི་ཚོ་ལའང་ཁེ་ཕན་ཆེན་པོ་ཡོད་པ་རེད།

unnamed-8
ཚོགས་འདུ་འདིར་བོད་ཀྱི་སྐུ་ཚབ་མི་བདུན་བཅར་ཡོད་ལ། དེ་དག་ནི་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་། སྤྱི་འཐུས་ཤར་གླིང་ཟླ་སྒྲོན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཨེ་ཤེ་ཡའི་འབྲེལ་མཐུད་པ་བློ་བཟང་ཚེ་བརྟན། དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་ལས་བྱེད་ཡེ་ཤེས་བསྟན་འཛིན། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་པ་དང་རྩོམ་སྒྱུར་སྡེ་ཚན་འགན་འཛིན་འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འབྲེལ་གཏུགས་དུས་དེབ་རྩོམ་སྒྲིག་པ་འབྲུག་བསྟན་སྐྱིད་བཅས་ཚོགས་འདུ་འདིར་བཅར་བ་མ་ཟད། བོད་ཀྱི་གནད་དོན་སྐོར་ལ་ལྷུག་པོོར་འགྲེལ་བརྗོད་གནང་ཡོད་པ་རེད།

གདུག་རྩུབ་ཆེ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། བོད་ནང་གི་བོད་མི་ཚོས་མུ་མཐུད་ནས་ཞི་བའི་སྒོ་ནས་བོད་ཀྱི་རིག་གཞུང་ཟུར་འབུད་བྱེད་པའི་རྣམ་པ་དེ་ལ་ཁ་གཏད་དང་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད། བོད་ནང་དུ་བོད་མི་བརྒྱ་དང་སུམ་ཅུ་ཐམ་པས་བོད་ཀྱི་རང་དབང་སླར་གསོའི་སླད་རང་སྲེག་བྱས་ནས་འཐབ་རྩོད་བྱས་པའི་སྐོར་ བོད་ནང་འགྲོ་མིའི་ཐོབ་ཐང་ཧ་ཅང་ཐབས་རྡུགས་ཡིན་པ་ བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་བྱུང་བ་ངོ་སྤྲོད་ རྒྱལ་སྤྱིའི་ནང་དུ་བོད་ཀྱི་ལས་འགུལ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་སྐོར་གཏམ་བཤད་གནང་། དེ་བཞིན་རྒྱལ་སྤྱིའི་བོད་ཀྱི་ལས་འགུལ་ཁང་གི་ཚོགས་གཙོ་མེ་ཋུའུ་མེ་ཁ་ཆི་ལགས་ཀྱང་ཕེབས་ནས་ཅི་ལྟར་བྱས་ནས་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཇེ་ཆེར་འགྲོ་ཐབས་སྐོར་གསུང་བཤད་གནང་།

འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ནང་གི་གནད་དོན་མང་པོའི་ནང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་སྐོར་དང་རང་ལུས་མེར་སྲེག་གཏོང་མཁན་གྱི་ནང་མི་སྤུན་མཆེད་རྣམས་་ཁྲིམས་འགལ་ཉེན་འཛུགས་བྱས་པ་དང་། ལྷག་པར་དུ་དཀོན་མཆོག་དབང་མོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ནས་རང་ལུས་མེར་སྲེག་བཏང་ནས་གྲོངས་རྗེས། ཁོང་གི་བཟའ་ཟླ་སྒྲོལ་མ་སྐྱབས་ལ་སྲོག་ཐོག་ཉེས་པ་བཀལ་བ། དེ་བཞིན་ཁོང་གིས་འབྲོག་པ་རྣམས་རྩྭ་ཐང་ནས་ཕྱིར་འབུད་བྱས་པའི་སྐོར་གླེང་ཡོད། ཚོགས་བཅར་བ་ཚོས་མིག་སྔའི་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ལ་ཐུན་མོང་གིས་དཀའ་ངལ་སེལ་ཐབས་འབད་བརྩོན་བྱ་དགོས་ངེས་རེད་ཅེས་བརྗོད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་ཚོགས་འདུ་འདིའི་ཐོག་ལ་རྒྱ་ནག་གིས་ཁྲིམས་འགལ་ངང་བཙན་འཛུལ་བྱས་པའི་བོད་རྒྱལ་ཁབ་ཀྱི་སྐུ་ཚབ་བྱས་ནས་བཅར་ཡོད་ཟེར་ལ། ཁོང་གིས་གསུངས་དོན་ང་ཚོ་བོད་ལྟར་རྒྱ་ནག་དམར་ཤོག་གི་འོག་ནས་དཀའ་སྡུག་མྱོང་བཞིན་ཡོད་པ་དང་། དཀའ་སྡུག་འདིའི་་འོག་ནས་རང་དབང་བརྩོན་ལེན་བྱེད་པའི་འཐབ་རྩོད་པ་རྣམས་ལ་འབྲེལ་བ་ཡག་པོ་བཟོ་ཐུབ་བྱུང་། བོད་ཀྱི་འཐབ་རྩོད་ཆེད་ཚོགས་བཅར་བ་ཚོས་གདུང་སེམས་མཉམ་སྐྱེད་གནང་བ་དང་། ལྷག་པར་དུ་རྒྱ་ནག་སྐམ་ས་ནས་ཡོང་བའི་ཁྲིམས་རྩོད་པ་དང་འཐབ་རྩོད་པ་། བཅས་ནས་བོད་དོན་སེལ་ཐབས་རྒྱབ་སྐྱོར་གནང་གི་ཡོད་སྟབས། མ་འོངས་པར་ང་ཚོ་ཆིག་སྒྲིལ་གྱི་ནུས་སྟོབས་ཆེ་རུ་ཕྱིན་པའི་ཐོག་ནས་རྒྱ་ནག་དམར་ཤོག་ལ་འཐབ་རྩོད་བྱེད་ཐུབ་ཀྱི་རེད།
གདུག་རྩུབ་ཆེ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་། བོད་ནང་གི་བོད་མི་ཚོས་མུ་མཐུད་ནས་ཞི་བའི་སྒོ་ནས་བོད་ཀྱི་རིག་གཞུང་ཟུར་འབུད་བྱེད་པའི་རྣམ་པ་དེ་ལ་ཁ་གཏད་དང་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད། རྒྱལ་སྤྱིའི་ནང་དུ་བོད་ཀྱི་ལས་འགུལ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་སྐོར་གཏམ་བཤད་གནང་།

ཚོགས་ཆེན་འདིའི་ནང་དུ། རྒྱ་ནག་ནང་དང་། རྒྱ་ནག་དམར་ཤོག་གཞུང་གི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་ཁག་ཏུ་རང་དབང་དང་དྲང་བདེན་ཡོང་ཆེད་རྒྱལ་སྤྱིའི་ལས་འགུལ་ཤུགས་རྐྱེན་གལ་ཆེ་ཡིན་པར་ངོས་འཛིན་ཡང་བྱས་ཡོད་པ་རེད། བོད་དང་ཡུ་གུར། སོག་པོ་སོགས་ལ་འགྲོ་བ་མི་ཞིག་ཡིན་པའི་ཐོབ་ཐང་རག་ཐབས་ཆེད་དུ་ལག་ལེན་དངོས་ལ་ཇི་ལྟར་འགྲོ་དགོས་མིན་སྐོར་གྲོས་བསྡུར་བྱས་། དེ་བཞིན་ཐའེ་ཝན་ནང་གི་མང་གཙོའི་འཕེལ་རིམ་སྐོར་དང་། ཧུང་ཀོང་ནང་དུ་མང་མོས་འོས་བསྡུའི་སྐོར།
རྒྱ་ནག་ལ་སྤྱི་དམངས་ནུས་སྟོབས་གསར་འཛུགས་གནང་མཁན་དང་ཚོགས་གཙོ་ཡང་ཅིས་ལི་ཡིས། ཚོགས་འདུ་འདིར་ས་ཁུལ་དང་མི་རིགས་འདྲ་མིན་གྱི་སྐུ་ཚབ་བར་ལ་ཆིག་སྒྲིལ་དང་མཉམ་ལས། ཐུན་མོང་གི་དམིགས་ཡུལ་གཞི་རྩའི་ཐོབ་ཐང་། སྤྱི་ཚོགས་དྲང་བདེན། རྒྱ་ནག་ནང་ཁྲིམས་ཀྱི་དབང་སྒྱུར་བྱེད་པའི་སྲིད་གཞུང་ཞིག་འཛུགས་ཐབས་བཅས་ལ་དོན་ཕན་ལྡན་པའི་གྲོས་བསྟུར་བྱུང་ནས། ཚོགས་འདུ་ཧ་ཅང་ལེགས་གྲུབ་བྱུང་ཡོད་པའི་མཇུག་བསྒྲིལ་གཏམ་བཤད་གནང་ནས་ད་ཐེངས་ཀྱི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ཉིན་གཅིག་གི་འགྲུལ་བཞུད།
Next Post: སྤྲུལ་སྐུ་ཡིན་ཚུལ་རང་རིག་མེ་ལོང་ཡེ་ཤེས།

Comments (8) on “སྐབས་དགུ་པའི་མི་རིགས་དང་ཆོས་ལུགས་མི་འདྲ་བའི་གཞོན་སྐྱེས་མགོ་ཁྲིད་ཚོགས་འདུ་མཇུག་སྒྲིལ་བ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-29 at 1:07 am

    ་་་་་ རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་འགྱུར་བ་གཏོང་རྒྱུར་འབད་འཐབ་ཅི་ལྟར་དགོས་མིན་གྲོས་བསྡུར་ལྷུག་གླེང་བྱས་ལ། རྒྱ་ནག་དམར་ཤོག་གིས་བཙན་གནོན་དབང་སྒྱུར་བྱེད་ཀྱིན་པའི་བོད་དང་ཡུ་གུར་ སོག་པོ་སོགས་ཀྱི་དཀའ་སྡུག་སེལ་ཐབས་ལས་འགུལ་ཅི་ཞིག་སྤེལ་དགོས་མིན་བཅས་ལ་ཕན་ཚུན་བསམ་ཚུལ་སྤེལ་རེས་བྱས་ཡོད་པ་རེད། ་་་་་་་་

  2. དབྱངས་ཅན་དགྱེས་པའི་བློ་གྲོས། says:
    2014-04-29 at 1:10 am

    ཤར་གླིང་ཟླ་སྒྲོན་གྱིས་བོད་ཡིག་འདི་འདྲ་ཞིག་འབྲི་ཐུབ་ན་ཉི་མ་ནུབ་ནས་ཤར་བ་རང་རེད། ཁོ་་མོ་ལ་རྒྱུས་ཡོད་ཅིག་ཡིན་ན་ད་ཆབ་སྲིད་འཁྲབ་སྟོན་འདི་རིགས་གད་མོ་ཤོར་ཡ་རང་རེད། མོ་རང་གི་ཆེད་སྦྱོང་བྱས་པའི་དབྱིན་ཡག་དེ་ཡང་སྲ་ཐག་ཐག་ཅིག་འབྲི་ཐུབ་ཀྱིན་མེད་ལ་བོད་ཡིག་ད་ཕ་རིའི་སྤང་རྒྱན་རེད་དོ།།

    ཡང་སྙིང་རྗེ་བོད་ཡིག་ཐར་ཐོར་ཤེས་མཁན་གླེན་པ་ལུག་འདྲ་བ་ཞིན་བེད་སྤྱོད་བཏང་ནས་བྲིས་པ་ཡིན་པ་ཐག་ཆོད། ཤུ་ཤུ་ཤུ་་་་ཆབ་སྲིད་པ་ཡ་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2014-04-29 at 2:04 am

    འགན་འཛིན་འབུམ་རམས་པ་མཆོག་བསྟན་འཛིན་སྨོན་ལམ།
    འདི།
    འགན་འཛིན་འབུམ་རམས་པ་༼མཆོག་༽བསྟན་འཛིན་སྨོན་ལམ་མཆོག།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-04-29 at 2:09 am

    གྲོས་བསྟུར་བྱུང་ནས།་་་ ཡིན་ནམ། གྲོས་བསྡུར་བྱུང་ནས། ཞེས་པ་ཞིག་མི་དགོས་སམ། ལགས། ཟླ་སྒྲོན་ལགས།

  5. གནམ says:
    2014-04-29 at 6:43 am

    བོད་མི་མང་གི་སྡུག་གཏམ་དང་དགོས་འདུན་དག། ཚོགས་འདུ་ཆེ་ཆུང་ལ་མ་བལྟས་བར། རང་ནུས་གང་ཡོད་ཀྱིས་ཡར་གཏུག་མར་གཏུག་བྱས་ནས། མ་གོ་མ་རིག་ཟེར་ས་མེད་པ་ཞིག་གི་ལས་དོན་ལ་བྲེལ་བའི་རང་རིགས་བོད་མི་གང་ན་སུ་ཡོད་ཚང་མ་ལ་དགའ་བསུ་ཡོད། མི་མང་གི་ནུས་སྟོབས་ནི་ནུས་སྟོབས་ཆེས་ཆེ་བ་དེ་ཡིན་པས། བླ་མ་དཀོན་མཆོག་གིས་མི་མང་གི་ཡིད་སེམས་འགུག་པར་སྨྲ་ལྕེ་ལ་དབང་འབྱོར་བའི་སྡོང་གྲོགས་མཛོད་ཅིག།

  6. གསེར་ས་ལེ་སྦྲམ། says:
    2014-04-29 at 9:17 am

    (བཙལ་བྱོལ་བོད་གཞུང་)ཞེས་པ་(བོད་མིའི་སྒྲིག་འཛུགས་)ལ་བསྒྱུར་ནས་དུས་ཡུན་རིང་མོ་ཞིག་ཕྱིན་ཚར། སྒྲིག་འཛུགས་རང་གི་ངོས་ནས་ཀྱང་(བོད་གཞུང་ )ཞེས་པའི་མིངབྱང་འདི་ཕྱིར་བསྡུ་བྱས་ཟིན་པ་ས་བསྒྲགས་གནམ་བསྒྲགས་བྱས་ཚར་བ་རེད། ད་རེས་ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་གྱི་བོད་མིའི་སྤྱི་འཐུས་དེ་ཚོས་འདི་ཧ་མ་གོ་བ་ཡིན་སྲིད་རྒྱུ་མ་རེད། འོ་ན། ཁོང་ཚོས་༼བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་གི་བྱུང་བ་ངོ་སྤྲོད་༽ག་འདྲ་ཞིག་གནང་ཡོད་དམ། ???

  7. ཀརྡོ་གཉེར་ཕྱག་པ་ says:
    2014-04-29 at 11:15 am

    ་་་་་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དམིགས་བསལ་ཚོགས་འདུ་འདིའི་ཡི་ཐོག་ལ་གསུངས་འཕྲིན་ཕེབས་དོན།
    རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁྲིམས་ཀྱི་དབང་སྒྱུར་བཅས་དགོས། གང་ཞེ་ན། རིན་ཐང་དེ་དག་ནི་སྤྱི་ཚོགས་ཞིག་གི་རང་དབང་དང་གསོན་ཤུགས་ཀྱི་རྨང་རྡོ་ཡིན་པ་མ་ཟད། དོན་དམ་གྱི་བདེ་སྐྱིད་དང་བརྟན་ལྷིང་གི་འབྱུང་ཁུངས་ཀྱང་རེད།
    རྒྱ་ནག་གི་མང་གཙོ་དེ་ནི་རྒྱལ་སྤྱི་ཡོངས་རྫོགས་ཀྱི་ཁེ་ཕན་ཡིན་པ་མ་ཟད། བྱེ་བྲག་ཏུ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ཁེ་ཕན་ཡང་རེད།
    རྒྱ་ནག་གི་མང་གཙོ་དང་རང་དབང་བཅས་ཀྱི་ཕྱོགས་དེ་མུ་མཐུད་རྒྱ་བསྐྱེད་དང་སྒོ་དབྱེ་བྱས་པ་ཡིན་ན། བོད་མི་ཚོ་ལའང་ཁེ་ཕན་ཆེན་པོ་ཡོད་པ་རེད། ་་་་

    ཆ་ཚང་ཀློག་ཁོམ་མེད་པ་དེ་ཚོའི་ཆེད་དུ་འདིར་བཤུས།

  8. བཙན་བྱོལ་བ་ says:
    2014-04-29 at 11:21 am

    བགྲོ་གླེང་འདིའི་ཐོག་ཏུ་ཞུགས་པའི་སྤྱི་མཐུས་རྣམ་གཉིས་གཙོས་པའི་ཚོགས་མི་ཡོངས་ལ་དགའ་བསུ་ཞུ། བོད་ཀྱི་བདེན་དོན་བསལ་བའི་ཐབས་ལམ་སྣེ་མང་ཞིག་ཡོད་པས་གོ་སྐབས་འཛིན་ཤེས་པ་དགོས་རྒྱུ་གནད་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme