Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་སྒྲ་འདིས་དྲན་གདུང་འཁྱེར་ནས་སླེབས་སོང་།

Posted on 2016-05-092016-05-09 By ཁ་བརྡ No Comments on སྐད་སྒྲ་འདིས་དྲན་གདུང་འཁྱེར་ནས་སླེབས་སོང་།

སྙེ་ལྷའི་ཐུགས་སྲས།

 
ཨ་མ་ལགས། ཕྱི་རོལ་ན་ཤོག་སྦག་གི་སྐད་སྒྲ་དང་བར་སྣང་ན་འོད་རིས་སྣ་ཚོགས་ཀྱིས་ཁེངས་འདུག དེ་ནི་ང་ཚོ་ཡུལ་གྱར་བ་སྡོད་སའི་གནས་བདག་ཚོའི་ལོ་གསར་རན་པའི་དགའ་སྟོན་གྱི་སྟ་གོན་དབུ་ཚུགས་ཟིན་པའི་རྣམ་པ་རེད། དེས་ང་ལ་ཁྱེད་རང་མཉམ་ཏུ་རྒྱུན་རིང་ལོ་གསར་གཏང་རྒྱུ་མ་བྱུང་བ་དང་། སྔར་འདས་ཟིན་པའི་རང་ཡུལ་དུ་ལོ་གསར་གཏོང་བའི་རྣམ་པ་མིག་སྔར་བསྐྱལ་བ་དེ་རེད།

ཨ་མ་ལགས། ངས་དེ་རིང་ཁྱེད་ལྷག་པར་དྲན། གཞན་ཡུལ་དུ་འཁྱམས་པའི་མི་ལོ་དེ་དག་ནང་ངས་ལས་བཀོད་བཟང་བའི་ཕ་འཛོམས་མ་འཛོམས་ཀྱི་ཕུན་ཚོགས་ལ་ཡིད་སྨོན་ཤོར་བ་བགྲང་གིས་མི་ཟིན་ལ། ཁྱེད་རང་དྲན་པའི་སྡུག་བསྔལ་གྱི་མུན་གསེབ་ལས་བདེ་སྐྱིད་ཀྱི་སྣང་བ་ཐོབ་མྱོང་མེད། སྐབས་འགར་ངས་ཁྱེད་རང་དྲན་དུས་མིག་ཆུའི་མཆོད་པ་བཤམས་ནས་དཀོན་མཆོག་ལ་གསོལ་བ་བཏབ་ནས་ང་ཡི་མགོན་སྐྱབས་སུ་བྱོན་གྱུར་རེ་འབོད་བྱེད་མྱོང་ཡོད་ལ། ལན་རེར་ང་གཅིག་པོ་ནགས་གསེབ་ཏུ་དྲན་གདུང་གི་འཁུར་པོ་འཁྱེར་ནས་སྐྱོ་གླུ་ལེན་ཞིང་གདུང་འབོད་ཀྱི་ཀི་ཤར་བརྒྱབ་པ་ཉུང་ཉུང་ཞིག་གཏན་ནས་མིན། འོན་ཀྱང་དཀོན་མཆོག་གིས་ཐུགས་རྗེས་ཡལ་བར་འདོར་བའམ་ལས་འབྲས་ཀྱིས་ཆད་པ་བཅད་པ་གང་ཡིན་ཆ་མ་འཚལ།

གང་ལྟར་ང་དང་ཨ་མ་ཁྱེད་ཀྱི་ལས་དབང་དྲན་གདུང་གི་གཉའ་གནོན་ཁོ་ན་མྱོང་བཞིན་མཉམ་འཛོམས་ཀྱི་དཔྱིད་དཔལ་ཤར་གྱུར་རེ་སྒུག་གི་ངང་ནས། ད་བར་མི་ལོ་དུ་མའི་དགུན་གཞུང་རིང་མོ་འདི་དག་སྡུག་བསྔལ་གྱི་གྲང་འཁྱག་ཁོ་ན་མྱོང་ནས་བསྐྱལ་བ་མ་ཡིན་ནམ། ད་དུང་ཡང་ནམ་ཟླ་སྡུག་པོ་དེས་ངེད་གཉིས་ལ་བཟོད་དཀའ་བའི་མནར་གཅོད་ཀྱི་གོ་རིམ་ཅི་འདྲ་ཞིག་གི་འཆར་བཀོད་བྱེད་བཞིན་ཡོད་དམ།

ཨ་མ་ལགས། གཞན་ཡུལ་དུ་དགའ་དགའ་སྤྲོ་དང་དུས་ཆེན་ཅི་འདྲ་ཞིག་ལ་རོལ་ཡང་ཨ་མ་ཁྱེད་ཀྱི་འཛུམ་ཞལ་དང་ཕྱག་ཟུང་དྲོན་པོས་རྔན་པ་གནང་བ་དྲན་དུས་དེ་ཐམས་ཅད་སྡུག་བསྔལ་གྱི་སྣ་འདྲེན་ཞིག་ཏུ་འགྱུར་གྱི་འདུག དེ་ན་ང་དགའ་བའི་བྲོ་གར་འཁྲབ་རྒྱུར་དགའ་པོ་མེད་ལ་སྙན་པའི་གླུ་ཆུང་ལེན་གྱུར་ཡང་སྤྲོ་སྣང་མེད། དཀོན་མཆོག་མཁྱེན། མཁྱེན་པ་དཔལ་མངའ་བའི་བདག་ཉིད་དང་། ནུས་མཐུ་དང་སྙིང་བརྩེ་གོང་ན་མེད་པའི་ཁྱེད་རྣམས་ཀྱིས་ང་དང་ཨ་མ་ཁྱེད་ཀྱི་ལས་དབང་འདི་སྡིག་ཉེས་ཅི་ཞིག་གི་ཉེར་ལེན་ཡིན་པ་གསུང་ཞིག་བྱོན་ནས། དེ་ལས་ཐར་བའི་རྣམ་པར་དཀར་བའི་ལམ་གྱི་སྣེ་མོ་ཞིག་བསྟན་པར་འགྱུར་ན། བུ་ངས་དཀའ་སྤྱད་འབད་བརྩོན་ཐོག་ནས་ཡོད་ཚད་བསྒྲུབ་ཕོད་པའི་སྙིང་སྟོབས་ཡོད་ལ་ཐམས་ཅད་ཡིད་གཡོ་ནུས་བའི་སྐྱོ་གར་ཅི་ཞིག་འཁྲབ་དགོས་ཀྱང་སྤྲོ་བས་དང་དུ་ལེན་ངེས་ཡིན།

ཨ་མ་ལགས། ང་དང་ཁྱེད་ཤི་བྲལ་མིན་པའི་མཉམ་འཛོམས་ཀྱི་སྐལ་བ་ཞིག་ཤར་གྱུར་བུ་ངས་དཀོན་མཆོག་ལ་གསོལ་བ་འདེབས་ཞིང་ཡོད་ལ། རྒྱུན་ཏུ་དེ་ཁོ་ནར་དམིགས་ནས་རྣམ་པར་དཀར་བའི་ལས་ལ་གཞོལ་རྒྱུ་ནི་གོམས་ལོབས་སུ་སོང་ཟིན་འདུག འོན་ཀྱང་ང་ད་ལྟ་སྙིང་རྗེ་མེད་པའི་གཤིན་རྗེ་དང་ནམ་ཡོང་མེད་པའི་འཆི་བ་ལ་འཇིགས་ཤིང་ཡོད།

ཨ་མ་ལགས། ངེད་གཉིས་ཀྱི་བགོ་སྐལ་དུ་ཤི་བྲལ་ཟེར་བའི་འཇིགས་རུང་སྲིན་གཟུགས་དང་འདྲ་བའི་ཡིག་འབྲུ་གཉིས་པོ་དེ་ལྷུང་ཡོང་སྙམ་ནས་ངས་མགོན་སྐྱབས་འབོད་བཞིན་ཡོད། མཁྱེན་བརྩེའི་བདག་ཉིད་ཀྱེ། ནུས་མཐུའི་མངའ་བདག་ཀྱེ། ང་དང་ཨ་མ་ཁྱེད་ཀྱིས་རེ་འདུན་བསྒྲུབ་པའི་ལམ་སྣེ་འདྲེན་ཏུ་གསོལ། དེ་ལྟར་གནང་ན་ངའི་དད་སེམས་ཀྱི་མེ་ཏོག་ནམ་འཚོའི་བར་མི་སྐམ་ལ་ཡིད་ཆེས་དང་བློ་གཏད་ཀྱི་རྒྱ་མཚོ་ཡང་། དབྱར་གྱི་ཆུ་བོ་དང་དགུན་གྱི་ཁ་བ་དཀར་པོར་གྱུར་བ་སོམ་སྙི་ཅི། མ་ཟད་ང་དང་ཨ་མ་ཁྱེད་རང་དྲན་གདུང་གི་ནད་ཀྱིས་མནར་ཐེངས་རེར་རེ་བའི་མིག་འབུར་གཏོད་ས་ནོར་མེད་པ་དང་། གདུངས་ཤུགས་དྲག་པོའི་གསོལ་འདེབས་དང་། མིག་ཆུས་རང་གདོང་བརླན་ཡང་ད་དུང་ཁོང་རྣམས་ལ་ཕྱག་མཆོད་དང་སྐྱབས་འཇུག་ཞུས་པ་དེ་ཡང་རེ་སྟོང་དུ་མ་བཏང་བ་ནི་དཀོན་མཆོག་ཟེར་བའི་འཇུག་གཞི་འདི་མིང་དོན་མཚུངས་པ་ཞིག་ཏུ་འགྱུར་བར་མི་འགྲོ་འམ།

ཨ་མ་ལགས། ཁྱེད་ཀྱིས་འདས་ཟིན་པའི་ཞལ་འཛུམས་འདི། ད་ལྟ་ཡང་བུ་ངའི་སྙིང་ཁོང་དང་འདྲེན་བྱེད་ཀྱི་ཡུལ་དུ་གསོན་པོ་གསོན་རྐྱང་དུ་གནས་ཡོད།

ཨ་མ་ལགས། ཡུལ་གྱིས་སྐལ་བའི་བུ་ངས་རང་དབང་མེད་པར་སྐྱོ་སྣང་དང་ལྷན་དུ་ཤོར་བའི་མིག་ཆུའི་ཐིགས་པ་དེ་དག་དེ་རིང་རྒྱ་གར་བའི་ལོ་གསར་ཉིན་ཁྱེད་རང་དྲན་པའི་ལེགས་སྐྱེས་སུ་ཕུལ་བཞིན་ཡོད།།

རྒྱ་གར་གྱི་ལོ་གསར་སྐབས་བྲིས་པའི་རྩོམ་ཡིག་འདི་ཨ་མའི་དུས་ཆེན་ལ་སྙེ་ལྷའི་ཐུགས་སྲས་ནས་ཕུལ།

ལྷུག་རྩོམ།

Post navigation

Previous Post: ཨ་མའི་དུས་ཆེན་ལ་བྲིས་པའི་སྙན་ཚོམ།
Next Post: རྗེས་དྲན་སྐུ་བརྙན་ཆེན་མོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme