Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཡིག་དང་རིག་གཞུང་གི་འོག་ཏུ་མི་རིགས་འཚོ་དགོས་པ་དེ་ད་ལྟའི་དུས་སྐབས་འདིར་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

Posted on 2023-04-272023-04-27 By ཁ་བརྡ No Comments on སྐད་ཡིག་དང་རིག་གཞུང་གི་འོག་ཏུ་མི་རིགས་འཚོ་དགོས་པ་དེ་ད་ལྟའི་དུས་སྐབས་འདིར་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

གཞུང་པ་ཚེ་དབང་བསོད་ནམས།

འཇིག་རྟེན་གྱི་ས་གཞི་འདི་ཆགས་པ་ནས་འགྲོ་བ་རིགས་དྲུག་འཕེལ་ནས་ང་ཚོ་མི་ཡི་འགྲོ་བ་ནི་ཁ་ནས་སྐད་ཆ་བཤད་ཤེས་པ་དང་། ལག་པས་ཡི་གེ་འབྲི་ཤེས་པ་དང་། སེམས་ཀྱི་བསམ་བློ་གཏོང་ཤེས་པ་དང་། ཀླད་པས་འགུལ་སྐྱོད་རྒྱབ་ཐུབ་པ་ནས་གདོད་མའི་སྤྱི་ཚོགས་ནས་སྔོན་འཐོན་ལ་ཁ་ཕྱོགས་པ་དང་། བཟའ་ཚང་མཉམ་དུ་འདུས་ནས་ཁྱིམ་འཚོ་ཟིན་ཏེ་བུ་ཕྲུག་གསོ་སྐྱོང་བྱ་རྒྱུ་སོགས་མི་མང་པོ་མཉམ་དུ་འཛོམས་ཤིང་། ས་ཆ་གཅིག་ཏུ་གནས་སྡོད་བྱས། ཁང་པ་རྒྱག་རྒྱུ་དང་འཚོ་བ་སྐྱེལ་རྒྱུའི་ས་ཞིང་འདེབས་ལས་བྱ་རྒྱུ་དང་ཚོང་ལས་གཉེར་རྒྱུ། དུད་འགྲོ་གསོ་སྐྱོང་བྱ་རྒྱུ་སོགས་རིམ་པས་ཡར་རྒྱས་ལ་ཁ་ཕྱོགས། གདོད་མའི་སྤྱི་ཚོགས་ནས་དུས་རབས་དང་མཐུན་པའི་གསར་བརྗེའི་ལམ་ལ་ཁ་ཕྱོགས་ཤིང་། རིམ་པས་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་བརྟེན་འོག་མི་རིགས་སོ་སོའི་སྐད་ཡིག་དང་རིག་གཞུང་། གོམ་གཤིས་སོགས་རྩ་ཆེར་བཟུང་།

མི་རིགས་དབར་གྱི་ས་མཚམས་དེ་སྐད་ཡིག་དང་རིག་གཞུང་ལ་འགན་བསྐུར་ཞིང་། སྐད་ཡིག་དང་རིག་གཞུང་ནི་མི་རིགས་ཀྱི་ངོ་རྟགས་སམ་མི་རིགས་ཀྱི་འབྱུང་ཁུངས་ལ་སོང་། སྐད་ཡིག་དང་རིག་གཞུང་འོག་ཏུ་མི་རིགས་འཚོ་དགོས་པ་དེ་ད་ལྟའི་དུས་སྐབས་འདིར་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ། མི་རིགས་གང་ཞིག་གི་སྐད་ཡིག་དང་རིག་གཞུང་ལ་ཉམས་ཆགས་ཕྱིན་པའི་ཉིན་མོ་དེ་ནས་མི་རིགས་དེའི་ངོ་རྟགས་སམ་མི་རིགས་དེའི་འབྱུང་ཁུངས་རླག་ནས། མི་རིགས་དེ་འཛམ་གླིང་གི་མི་ཡི་སྤྱི་ཚོགས་ཆེན་པོའི་ནང་བྱེ་སྟེང་དུ་ཆུ་བླུག་པ་ལྟར་སིམ་རྒྱུ་ཡིན་པ་ཚིག་ཐག་བཅད་ནས་བཤད་ཐུབ་པ་དང་མཐོང་ཐུབ་པ་ཞིག་ཡིན་ན། ང་ཚོ་བོད་མི་རིགས་ལ་ཆ་བཞག་ན་ཐོག་མ་ཉིད་ནས་མི་འབོར་གྲངས་ཉུང་ཡིན་པ་དང་། སྤྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་པའི་ཤུགས་རྐྱེན་འོག་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཙམ་དོན་རྐྱེན་དེའི་འོག་ཏུ་རང་ཤི་རྒྱབ་པ་དང་ལྟོག་ཤི་ཐེབ་པ། དམག་སར་ཤོར་བ་དང་བཙོན་ཁང་ནང་མནར་གཅོད་འོག་ཤི་བ་སོགས་བོད་ཀྱི་མི་འབོར་ལ་ཉམས་ཆགས་ཆེན་པོ་ཕོག་ཡོད།

བཙན་བྱོལ་དུ་བོད་མི་འབུམ་གཅིག་ལྷག་ཙམ་ལས་འབྱོར་མེད་པ་ནས་དེ་ཡང་ཕྱི་རྒྱལ་ལུང་པ་མང་པོའི་ནང་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་སྒེར་གྱི་འཚོ་བ་སྐྱེལ་བཞིན་ཡོད་པས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ལ་བེད་སྤྱོད་དམ་བཀོལ་སྤྱོད་བྱ་རྒྱུའི་འཁོར་ཡུག་ག་ཚོད་ཡོད་དེ་ཡང་ཧ་ཅང་གསལ་བོ་རེད། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གཞིས་ཆགས་དང་། དགོན་པ་གྲྭ་ཚང་ཁག་གི་ནང་ཡོད་པའི་བོད་མི་ཚོ་ནི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་ཐུབ་པའི་རེ་བའི་མིག་འབུར་སྟོད་ས་ཡིན། གཞིས་ལ་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་གནོན་འོག་ཟས་ལ་བཅུད་མེད་པ་དང་ཉལ་ན་གཉིད་མེད་པ། ཉིན་མཚན་འཁྱོལ་དཀའ་བའི་གཞན་དབང་འོག་སོ་སོའི་སྐད་ཡིག་དང་། རིག་གཞུང་ལ་འགན་འཁུར་ཐུབ་པའི་འཁོར་ཡུག་ཕར་བཞག་རང་གི་སྲོག་མགོ་མ་འཐོན་པའི་དཀའ་ངལ་འོག་ཉིན་འཁྱོལ་ན་མཚན་མི་འཁྱོལ་བ་དང་། མཚན་འཁྱོལ་ན་ཉིན་མི་འཁྱོལ་བའི་དཀའ་ངལ་ངང་གནས་ཡོད།

ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྒན་དར་གཞོན་གསུམ་ཚང་མས་རང་གི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་། རིག་གཞུང་གོམ་གཤིས་སོགས་མ་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་བྱ་རྒྱུའི་འགན་ཡིན་པ་ཤེས་པ་བྱས་ནས་སོ་སོའི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་དེ་རང་ཉིད་ཀྱི་ངོ་རྟགས་སམ་འབྱུང་ཁུངས་ཡིན་པ་ཤེས་པའི་ཐོག་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་ལ་བཀོལ་སྤྱོད་ཐུབ་པའི་འགན་འཁུར་ལེན་དགོས་པ་དེ། འཕྱི་སྐྱོན་མེད་ན་འང་སྔ་སྐྱོན་ག་ནས་ཡོད་ལ། ལྷག་པར་དུ་ནང་པ་སངས་རྒྱས་པའི་སྟོན་པ་བཀའ་དྲིན་ཅན་དེ་ཉིད་ཀྱི་གསུང་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ད་ལྟའི་ཆ་ལ་བོད་ཀྱིས་སྐད་ཡིག་སྟེང་ཡོད་པ་ནས་དེ་དག་འཇིག་རྟེན་གྱི་ས་གཞི་འདི་མ་འཇིག་བར་གསོན་པོར་གནས་ཐུབ་པའི་འགན་དེ་ང་ཚོ་ནང་བསྟན་ཆོས་ལུགས་ཀྱི་རྗེས་འབྲང་ཚོར་ཡོད་པ་ནས་བོད་ཀྱི་སྐད་ཡིག་དེ་མུ་མཐུད་ནས་གནས་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པའི་ངོ་སྤྲོད་ཡང་བྱ་འདོད་བྱུང་།

སླར་སྨྲས་པ།

སྐད་ཡིག་རིག་གཞུང་བརྒྱུད་ནས་མི་རིགས་ངོས་འཛིན་ཐུབ།།
སྐད་ཡིག་རིག་གཞུང་བརྒྱུད་ནས་མི་རིགས་འབྱུང་ཁུངས་ཤེས།།
སྐད་ཡིག་རིག་གཞུང་བརྒྱུད་ནས་མི་རིགས་ངོས་འཛིན་ཐུབ།།
སྐད་ཡིག་རིག་གཞུང་མི་རིགས་ས་མཚམས་ཡིན།།

རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་པ་འདི།།
རང་གི་ཕ་མེས་བརྒྱུད་པའི་སྐད་ཡིག་རིག་གཞུང་ལ།།
རང་གི་བཀོལ་སྤྱོད་བྱ་རྒྱུ་རང་དོན་རང་གིས་འགན།།

གཞུང་པས་། ༢༠༢༣/༠༤/༢༦

བསམ་ཚུལ།

Post navigation

Previous Post: ང་ལ་སྐད་ཆ་ཞིག་ཡོད། (ཉེ་དུས་ཀྱི་གསར་འགྱུར་དང་འབྲེལ་བ)
Next Post: སངས་རྒྱས་ཆོས་ལུགས་སོག་པོའི་ཡུལ་དུ་དར་པའི་ལོ་རྒྱུས་མདོར་བསྡུས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme