Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཡིག་དང་འབྲེལ་བའི་དུས་བབས་ལུང་བསྟན། (འོས་སྦྱོར།)

Posted on 2017-01-272017-01-27 By རེབ་གོང་བཀྲ་ཤིས། 5 Comments on སྐད་ཡིག་དང་འབྲེལ་བའི་དུས་བབས་ལུང་བསྟན། (འོས་སྦྱོར།)

ར་སེ་དཀོན་མཆོག་རྒྱ་མཚོ།

 
མིའི་རིགས་རིག་པ་བས་ལུང་བསྟན་པ་ལྟར་ན།
ད་ལྟའི་དུས་སྐབས་འདིར་བོད་པ་ཚོ་ཡུལ་ལུང་པའི་ཆགས་སྡང་བྱ་བའི་དུས་མིན།
སྡེ་ཚོ་བའི་ལ་རྒྱ་བཟུང་བའི་དུས་མིན།
རིགས་རུས་པའི་གཙང་བཙོག་བརྩི་བའི་དུས་མིན།
དགོན་གྲྭ་ཚང་གི་ཕྱོགས་རིས་བྱེད་པའི་དུས་མིན།
གདན་གྲལ་རིམ་གྱི་ཐོབ་ཐང་རྩོད་པའི་དུས་མིན།
ཆོས་གྲུབ་མཐའི་ཆགས་སྡང་སྤེལ་བའི་དུས་མིན།
ཇ་ཁང་ཆང་ཁང་ནང་ལ་རྒྱ་གླེང་བའི་དུས་མིན།
ཤོ་སྦག་རྒྱན་རྩེད་ཀྱིས་ཁ་ཕོ་ཤོད་པའི་དུས་མིན།
ཕ་ནོར་ནག་ཚོང་གིས་ཕྱུག་པོ་བྱེད་པའི་དུས་མིན།
འཛམ་གླིང་ཐོག་ཡར་ཐོན་མི་རིགས་གཞན་གྱི་རྗེས་སུ་སྙེག་ཐུབ་དགོས།

དེ་ལྟར་བསྙེག་ཐུབ་པའི་ཀྲུང་ཧྭ་མི་རིགས་འདྲ་མཉམ་གྱི་དུས་སྐབས་བཟང་པོ་འདི་ལ་བསམ་ན།
དགེ་བཤེས་དང་མཁན་པོ་ཚོས་ཡིག་ཐོག་གི་ལོག་སྨྲ་ཚར་གཅོད་པ་ལས་བོད་སྐད་ཡིག་གི་ལས་དབང་ལོག་སྨྲ་རྣམས་ཚར་བཅད་ན་ལེགས།
རྟོག་སད་པ་ཚོས་སྲོལ་རྒྱུན་ལ་སུན་འབྱིན་པ་ལས་བླ་སྲོག་གི་འགལ་རྐྱེན་རྣམས་སུན་འབྱིན་ན་ལེགས།
མི་རིགས་ཀྱི་ཆེད་དུ་རློམ་པའི་ས་རྡོའི་ཁང་བཟང་ལས་བོད་མི་རིགས་ཀྱི་བླ་སྲོག་གི་རྟེན་གཞི་བཞེངས་ན་ལེགས།
ས་རྡོ་གསེར་ཟངས་ཀྱི་སྐུ་བརྙན་འབུམ་ཕྲག་ལས་བླ་སྲོག་གི་སྐུ་རྟེན་ཤེས་ལྡན་མི་སྣ་བཞེངས་ན་ལེགས།
ས་ཤིང་རྡོའི་མཆོད་རྟེན་ལས་བླ་སྲོག་གི་མཆོད་རྟེན་སློབ་གྲ་བཞེངས་ན་ལེགས།

རྒྱུ་མཚན་ནི་རང་གི་སྐད་ཡིག་ལ་མཐོང་ཆེན་ནི་མི་རིགས་ཀྱི་བར་ཆད་ལམ་སེལ་ཡིན།
རང་གི་སྐད་ཡིག་སློབ་པ་ནི་མི་རིགས་ཀྱི་བླ་འགུགས་ཡིན།
རང་གི་སྐད་ཡིག་སྦྱོང་བ་ནི་མི་རིགས་ཀྱི་ཚེ་འགུགས་ཡིན།
རང་གི་སྐད་ཡིག་སྤྱོད་པ་ནི་མི་རིགས་ཀྱི་ཚེ་སྒྲུབ་ཡིན།
རང་གི་སྐད་ཡིག་སྤེལ་བ་ནི་མི་རིགས་བརྟན་བཞུགས་ཡིན།
རང་གི་སྐད་ཡིག་སློབ་གྲྭ་བཙུགས་པ་ནི་མི་རིགས་ཀྱི་ངན་འགྲོའི་སྒོ་འགེགས་ཡིན།
སློབ་གྲྭར་རོགས་རམ་བྱེད་པ་ནི་མི་རིགས་ཀྱི་སྲོག་བབླུ་ཡིན།
གཞན་གཞུང་རང་སྐད་དུ་བསྒྱུར་བ་ནི་མི་རིགས་ཀྱི་ཐར་ལམ་འདྲེན་སྟོན་ཡིན།
རང་གི་སྐད་ཡིག་གི་ཉམ་ཉེན་སེལ་ཕྱིར་དྭངས་གཙང་སྨྲ་བ་ནི་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན།

སྨོན་ལམ་དང་མང་ཇ་དང་སྐུ་འགྱེད་མཆོད་འབུལ་ཞབས་བརྟན་ཁྲི་འབུམ་བསགས་པ་ནི་རང་སྒེར་གྱི་བདེ་དོན་ཙམ་ཡིན་ལ།
རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ནི་མི་རིགས་སྤྱིའི་འཚོ་གནས་དང་འབྲེལ་ཡོད་སྟབས་གང་གིས་ཀྱང་འགྲན་དུ་མེད་པའི་དགེ་བ་རླབས་ཆེན་ཡིན།
རྒྱུ་མཚན་ནི་མི་རིགས་འདི་ཉིད་ནམ་ཡང་མིའི་རིགས་ཀྱི་ཁྲོད་དུ་རང་གི་སྐད་ཡིག་དང་མི་འབྲལ་བའི་རྨང་གཞི་བཏིངས་ཐུབ་པས་ཡིན་ནོ།།

དེས་ན་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་པ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་ཁེ་ཕན་དང་།
མིའི་རིགས་ཚང་མར་དབང་བའི་ལྷན་སྐྱེས་ཀྱི་ཁེ་དབང་ཡང་ཡིན།
དེར་བརྟེན་རྒྱལ་ཁབ་དང་མི་རིགས་ཚང་མས་གཅེས་འཛིན་བྱ་གི་ཡོད་པས།
རང་རིགས་ཚོས་དེ་བཞིན་དུ་ཕ་སྐད་གཙང་མ་བཀོལ་སྤྱོད་དང་།
སྐད་ཡིག་གི་རིག་གཞུང་རྣམས་ལ་སློབ་སྦྱོང་དང་།
ཞིབ་འཇུག་གིས་སྔར་བས་ལྷག་པའི་སྒོ་ནས་གཅིག་གྱུར་ཅན་དང་སྟབས་བདེ་ཅན་དང་།
གོ་ཆོད་ཅན་གྱི་ཁོར་ཡུག་བཏོད་དགོས། དེ་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་པས།
མི་རབས་རྗེས་མའི་མྱེས་པོ་བཟང་པོ་ཕུགས་བསམ་ཅན་ཡིན་པས་འབྲས་བུ་བཟང་པོའི་ཆེད་དུ་རྒྱུ་བཟང་པོ་སྐྲུན་པར་བྱ་ཡི།
ཡིད་སྨོན་ཙམ་གྱིས་ཅི་ཡང་མི་འོངས་བ་ཡིན་ནོ་ཞེས་ལུང་བསྟན་ཏོ།།

ཤེས་རབ་དཔལ་གྱིས་ཟིན་བྲིས་སུ་བཀོད་པའོ།།

གསར་འགྱུར།

Post navigation

Previous Post: ལན་འདེབས།
Next Post: ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་གླེང་མོལ།

Comments (5) on “སྐད་ཡིག་དང་འབྲེལ་བའི་དུས་བབས་ལུང་བསྟན། (འོས་སྦྱོར།)”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-27 at 9:55 am

    སྐད་ཡིག་རིག་གཞུང་མི་རིགས་ངོ་སྤྲོད་ཐུབ་པའི་སྲོག་།
    སྐད་ཡིག་རིག་གཞུང་མི་རིགས་འཚོ་བའི་རྒྱབ་བསྟེན་།
    སྐད་ཡིག་རིག་གཞུང་མི་རིགས་སྲུང་བའི་ཁྲིམས་ཡིག་།
    སྐད་ཡིག་རིག་གཞུང་མི་རིགས་གནས་པའི་ཕ་ཡུལ་།

  2. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 2:41 pm

    ་་་་་་་་ དེས་ན་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་པ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་ཁེ་ཕན་དང་།
    མིའི་རིགས་ཚང་མར་དབང་བའི་ལྷན་སྐྱེས་ཀྱི་ཁེ་དབང་ཡང་ཡིན། ་་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 2:47 pm

    ཡི་གེ་ཡོད་ཀྱང་སྐད་ཆ་གཅིག་མཐུན་མེད། །
    སྐད་ཆ་གཅིག་མཐུན་འདྲ་ལ་ཡིག་མཐུན་མེད། །
    ཡིག་མཐུན་སྐད་ཆ་གཅིག་མཚུངས་མི་འོངས་པ། །
    ཆོལ་ཁ་གསུམ་གྱིས་གཤིས་བརྒྱུད་གྱོང་དྲགས་རེད། །

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-27 at 7:52 pm

    སྐད་ཡིག་རྒྱུད་ནས་མི་རིགས་ངོས་འཛིན་ཐུབ་།
    སྐད་ཡིག་མེད་པའི་གདོན་མའི་སྤྱི་ཚོགས་དེང་འདིར་མེད་།
    སྐད་ཡིག་བཀོལ་སྤྱོད་མི་རིགས་དེ་ཡིས་ལས་དབང་རག་།

    སྐད་ཡིག་སྲུང་སྐྱོབས་མི་རིགས་དེ་ཡི་འགན་དུ་འཁྲི་།

  5. ཀརྡོ་རབ་འབྱམས་པ་ says:
    2017-01-28 at 4:32 am

    དིང་དུས་ཁ་ཚ་དགོས་གཏུགས་ཀྱི་བོད་ཀྱི་ཐ་སྙད་ནི།
    ང་།
    ང་ མདང་ ཕྱིན་པ་ ཡིན།
    ང་ དེ་རིང་ འགྲོ་བགྱིད་ ཡོད།
    ང་ སང་ཉིན་ འགྲོ་བགྱིད་ ཡིན།
    ཁྱོད་རང་།
    ཁྱོད་རང་ མདང་ ཕྱིན་པ་ རེད།
    ཁྱོད་རང་ དེ་རིང་ འགྲོ་བགྱིད་ ཡོད་རེད།
    ཁྱོད་རང་ སང་ཉིན་ འགྲོ་བགྱི་ རེད།
    ཁོ།
    ཁོ་ མདང་ ཕྱིན་པ་ རེད།
    ཁོ་ དེ་རིང་ འགྲོ་བགྱིད་ ཡོད་རེད།
    ཁོ་ སང་ཉིད་ འགྲོ་བགྱི་ རེད།
    ་
    ང་ལ་ ཡོད།
    ཁྱོད་ལ་ འདུག
    ཁོ་ལ་ འདུག
    འདི་ལ་ འདུག
    དེ་ལ་ འདུག
    ་
    ང་ཡིན།
    ཁྱོད་རེད།
    ཁོ་རེད།
    འདི་རེད།
    དེ་རེད།
    ་
    འདི་ངའི་རེད།
    འདི་ཁྱོད་རང་གི་རེད།
    འདི་ཁོའི་རེད།
    འདི་འདིའི་རེད།
    འདི་དེའི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme