Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་འཕྲིན་གྱི་དུས་རབས།

Posted on 2014-01-202014-01-20 By ཁ་བརྡ་ 6 Comments on སྐད་འཕྲིན་གྱི་དུས་རབས།

འབའ་སྲས།

དུས་རབས་འདི་ནི་བོད་དགྲ་རྒྱ་ཡིས་བསྐྲུན།།
དགྲ་ཡི་ལག་ཆ་བོད་པས་ལག་བསྟར་བྱེད།།
བོད་པ་ཉུང་བའི་ལག་མཐིལ་ཆུང་ཆུང་ན།།
དགྲ་ནག་མིག་ལ་མེ་ལོང་ཆེན་པོ་བཤམས།།

ལ་རྒྱ་ཅན་གྱིས་མི་རིགས་རྩ་དོན་བཤད།།
ཤེས་ཡོན་པ་ཡིས་རིག་པའི་བགྲོ་གླེང་བྱེད།།
ཐ་མ་རྣམས་ཀྱིས་ཁ་རྩོད་ཚིག་རྩོད་རྒྱག །
རབ་འབྲིང་ཐ་གསུམ་སྐད་འཕྲིན་ངོས་ལ་འཚང་།།

ལ་ལས་ཁ་རྩོད་བརྒྱབས་ནས་ཁ་ལྕེ་སྐམ།།
འགའ་རེས་དགའ་རོགས་བཙལ་ནས་བཟའ་ཚང་གཏོར།།
ལ་ལས་མི་ངོ་མི་ཤེས་མི་དག་ལ།།
སྙིང་གཏམ་བཤད་ནས་སྙིང་རླུང་སྟོད་ལ་འཚང་།།

ལ་ལས་ཉོག་གཏམ་བཤད་ནས་རང་ཉིད་ཉོག །
འགའ་རེས་ལ་གཞས་བླངས་ནས་བརྩེ་བ་ཆགས།།
ལ་ལས་རྫུན་གཏམ་བཤད་ནས་ཉི་མ་བསྐྱེལ།།
འགའ་རེས་ཡིད་ཆེས་བྱས་ནས་ལོ་ལ་སྒུག །

ལ་ལས་སྐད་འཕྲིན་དོན་ལ་ལས་དོན་བརྗེད།།
འགའ་རེས་སྐད་འཕྲིན་ནང་ནས་རང་ཚུགས་བོར།།
ལ་ལས་མགོ་པར་མཛེས་མའི་འདྲ་པར་བཞག །
འགའ་རེ་ཞིག་གི་མགོ་བོ་རྨོངས་སུ་བཅུག །

ལ་ལས་སྙན་ངག་བྲིས་ནས་སྙན་པ་བསྒྲོགས།།
འགའ་རེས་མཁས་བཤད་བྱས་ནས་མཁས་རྟགས་སྟོན།།
ལ་ལས་ཆབ་སྲིད་བཤད་ནས་ཆད་པར་ཐོགས།།
འགའ་རེས་ཚོང་ལས་བྱས་ནས་ཚོང་རྩ་རྡིབ།།

སྐད་འཕྲིན་ཟེར་བ་མགྱོགས་མོ་མགྱོགས་མོ་རེད།།
མི་སེམས་འདི་ཡང་འགྱུར་ལྡོག་ད་ད་རེད།།
སྐད་འཕྲིན་མི་གཉིས་འཕྲད་པའི་དུས་རབས་འདིར།།
རང་མགོ་དགྲ་ལག་བཞག་པའི་གཏམ་རྒྱུད་འབྱུང་།།

སྐད་འཕྲིན་སྐད་འཕྲིན་ཟེར་ན་དགྲ་ནག་རེད།།
ང་རང་ང་རང་ཟེར་ཡང་ཁོ་རང་རེད།།
ང་དང་ཁོ་ལ་ས་མཚམས་ཡོད་ཤེས་ན།།
སྐད་འཕྲིན་ནང་དུ་རང་ཉིད་མ་བརླག་རོགས།།

ང་ཚོས་ཅི་བཤད་དགྲ་ཡིས་ཉན་ནས་ཡོད།།
ང་ཡིས་ཅི་བཤད་ཆུང་མས་སློག་གི་ཡོད།།
ཆུང་མས་ཅི་བཤད་ང་ཡིས་འཚོལ་བཞིན་ཡོད།།
སྐད་འཕྲིན་སྤྱི་དང་ཁྱིམ་གྱིས་དགྲ་བོ་རེད།།

སྐད་འཕྲིན་འདི་ལ་མགོ་བོ་མ་འཁོར་རོགས།།
མི་དང་མི་ལ་ཡིད་ཆེས་མ་བྱེད་རོགས།།
ཡིད་ཆེས་རྨོངས་དད་འདི་ཡིས་ཁ་བ་ཅན།།
ཁ་ངོ་ས་ལ་སྦྱར་བ་གྲངས་མེད་ཡིན།།

སྐད་འཕྲིན་སྤྱོད་པ་ཤེས་ན་ཡག་པོ་རེད།།
མ་ཤེས་སོང་ན་རང་ཉིད་མགོ་འཁོར་རེད།།
ཤེས་དང་མ་ཤེས་རང་གིས་རྣམ་དཔྱོད་ཡིན།།
སང་ཉིན་ནོར་ན་རང་གི་འགྱོད་པ་ཡིན།།

༠༡/༠༡/༡༤

སྙན་ངག

Post navigation

Previous Post: ༅༅།། འཆི་ཡུལ་ནས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་བུ། དངོས་མཐོང་བདེན་དཔང་། ལེའུ་ཉེར་ལྔ་བ།
Next Post: ཇག་ལྷ་མོ།

Comments (6) on “སྐད་འཕྲིན་གྱི་དུས་རབས།”

  1. གནམ says:
    2014-01-21 at 12:34 am

    ད་གཞུག་ནས་སློབ་གསོ་ཐོབ་འདུག་གི་ཨ། ཧ་ཧ་ཧ།

  2. ཅོག་མྱི། says:
    2014-01-21 at 1:00 am

    གསར་བ་ཐམས་ཅད་བདུད་ཀྱི་ཆོ་འཕྲུལ་མིན།
    རྙིང་བ་ཡོད་རྒུ་དཀོན་མཆོག་ག་ལ་ཡིན།
    ཞེད་དང་འཇིགས་དངངས་ཚོར་བ་ཡོངས་སྤངས་ནས།
    ཚན་རྩལ་མཛེས་མའི་འདོད་ཡོན་ཅི་དགར་རོལ།

  3. ཅོག་མྱི། says:
    2014-01-21 at 1:27 am

    སྔོན་གྱི་བོད་མིར་རྣམ་རྟོག་ཟ་ཟི་མང་།
    བཙན་བྱོལ་བོད་མིའི་དོགས་སྐྲག་དེ་བས་ཟབ།
    ཉུལ་མ་སོ་བ་གཤེད་མའི་ར་མདའ་ལྟར།
    སྐྲགས་ནས་འཚོ་ཙམ་བྱེད་པ་ངོ་རེ་གནོངས།
    དལ་འབྱོར་འཕྲོ་བརླག་བཏང་བ་ཡིད་རེ་མུག

    ལྷ་དང་བདུད་ཀྱི་དུས་ནི་རྒྱང་ལ་བཞུད།
    ན་ར༔་མི་ཡི་དཔྱིད་དཔལ་གསར་དུ་ཚེས།
    དོགས་སྐྲག་འཇིགས་ཞེད་སེམས་ཀྱི་ནད་འདི་དག
    སློང་བྱེད་སུ་ཡིན་ལེགས་པར་བརྟག་རན་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-01-21 at 3:43 am

    གསང་སྔགས་ཀྱིས།
    གསང་སྔགས་སློབ་མས་ཐོས་ན་སྐལ་བཟང་རེད། །
    སློབ་མས་བེད་ནོར་སྤྱད་ན་རང་ཉིད་བརླགས། །
    སྐད་འཕྲིན་གྱིས།
    སྐད་འཕྲིན་མི་དང་ཕྲད་ན་དུས་བཟང་རེད། །
    སྐད་འཕྲིན་བེད་ནོར་སྤྱད་ན་རང་ཉིད་བརླགས། །

  5. དབང་འདུས། says:
    2014-01-21 at 6:40 am

    Wechat ལས་གཞན་པའི་སྐད་འཕྲིན་རིགས་མང་པོ་ཡོད་བཞིན་དུ། ང་ཚོས་ངེས་པར་དུ་སྐད་འཕྲིན་མཉེན་ཆས་འདི་ཁོ་ན་བེད་སྤྱོད་བཏང་བཏང་མཐར། ཡོད་ཚད་ཀྱི་གསང་བ་དང་གནད་འགགས་གཞན་ལག་ཏུ་འཆོར་ངེས་ཅན་རེད། དེས་ན་ Viber དང་། Line སོགས་གཞན་ཡང་སྐད་འཕྲིན་མཉེན་ཆས་མང་ཐག་ཆོད་ཡོད་པས་ཤེས་ཡོན་ཅན་ཚོས་སྣེ་ཁྲིད་དེ། Wechat སྤྱོད་ཤུགས་ཆུང་རུ་གཏོང་ན་མི་ལེགས་སམ།

  6. ཆབ་བྲག་ཕོ་ཉ། says:
    2014-01-22 at 9:46 am

    སྐད་འཕྲིན་ཟེར་བའི་སྐད་གྲགས་ཅན། འདི་མེད་སའི་བོད་པ་ཉུང་ཉུང་རེད།
    ད་བཤད་ན་ཉོག་གྲ་མང་གོ་གི བཀོལ་ཤེས་པའི་མཁས་པ་དཀོན་གོ་གི ངས་མ་བཀོལ་ནོ་ཡང་འགྲིག་གོ་གི ཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme