Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཆ་བསོར་མོ་ཞིག

Posted on 2013-03-252013-03-25 By ཡེ་ཤེས་ 24 Comments on སྐད་ཆ་བསོར་མོ་ཞིག

བསམ་ཤེས།
དྲང་པོ་བཤད་ན། ཀླུ་སྨྱོན་གྱི་སྙན་ངག་ནི་ཁ་བརྡ་འདིའི་ནང་ལ་ཀློག་མཁན་མང་ཤོས་རེད། དཔང་པོ་ནི་ཁོང་གི་སྙན་ངག་འདི་དག་ལ་མཆན་མང་ཤོས་རེད། ཁོང་གི་སྙན་ངག་ལ་གཤིས་ཀ་དྲང་ལ་ཕྱི་གསལ་ནང་གསལ། བརྗོད་བྱ་ངོ་མཚར་ཆེ་ལ་རྗོད་བྱེད་སྙན་ལ་ཞིབ་ཆ་ཆེ་བ། ཚོར་བ་རྣོ་ལ་ཉམས་མྱོང་ཟབ་པ། ཀློག་པ་པོར་ངོ་མཚར་དང་ཉམས་མྱོང་། དེ་བཞིན་གདམས་ངག་གི་བྲོ་བ་ཡོད་པའི་རྩོམ་ཡིག་ནུས་པ་ཅན་མང་པོ་བྲིས་སོང་།
འོན་ཀྱང་། ཁོང་མུ་མཐུད་ཁ་བརྡ་ལ་ཕེབས་རྒྱུ་ཡིན་པ་དེས་ང་ལ་སྤྲོ་བ་ཚད་མེད་སྦྱིན། ཁོང་མེད་ན། ཁ་བརྡའི་ཟ་མར་ཚྭ་མེད་པ་ལྟ་བུ་རེད།
ངས་ཁོང་གིས་བུད་མེད་ཀྱི་སྐོར་ལ་བྲིས་པའི་སྙན་ངག་ཞིག་ཕ་ཡུལ་གྱི་གྲོགས་མོ་ཞིག་ལ་བསྐུར་པ་ཡིན། ཁོང་གིས་རྗེས་མ་ཡང་སེ་ཀླུ་སྨྱོན་གྱི་རྩོམ་གསར་པ་འདུག་གམ་ཟེར། ཐེངས་གཅིག་གྲོགས་མོ་དེས་ཀླུ་སྨྱོན་གྱི་པར་སྐུར་ཤོག་ཟེར། ང་སེམས་ཁྲལ་དང་ཕྲག་དོག་ལངས་ནས། དྲ་རྒྱའི་ཐོག་ནས་གྲྭ་པ་གཟུགས་ཐུང་རྒྱག་པ་རྣ་ལེབ་ཅིག་གི་པར་བསྐུར་ནས་དེ་ཀླུ་སྨྱོན་རེད་ལབ་པ་ཡིན། དེ་ནས་བཟུང་མོས་ཀླུ་སྨྱོན་གྱི་སྐོར་ལ་ཅི་མི་ཟེར། ཟླ་ཤས་རྗེས་ལ། མོས་སེང་རྡོར་དྲ་རྒྱའི་ཐོག་ནས་ཀླུ་སྨྱོན་གྱི་པར་རིག་ནས། ”ཁྱོད་ང་ལ་ཀླུ་སྨྱོན་རྫུན་མ། རྒྱག་པ་མདོག་ཉེས་པ་ཞིག་གི་པར་སྐུར་འདུག ཀླུ་སྨྱོན་ངོ་མ་འདི་ཕོ་བཟོ་དོད་པོ་འདུག ཁོ་གྲྭ་པ་མིན་ན། རྒྱ་ནག་ནང་ལ་བུད་མེད་མང་པོས་དགའ་པོ་བྱེད་ས་རེད། ཁོ་གློག་བརྙན་འཁྲབ་མཁན་འདྲ་བོ་འདུག”ཟེར ངོ་མ་ཀླུ་སྨྱོན་གྲྭ་པ་ཡིན་པ་དེས་ང་ཚོ་ཕོ་གསར་ཚོ་གཉིད་སྐྱིད་པོ་རེད་འདུག དེ་མིན་་་་་་་་

བོད་ནང་ལ་མཚོན་ན་སང་རྡོར་གྱི་དྲ་རྒྱའི་ཐོག་ནས་གཞིས་ཞུགས་པ་མང་པོས་ཀླུ་སྨྱོན་གྱི་རྩོམ་དེ་དག་ཀློག་ཐུབ་ཀྱི་ཡོད་ཚོད། དགའ་མོས་བྱེད་མཁན་ཡང་ཉུང་ཉུང་མ་རེད།

རྩོམ་རིག

Post navigation

Previous Post: གངས་ལྗོངས་དཔའ་བོ་རྗེས་དྲན།
Next Post: མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པ།(UNESCO)

Comments (24) on “སྐད་ཆ་བསོར་མོ་ཞིག”

  1. རྒྱ་གར་རྨ་བྱ། says:
    2013-03-26 at 12:00 am

    ན་སོ་རྒས་ན་སྙན་ངག་ལ་ཚོར་ཤུགས་མེད་པས་དྲ་ལམ་མང་ས་ནས་གྱེས་ཕྱག་ཞུས་པ་འདྲ། ཁོང་གི་སྙན་ངག་རྣམས་ཀློག་སྤྲོ་པོ་རེད།

    མིའི་དམོད་བཤད་ལ་བལྟས་ནས་གྱེས་ཚིག་བརྗོད་པ་ནི་ཡ་མཚན་རེེད།་ལར་ནས།
    སྙན་ངག་པ་རང་གི་ཀློག་པ་པོ་དང་ཞལ་འབྲལ་མི་ཉན་པའང་ཀླུ་སྨྱོན་ལགས་ཀྱིས་མཁྱེན་དགོས་པ་རེད་སྙམ།

  2. བཀྲ་ཤིས says:
    2013-03-26 at 3:54 am

    སྨྱོན་པ་ཡིན་ཟེར་མི་དེ་ཁ་རོག་སྡོད་ཤེས་སོང་ན་ཡག་པོ་འདུག ཀླུ་སྨྱོན་དང་ཁོའི་སྐད་ཆ་ནི་དམངས་ཁྲོད་ཀྱི་ཨ་ཁུ་སྟོན་པའི་གཤིས་ཀ་དང་གཅིག་མཚུངས་རེད། བཟང་ངན་གྱི་ཕྱོགས་གང་ལ་འཇོག་དགོས་ཤེས་ལེ་མི་གདའ།

  3. བན་དེ་བ། says:
    2013-03-26 at 4:39 am

    ཨ་ཁུའི་སྟོད་གོས་སེར་མདངས་ཅན་དེ་ལ་ལྟས་ན་་་་་རྒྱ་མིས་རྐུ་མ་དམར་པོ་ཇག་པ་སེར་པོ་ཟེར་བ་དེ་ཡིད་ལ་ལྷང་ངེར་ཤར་བྱུང།
    ཨ་ལགས་ཀུ་རྩེད་ཞུས་ཡིན་་་་ཁྱེད་མེད་ན་དྲ་རྒྱ་གཉིད་ཤོར་ཡིན། ཁྱེད་མེད་ན་དྲ་འབུ་ཾ་ལྐུགས་པ་ཡིན། ཁྱེད་མེད་ན་ཁ་བརྡ་སྙུང་གནས་ཡིན། ད་གང་ལྟར་ཨ་མདོ་ཁམས་པ་ཚོའི་གཤིས་ཀ་དེ་དྲང་པོ་དང་ཾཁ་རེ་ཁ་ཐུག་སྤྲོ་ཐུང་སྤོ་ཐུང་དེ་ཅུང་ཙམ་སྐྱོན་ཅིག་ཡོད། དེ་མི་་མིས་ཅི་ཟེར་ལ་མི་ཉན། མིས་ཅི་བགྱིད་ལ་ལྟོས་ཟེར་བ་བཞིན་་་་ལམ་སང་དགོངས་པ་ཞུ་དགོས་པ་དེ་འདྲ་མི་འདུག རྗེས་མར་་བང་ཆེན་དང་དུས་བབ་སོགས་སུ་བོད་ཀྱི་མཛངས་མའི་སྐོར་བྲིས་པ་དང་བསྟན་པ་ཡིན་ན་དེ་དུས་འགྱོད་པ་སྐྱེས་ཡོང།
    ཨ་ཁུ་ཁྱེད་བདེ་མོ་བྱོས། སྟོད་འགག་དང་གཟན་དེ་ཕུད་ཀྱང་འོག་སྨད་ཤམ་དེ་མི་འབུད་རོགས་གནང།

  4. མེ་ཏོག་དཀར་པོ says:
    2013-03-26 at 4:59 am

    སྨད་ཤམ་དེ་ཕུད་ནའང་བཟང་སྤྱོད་དེ་མ་ཕུད་རོགས།

  5. མེ་ཏོག་དཀར་པོ says:
    2013-03-26 at 5:17 am

    ཨ་ཕའི་རོ། ལྐུགས་པ་ངས་ཆུ་ཚོད་ཁ་ཤས་རིང་༼བསོར་མོ༽ ཞེས་པར་བསམ་བློ་བཏང་མོད། ཐིགས་པ་གཅིག་མ་གོ་ཐལ། ཡིད་མུག་ཐི

  6. ཨ་ར་དཀར་པོ says:
    2013-03-26 at 7:49 am

    འདི་འཁྲབ་སྟངས་བསོར་མོ་ཞིག་ཡིན་མ་གཏོགས་ཁ་བརྡ་བསོར་མོ་ཅང་མཐོང་མ་སོང་། ཀླུ་སྨྱོན་ལགས

  7. མིག་ཤེལ་ says:
    2013-03-26 at 10:14 am

    ཀླུ་སྨྱོན་ལགས༏ བརྗིད་ཉམས་འདུག་ ཚེ་བརྟན༏་ འགྲོ་དོན་རྒྱས༏ ངས་སྒུག་ཡོད་སྒུག་ཡོད་གད་སྙིགས་ཞེས་པའི་ཁྱེད་ཀྱིས་རྩོམ་དེབ་དེ་སྒུག་ཡོད་

  8. འབའ་སྲས། says:
    2013-03-26 at 10:18 am

    བསོར་མོ་རེད། སྙན་ངག་པ་བསོར་མོ་རེད། མ་གཞི་ནས་སྙན་ངག་པའི་སེམས་པ་བསོར་མོ་རེད།

  9. རྒད་པོ། says:
    2013-03-26 at 11:27 am

    སྔོན་མ་སེ་ཀོ་ལན་ཊིའི་སྙན་ངག་པ་རོ་པརཊི་སྦར་ཌི་ཞེས་པས། སྙན་ངག་སེམས་ཀྱི་མེ་ལོང་སྟེ། སེམས་གང་དྲང་མོ་མཉེན་མོ་རྟོག་གེ་མེད། སྙན་ངག་དེ་བཞིན་ཡིད་དབང་འཕྲོག་པར་གྱུར་ཞེས་པ་དང་། སྟོན་པ་ཤ་ཀྱ་མུ་ནེས། ཆོས་རྣམས་ཀུན་གྱི་སྔོན་ལ་ཡིད་འགྲོ་ཞིང་། གང་ཞིག་ཕན་པའི་སེམས་ཀྱིས་སྨྲས་པ་ཡིས། དེ་ཡི་འབྲས་བུ་ཕན་པའི་ཆོས་བྱུང་ངོ་གསུངས་པ་ལྟར། སྙན་ངག་སྙན་ངག་ཟེར་ཀྱང་གཙོ་བོ་སྐྱེ་བུ་རང་ཉིད་ཀྱི་ཡིད་ཀྱི་རྣམ་འགྱུར་སྟོན་བཞིན་ཡོད་ན། ཇི་སྲིད་ཡིད་ཇི་ཙམ་དྲང་བར་དེ་སྲིད་སྙན་ངག་ཀྱང་དྲང་བར་ཡོང་བས། ཀླུ་སྨྱོན་གྱི་སྙན་ངག་མང་པོ་ཞིག་ནི་རང་གི་ཚོར་བ་ཇི་བཞིན་བྲིས་པ་ཤ་སྟག་ལས། གཞན་ལ་ཕན་གནོད་ཀྱི་ཀུན་སློང་མེད་སྟབས། སྒྱུ་རྩལ་བ་ཞིག་གི་ཁྱད་ཆོས་ཚང་འདུག་སྙམས། 

  10. མི་བདེན་པ། says:
    2013-03-27 at 1:18 am

    ཀླུ་སྨྱོན་གྱི་སྙན་ངག་ལ་དགའ་བོ་ཡོད་་་་་གཙོ་བོ་གནའ་རྩོམ་གྱི་བརྗིད་ཉམས་ལྡན་པའི་ཚིགས་བཅད་ལ་དགའ་བོ་ཡོད་་་རྗེས་སུ་ཡི་རངས་ཡོད་་་་ད་ངོ་མ་ཧ་གོ་མ་སོང་་་ཨ་རིར་སླེབས་སོང་ན་་་མི་ཚང་མ་སེར་པོ་དང་་་དམར་པོ་་དཀར་པོ་་་ཁྲ་ཁྲ་་་སྣ་ཚོགས་སུ་འགྱུར་གྱི་འདུག་་་་ངས་དྲ་ལམ་་་རེབ་ཀོང་གདུགས་དཀར་ཚེ་རིང་སེར་པོར་གྱགྱུར་ཡོད་པ་མཐོང་ཞིང་་་རྡོ་རྗེ་བཀྲ་ཤིས་ཟེས་པའི་སྣ་བོ་ཆཻ་དེ་ཡང་སེར་པོ་ཡིན་པ་མཐོང་སོང་་་་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཟེར་བའི་ཁྲ་ཁྲ་ཞིག་མཐོང་ཞིང་་་་་ད་དཀོན་མཆོག་གསུམ་ཤེས་ན་་་་ཅིག་ཡིན་རྒྱུ་རེ་བ་་་་ལོ་ཁ་ཤས་རེ་ལ་སྐྱིད་ན་ཐང་་་ཤི་དུས་དམྱལ་བར་འགྲོ་དགོས་ནི་རེད་ད་་་་བསམ་བློ་ཐོངས་་་ཨ་རིའི་རང་དབང་གཤིན་རྗེའི་ཡུལ་དུ་བསླེབས་ཡོད་པ་མ་རེད་་་་ད

  11. ངག་དབང་རྒྱ་མཚོ། says:
    2013-03-27 at 3:55 am

    སྐད་ཆ་གསོར་མོ་ཅང་མི་འདུག་ཡ།
    ཉིན་མ་མ་བསྐྱེལ་རོགས།

  12. ངག་དབང་རྒྱ་མཚོ། says:
    2013-03-27 at 3:58 am

    དྲ་གྲོགས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།

  13. གཡང་དཀར་ལུག་རྫི་། says:
    2013-03-27 at 7:28 am

    ཨ་ཁུ་ཀླུ་སྨོན་རྒྱང་ནས་རྒྱང་དུ་བཞུད། བོད་པའི་རྒྱད་ལམ་རྒྱང་ནས་རྒྱད་དུ་དོར། ཕྱི་གླིང་ངོ་མཚར་སྙིང་ནས་སྙིང་དུ་བརྣག

  14. མྱི་དཀར says:
    2013-03-27 at 9:38 am

    དངོས་ནས་རེད་ཁོང་གི་བྲིས་བའི་སྙན་རྩོམ་དག་ཡག་པོ་ཡོད་ཡིན་ན་ཡང་ད་ཐེངས་ཆ་ལུགས་འདྲ་མིན་ཞིག་གྱོན་འདུག་བས་དེ་ནི་ཁོང་གིས་མ་འོངས་མངོན་གཟིགས་ཀྱི་ལམ་སྟོན་བྱེད་པ་མིན་ནམ།

  15. ཡ་མ་ཚེ་རིང་། says:
    2013-03-27 at 3:59 pm

    སྐུ་ཡི་སྟོད་ནི་ཁྱིམ་པའི་གོས་ཀྱིས་བཀླུབས།།
    རོ་ཡི་སྨད་ལ་ཤམས་ཐབ་ཟླུམ་པོར་བགོས།།
    སྐྱ་འམ་སེར་ནི་གཅིག་ཏུ་མ་ངེས་པའི།།
    སྨྱོན་པ་ཁྱོད་ནི་བསྟན་པའི་དགྲ་རུ་ལངས།།

    རྟག་ཏུ་མཁས་མིང་སྤྱད་ནས་ནང་ཁུལ་དཀྲུག།
    རྒྱུན་དུ་སྤྲུལ་མིང་འོག་ནས་འབུལ་བ་སྡུད།།
    མགོ་དང་རྔ་མ་གར་ཡོད་མ་འཚལ་བའི།།
    སྨྱོན་པ་ཁྱོད་ནི་སེམས་ཅན་གཤེད་དུ་ལངས།།

    རང་བཙན་སྲིད་ལ་ཐུགས་ཞེན་ཆེ་བའི་ཟོལ།།
    གཉིས་སྨན་དབུ་མའི་ལམ་ལ་སྡང་བའི་ཚུལ།།
    ཁ་དང་ཁོག་པ་སོ་སོར་གྱེས་པ་ཡི།།
    ཀླུ་སྨྱོན་རང་ནི་གཏམ་དང་གྲགས་པས་མྱོས།།

  16. BONPO says:
    2013-03-27 at 5:16 pm

    བསོར་མོ་་་་ཞེས་པའི་དོན་གང་ཡིན་ནམ་ལགས། །

  17. yeshe says:
    2013-03-27 at 8:00 pm

    ཨམ་སྐད་དེ་སྐྱིད་པོ་ཞེས་པའི་དོན་ནོ།།

  18. བོད་ལ་ཞེན། says:
    2013-03-27 at 11:41 pm

    སྐྱག་པས་རྐུབ་བརྐྱག ཟེར་ན་དེ་འདྲ་རེད།

  19. མེ་ཏོག་དཀར་པོ says:
    2013-03-28 at 1:04 am

    བོད་སྐད་ཀྱི་དྲྭ་ཚིགས་ལ་འདྲེ་སྐད་བཀོལ་བར་ཆུ་ཚོད་གཉིས་རིང་ཟས་བཅད་ངོ་རྒོལ་ཡོད།

  20. གནམ says:
    2013-03-28 at 7:01 am

    ཨམ་སྐད་ལ་གསོལ་མོ་ཟེར་བ་རེད། དེའི་དོན་ནི། བཟའ་བཏུང་གོས་གསུམ་ཚང་བའི་སྐྱིད་དུས་ཀྱི་ལོངས་སྤྱོད་ལྡན་ན། གསོལ་མོ་རེད། གསོལ་གི། ཁོང་གསོལ་བསྡད་ཡོད་ཀི་ལྟ་བུ་ཟེར་བ་རེད། དེ་མིན་བསོར་མོ་བྲིས་ན་ཤིན་ཏུ་ནོར་རོ།

  21. BONPO says:
    2013-03-28 at 11:30 pm

    འོ་ལེགས་སོ། བཀའ་དྲིན་ཆེ། །

  22. ཀླུ་སྨྱོན། says:
    2013-03-28 at 11:38 pm

    ཁ་ནས་ཐོན་དུས་ས་ཆ་ལ་ལར་གསོར་མོ་ཟེར་བ་ལས་གསོལ་མོ་ཟེར་མཁན་རྩ་ནས་མེད། བསོ་མོ་ཞེས་སྔོན་འཇུག་བའི་སྒྲ་གདངས་དེ་འབུར་དུ་ཐོན་ཡོང་དུས་ཀྱང་འདུག

  23. གནམ says:
    2013-03-29 at 6:24 am

    རྗེས་འཇུག་ལ་སྒྲ་ར་སྒྲ་ལ་འགྱུར་བའི་སྐབས་ཡོད་པའི་ཨམ་སྐད་ཤེས་མཁན་ལ་དཀའ་ངལ་ཆེན་པོ་མེད། སྒྲ་ཐོན་མི་ཐོན་གྱི་ལག་པ་མ་རེད། དག་ཆ་ནི་དག་ཆ་རེད། གསོལ་རེད། སྨྱོན་པ་ཨུ་ཚུགས་ཅན་ཁྱོ་ལ་ཅི་བྱུང་བ་རེད།
    སྐལ་བཟང་སྐྱབས་ཟེར་བ་ལ། སྐར་བཟང་སྐྱབས་ཟེར་བའི་ར་སྒྲ་ཡོད། ཡང་སྐབ་བཟང་སྐྱབས་ཟེར་བ་འང་ཡོད། ཡང་ས་ལ་ལ་ན་སྐ་ལས་རྗེས་འཇུག་ལ་སྒྲ་མི་ཀློག། དེ་འདྲ་སྣ་མིན་ཡོད་ཆོག་པ་ཞིག་རེད། ཡིན་ན་ཡང་། དག་ཆ་ནི་དག་ཆ་རེད། དེ་སྐལ་བཟང་སྐྱབས་ཟེར་བ་ལས་གཞན་འབྲི་ཚུལ་མེད། གོ་སོང་ངམ།

  24. རྟ་མ། says:
    2013-03-30 at 7:24 am

    སོས་རེད། དལ་པོ་དང་སྐྱིད་པོ། སྡུག་བསྔལ་མེད་པ། ཁོམས་པ་ཡོད་

    པའི་དོན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme