Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་ཆ་བཤད་མཁན།

Posted on 2015-05-062015-05-06 By ཁ་བརྡ་ 2 Comments on སྐད་ཆ་བཤད་མཁན།

རང་དབང་།

 
ཉི་མ་འདི་དག་ཏུ་ཚ་བ་ཇེ་ཆེ་ནས་ཇེ་ཆེ་རེད། མཚན་དུ་དཔེ་ཀློག་གི་འདུན་པ་ཡང་གང་ཞིག་ཏུ་བདས་འགྲོ ཆུ་འཁྱག་འགྱིག་དམ་གཅིག་མགོ་རུ་གཡོན་བཞིན་འདང་ཡར་མར་ལ་བརྒྱབ།
“སྒྲིག་སྲོལ་འདི་འདྲ་ཞིག་བཟོ་སྲོལ་གང་ན་ཡོད།” ཁོས་དེ་ལྟར་མགོ་རྔ་མེད་པ་ཞིག་བཤད་བཞིན་ངའི་འཁྲིས་སུ་བསྡད།
ཁོས་མུ་མཐུད་དུ་”འདི་ཚོས་དངོས་ནས་སྡོད་དུ་བཅུག་འདང་མེད་པ་འདྲ།” ཁོས་དེ་ལྟར་བཤད་དུས་ངས་སོ་ཧྥེ་ཡི་འཇིག་རྟེན་ཞེས་པའི་བརྩམས་སྒྲུང་དེའི་སོ་ཁུར་ར་ཁྲེ་ཡི་སྐོར་ནས་ཀློག་བཞིན་ཡོད་ལ། ཏག་ཏག་སོ་ཁུ་རེ་ཁྲེ་ཡི་སྐད་ཆ་གསེར་ནག་མ་ངས་ཤེས་པ་གཅིག་ནི་ངས་ཅི་ཡང་མི་ཤེས་པའི་ངེས་ཤེས་རྙེད་ཡོད་པ་དེ་ཡིན་ཞེས་པ་དེར་ཁེལ་ཡོད།

སྐད་ཆ་དེས་ང་ནི་གཡོ་འཁྱོམ་ཐེངས་ཤིག་ཐེབས་པས་སྐད་གསེང་ཐོན་པས་ཚིག་དུམ་དེ་ཐེངས་གཅིག་བཀླགས་པ་ཡིན།

ཁོས་ངའི་མིག་གནམ་ལ་གྱེར་ཞིང་ལག་པ་མཐོ་རུ་བརྐྱངས་ཡོད་པའི་ཚུགས་ཀར་ལྟ་བཞིན། ངས་བལྟས་ན་ཡང་ཁྱོད་ཀྱིས་ཅི་ཡང་ཤེས་བཞིན་མེད་འདྲ་ཟེར།

ངས་སོ་ཧྥེ་ཡི་འཇིག་རྟེན་ཞེས་པའི་དཔེ་ཆའི་ཁ་བསུམ་ནས་སྟོན་པའི་སྐྱེས་རབས་ཀྱི་སྟེང་དུ་བཞག་སྟེ་ཁ་པར་གྱི་གཙུགས་ངོས་སུ་གསང་ཨང་གཏགས་པ་ཡིན། ངས་སྣང་མེད་ཀྱི་རྣམ་འགྱུར་དེ་མཐོང་ནས་ཁོས་ཅུང་ནན་གྱིས་”སྐུ་ངོ་རྣམ་པས་སློབ་ཕྱིའི་ལས་རིམ་དག་ལ་ཡང་། འཛུལ་ཞུགས་སྐར་གྲངས་ཀྱི་བརྒྱ་ཆ་ལོན་དགོས་པའི་གསལ་བསྒྲགས་བྱས་འདུག”
ངས་སེམས་སུ་ཁོ་ཚོས་ད་དུང་ཆོས་ལུགས་ཀྱི་ཆོ་གའི་བྱེད་སྒོ་དག་ཀྱང་སློབ་ཕྱིའི་འཛུལ་ཞུགས་ཀྱི་བརྒྱ་ཆའི་ནང་དུ་བཞག་ཡོད་པ་ཤེས་ཡོད་སྙམ་ཡང་། ཅི་ཡང་མ་བཤད་པར་“བེ་པོ་”དྲ་གནས་ནས་དགུ་རོང་སྤུན་གྲོལ་གྱི་ཆོས་ལུགས་ནི་སྒོམ་རྒྱུ་ཞིག་རེད། སྙན་ངག་ནི་འབྲི་རྒྱུ་ཞིག་རེད། ཤེར་རྟོག་རིག་པ་ནི་དོགས་པས་དཔྱོད་རྒྱུ་ཞིག་རེད། ཅེས་པའི་དྲ་རྩོམ་དེ་ཀློག་བསྡད་པ་ཡིན། ངས་དྲ་རྩོམ་འདི་འདྲ་བཀླགས་རྒྱུ་མང་དྲགས་པས་ཕལ་ཆེར་ཚིག་དུམ་རྗེས་མ་ཅི་ཞིག་བྲིས་ཡོད་པ་ཡང་སྔོན་དཔག་བྱ་ཐུབ་པའི་ཚད་ལ་སླེབས་ཡོད་ཀྱང་། ང་སྔར་བཞིན་དྲ་རྩོམ་འདིའི་རིགས་ཀློག་རྒྱུ་ཧ་ཅང་དགའ། དྲ་རྩོམ་འདི་ལྟ་མང་བོས་ང་ལ་སྙིང་ཕུར་བརྡབ་མྱོང་བ་རེ་གཉིས་ག་ལ་ཡིན།

“ཁྱོད་ཆོས་ལུགས་ལ་དད་པ་མེད་པ་མིན་ནམ། འོ་ན། ཁྱོད་ཞལ་འདོན་འདོན་དུ་འགྲོ་རྒྱུ་མིན་ནམ། གལ་ཏེ་མ་སོང་ན། ཁྱོད་བརྒྱ་ཆ་ལོན་རྒྱུ་མ་རེད་ཟེེར།”

ངས་ཁོའི་མིག་ལ་བལྟས། ཁོའི་མིག་ནི་ངལ་དུབ་བམ་ཡང་ན་ལྐོག་གྱུར་གྱི་ཉམས་ཤིག་གིས་ཁེངས་འདུག ངས་མུ་མཐུད་དུ་ཁོའི་མིག་ལ་མ་བལྟས། གལ་ཏེ་མུ་མཐུད་དུ་བལྟས་པ་ཡིན་ན། རྣམ་འགྱུར་གཞན་ཞིག་མངོན་ཡོང་ངེས་པས་”འབྲོང་མགོ་རྡོ”་ཡིན་པ་ཡང་ཤེས་འགྲོ།

བེ་པོ་དྲ་གནས་ཀྱི་ཁ་སུམ་ཞིང་ངོ་དེབ་དྲ་གནས་ཀྱི་སྒོ་ཕྱེ་ཞོར། འདི་’ང་ཙམ་དད་པ་ཡོད་མེད་ཀྱི་གནད་དོན་ཞིག་མ་རེད། སྤྱིར་གསལ་བསྒྲགས་དེ་ལྟ་བུ་བྱས་པ་ནི་མིའི་རང་དབང་དང་གདམ་ཀ་ལ་བཙོན་ཁང་བཟོ་ཚུལ་ཞིག་རེད་མ་གཏོགས་་་སྙམ་ཡང་།
ཁོར་དེ་ལྟར་མ་བཤད་པར་ཁུ་སིམ་མེར་ངོ་དེབ་དུ་མྱུལ་བ་ཡིན། ཁོ་ལ་དེ་ལུགས་བཤད་ཀྱང་མི་གོ་བ་སྔ་མོ་ནས་ཤེས་ཡོད། སྟབས་ཉེས་ན་མདོག་མ་བུད་གོང་ལ་ལྐོག་ཞུའི་ས་བོན་དུ་ཡང་འགྱུར་ཉེན་ཆེ་བ་ཡང་ཉམས་མྱོང་རིགས་ཤིག་ཀྱང་ཡིན།

“འདི་ཚོས་དངོས་གནས་སྡོད་དུ་བཅུག་རྩིས་མེད་པ་འདྲ། གླང་རྒན་དམར་ལྡང་རེ་གཉིས་ཀྱི་ངོ་མདོག་ལ་ལྟོས་ནས། སྒྲིག་སྲོལ་འདི་འདྲ་བཟོ་སྲོལ་ཡོད་དམ། འདི་ནི་ཆོས་དད་རང་མོས་ལ་བསླུ་བྲིད་གཏོང་ཚུལ་ཞིག་རེད།” ད་ཐེངས་ཁོས་ང་གཅིག་པོར་མི་བཤད་པར་སྐད་མགོ་ཅུང་མཐོ་རུ་བཏང་ནས་ཉེ་འཁོར་གྱི་གཞན་དག་གིས་གོ་བར་བྱས་ཏེ་བཤད།

“མདོ་རྩ་ཁོ་ཚོས་སློབ་ཆེན་སློབ་གསོ་ཟེར་བ་ག་འདྲ་ཞིག་ཡིན་པ་མ་ཤེས་པས་རེད། ངས་སེམས་སུ་དེ་ལྟར་འདོད་ཀྱང་ཁོས་ངོ་ལ་གསལ་བོ་ཞིག་བལྟས་པ་ལས། སྐད་ཆ་ཅི་ཡང་མ་བཤད་པར་མུ་མཐུད་དུ་ངོ་དེབ་སྔོག་བསྡད་པ་ཡིན།
ཁོའི་ངོ་གདོང་གི་བ་སྤུ་ཚང་མ་འདར་འདར་དུ་འགུལ་བཞིན་འདུག རྣམ་འགྱུར་དེས་ང་ལ་བརྩམས་སྒྲུང་ཞིག་གི་སྣང་བརྙན་དྲན་དུ་བཅུག་སོང་། བརྩམས་སྒྲུང་དེའི་ཁྲོད་ཀྱི་མི་སྣས་གཡོ་ཟོལ་གྱི་སྐད་ཆ་བཤད་སྐབས་ངོ་གདོང་གི་གང་སར་སྐྱེས་པའི་བ་སྤུ་དག་འདར་འདར་དུ་འགུལ་ཡོང་།”

ཁོས་དེ་ལྟར་བཤད་རྗེས་མཐའ་འཁོར་གྱི་གཞན་དག་གིས་ཀྱང་དོན་དེ་གླེང་བྱུང་། ལ་ལས་སློབ་ཕྱིའི་ལས་རིམ་གཞན་དག་ལ་བརྒྱ་ཆ་བཟོས་ན་བཟོས་ཀྱང་། ཆོས་ལུགས་བརྒྱ་ཆའི་ཁོངས་སུ་བཞག་པ་ནི་སྒེར་གཅོད་ཅིག་རེད། ཆོས་དད་རང་མོས་རེད་མོ་ཟེར།
ལ་ལས། འདི་ལྟར་བྱས་ན་ཡག་པོ་མི་འདུག་ཟེར།

ངས་ཁོ་ཚོའི་མིག་ཟུང་ཁོ་ནའི་རྣམ་འགྱུར་ལ་བལྟས་པ་ཡིན། ཁོ་ཚོས་མིག་མདངས་ནི་”མདོག་འགྱུར་ད་དབྱིའི་”ཁྲོད་ཀྱི་ཉེན་རྟོག་པའི་ཉེ་འཁོར་དུ་འདུས་པའི་མི་དག་གི་མིག་མདངས་དང་སྡུར་ཐབས་ཡེ་ནས་མི་འདུག་ལ། རྒད་པོ་དང་རྒྱ་མཚོ་ཞེས་པའི་བརྩམས་སྒྲུང་ཁྲོད་ཀྱི་རྒད་པོའི་མིག་མདངས་དང་རྒྱང་ཐག་ཤིན་ཏུ་རིང་། ཡིན་ཡང་། ཁོ་ཚོའི་མིག་མདངས་འདི་དག་བརྩམས་སྒྲུང་གཞན་ཞིག་གི་མི་སྣའི་མིག་མདངས་དང་ཤིན་ཏུ་འདྲ་ཨང་།

ངས་ཁོ་ཚོའི་སྐད་ཆ་དང་མིག་མདངས་ལ་བལྟས་ཤིང་ཉན་རྗེས། ཧྥ་རན་སིའི་གསར་བརྗེ་དང་རྒྱ་ནག་གི་ལྔ་བཞིའི་ལས་འགུལ། འཇར་ཕན་གྱི་མེ་རྗེ་གསར། བོད་མི་རང་གི་རིག་རྩལ་བསྐྱར་དར་སོགས་ཀྱི་སྣང་བརྙན་དག་རབ་རིབ་ཏུ་ཡིད་ལ་འཆར་ཡོང་། འདི་དག་ཡིད་ལ་འཆར་བ་ཙམ་ལས་ཁོ་ཅག་གི་སྟེང་ནས་འདི་ལྟ་བུའི་སྙིང་སྟོབས་ཤིག་མཐོང་བ་ལར་ནས་མིན། ངས་དེ་ལྟར་དྲན་ཞིང་འདི་ལྟར་སྡུག་མེད་བཏོན་ན་རྒྱུ་མཚན་ཡོད་ནི་མ་རེད། དེ་ལས་ཞེས་བཤད་གྲབས་བྱེད་སྐབས།
ཁོས་སྐད་མགོ་སྔར་ལས་ཇེ་མཐོར་བཏང་ནས། “ང་ཚོས་འདི་ལྟར་བརླ་བཙག་པ་འདྲ་འདྲ། སྡུག་དམོད་འདོན་པ་འདྲ་བྱས་ནས་བསྡད་ན་ཆོ་ཡོད་པ་མ་རེད། འགན་འཛིན་ལྷན་ཚོགས་ལ་བཤད་དུ་འགྲོ། ཁོ་ཚོས་འདི་ལྟར་སློབ་ཕྱིའི་ལས་རིམ་དག་ལ་བརྒྱ་ཆ་བཟོས་དགོས་དོན་ལ་ཚ་དྲི་གཏོང་གི་འགྲོ།” ཁོས་དེ་ལྟར་ངར་ངར་འདྲ་ཞིག་བཤད་པས་གཞན་དག་ཕལ་ཆེར་གྱིས་ཀྱང་འཐད་པ་ཡོད་མདོག་སྟོན་བཞིན་ཡོད། ཡིན་ཡང་ཁོའི་ངོ་གདོང་ངའི་ཁ་པར་གྱི་གཙིགས་ངོས་སུ་འཆར་ཞིང་དེ་ནས་ཀྱང་ངས་ཁོའི་ངོ་གདོང་གི་བ་སྤུ་དག་འགུལ་བཞིན་པ་གསལ་བོ་མཐོང་ཡོང་།

ངས་ཁུ་སིམ་མེར་ཁོ་ཚོས་འཁྲིས་ནས་འགན་འཛིན་ལྷན་ཚོགས་ཀྱི་ཨ་ལན་ཅི་ལྟ་བུ་ཞིག་བརྒྱག་པ་ལ་ཁོག་རྩིས་བརྒྱབ་པ་ཡིན། དེ་ལ་ཁོག་རྩིས་མ་བྱས་སྔོན་ལ་ངས་ངེས་པར་དུ་ཁོག་རྩིས་གཞན་ཞིག་བརྒྱག་དགོས་པ་ནི། མི་འདི་དག་གིས་འགན་འཛིན་ལྷན་ཚོགས་ལ་གདོང་གཏོད་ཕོད་མིན་གྱི་གནད་ཀ་དེ་ཡིན། དེ་དུས་ངའི་སེམས་སུ་འདས་དོན་ཞིག་དྲན། འདས་དོན་དེ་དྲན་མ་ཐག་ང་ལ་ཁོག་དགོད་ཅིག་སླེབས་ཀྱང་ཁོ་ཚོར་རྣམ་འགྱུར་དེ་ཚོར་དུ་མ་བཅུག་པར་མུ་མཐུད་དུ་ངོ་དེབ་ནས་ཧྲེང་ཧེ་ཡི་”གཟུགས་མཛེས་མའི་ངོ་རྒོལ”་དེར་བལྟས་ཤིང་། སེམས་སུ་མི་འདི་དག་གཟུགས་མཛེས་མ་འདི་ཚོར་ཡང་མི་དོ་སྙམ་ཐལ།

བརྩམས་སྒྲུང་།

Post navigation

Previous Post: དོ་ནུབ། ང་དུར་ཁྲོད་ན་ཡོད་པའི་རོ་ལངས་ཤིག་ཡིན།
Next Post: ༧ དཔལ་རྒྱལ་བ་ཀརྨ་པ་མཆོག་ཝི་སི་ཀོན་སིན་སློབ་ཆེན་དུ་ཕེབས་སྐོར། ༼པར་བཏབ་གསར་འགྱུར༽

Comments (2) on “སྐད་ཆ་བཤད་མཁན།”

  1. སྤོབས་པ་མཐའ་ཡས། says:
    2015-05-06 at 10:20 pm

    གྲོགས་པོ་ལགས། ཡ་མཚན། ཁར་ཉིན་གཟའ་སྤེན་པའི་ཉིན་མོར་ང་ལ་གྲོགས་པོ་ཞིག་གིས་སོ་ཧྥེ་ཡི་འཇིག་རྟེན་ཟེར་བའི་སྒྲུང་དེབ་དེ་གནང་བྱུང་། ངས་ད་དུང་ཁ་ཡང་ཕྱེས་ཐུབ་མེད། ཡིན་ན་ཡང་། གྲོགས་པོས་ང་ལ་ནང་དོན་ངོ་སྤྲོད་བྱས་སོང་། སྒྲུང་དེ་བྲིན་རྒྱུགས་ཆེ་བའི་དེབ་ཡིན་ཞིང་དེའི་ནང་དུ་ནུབ་ཕྱོགས་པའི་བསམ་བློའི་གོ་རྟོགས་ཀྱི་འཕེལ་རིམ་ཡག་པོ་བྲིས་ཡོད་པས་བཀླགས་ཐུབ་ན་བཟང་ཟེར་ནས་སྤྲད་སོང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-05-07 at 12:38 am

    སྐད་ཆ་བཤད་མཁན།
    ལས།
    སྐད་ཆ་ཤོད་མཁན་དག་པ་མི་འདུག་གམ། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme