Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོག་པོ་རྒྱ་ནག་མ་རེད། བོད་རྒྱའི་དབར་གྱི་ལོ་རྒྱུས་འབྲེལ་བ།

Posted on 2009-05-252009-05-26 By དབང་ཕྱུག་ 1 Comment on སོག་པོ་རྒྱ་ནག་མ་རེད། བོད་རྒྱའི་དབར་གྱི་ལོ་རྒྱུས་འབྲེལ་བ།

ཝང་ལིས་ཞུང༌།
ཡེ་ཤེས་བསྟན་འཛིན་གྱིས་བསྒྱུར། ནོར་གླིང༌།

རྒྱ་ནག་གཞུང་ཕྱོགས་ནས་བཅོས་ལྷད་བྱས་པའི་ལོ་རྒྱུས་དེ་དག་གཞི་རྐང་དུ་བཟུང་ནས། དུས་རབས་བཅུ་གསུམ་པ་ནས་བརྩམས་ཏེ་བོད་ཀྱི་བདག་དབང་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་བཞིན་ཡོད། དུས་དེར་ཇིང་གིར་རྒྱལ་པོའི་སོག་དམག་གིས་འཛམ་གླིང་ཧྲིལ་པོར་ལེབ་རྡུང་བྱེད་བཞིན་པའི་དུས་རེད་ལ། བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་ཕྱིན་ནས་མི་ལོ་བཞི་བརྒྱ་ཙམ་སིལ་བུར་གནས་ཚར་བས་སོག་པོ་དང་རྒོལ་འཛིང་བྱེད་པའི་ནུས་པ་མེད་པ་ཙམ་མ་ཟད། དུས་བབ་ཀྱི་འགྱུར་འགྲོས་དེའི་ཁྲོད་ནས་ས་གནས་ཀྱི་སྡེ་དཔོན་དེ་དག་གཅིག་རྗེས་གཉིས་མཐུད་ངང་སོག་པོར་མགོ་བཏགས་ཞུས་ཡོད། ཇིང་གིར་རྒྱལ་པོའི་ཚ་བོ་གོ་དན་ཁཱང་གིས་ས་སྐྱ་པ་སྐབས་དེའི་བོད་བརྒྱུད་ནང་བསྟན་གྱི་ལྟེ་བར་ངོས་བཟུང་གནང་སྟེ་བོད་ས་ཧྲིལ་པོའི་ཕྱོགས་སོ་སོ་ན་ཡོད་པའི་དབང་ཤུགས་ཡོད་ཚད་ཀྱིས་ས་སྐྱ་པའི་སྣེ་ཁྲིད་དང་ལེན་བྱེད་དགོས་པའི་བཀའ་བསྒོས། རྗེས་ཕྱོགས་ནས་དུས་རབས་གཅིག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཡོན་རྒྱལ་རབས་ཀྱི་དུས་རིང་གང་པོར་ས་སྐྱ་པས་བོད་ཁམས་དབང་སྒྱུར་བྱས་ཡོད། ལོ་རྒྱུས་ཆེད་མཁས་པ་ཚོས་མཁོ་སྤྲོད་བྱས་པའི་རྒྱུ་ཆར་གཞིགས་ན། དུས་དེར་ཚད་ངེས་ཅན་གྱི་བདག་དབང་ལྡན་པའི་རྣམ་འགྱུར་མངོན་ནས་འདུག དེ་ལྟ་ནའང། གནད་འགག་འབབ་ས་ཞིག་ནི། དོན་དམ་པར་སོག་པོས་བོད་ཀྱི་བདག་དབང་སྤྱོད་ཀྱི་ཡོད་པ་རེད་དམ། འོན་ཏེ། རྒྱ་ནག་གིས་བོད་ཀྱི་བདག་དབང་ལ་དོ་སྟངས་བྱེད་ཀྱི་ཡོད་པ་དེ་རེད། དོན་ངོ་མར། སྐབས་དེར་རྒྱ་ནག་ཁོ་རང་ཡང་བོད་དང་གཅིག་མཚུངས་སུ་གྱུར་ཏེ་སོག་པའི་ཡ་མེད་ཀྱི་རྟ་དམག་དེ་ཚོའི་དབང་སྡུད་བྱེད་ཡུལ་དུ་ཆགས་པ་མ་ཟད། ཅུང་ཟད་སྔོག་རེས་ལྟ་བུ་བྱས་ཏེ་གླེང་ན། བོད་ཡུལ་ལས་ཀྱང་ཐ་ཆད་པའི་མངོན་ཚུལ་སྣང་སྟེ། བོད་ཀྱི་ས་ཁོངས་དག་ཏུ་སྔར་མུས་བཞིན་ཚད་རིམ་ངེས་ཅན་གྱི་རང་སྐྱོང་སོར་གནས་ཐུབ་པ་བྱུང་མོད། འོན་ཀྱང༌། རྒྱ་ནག་ནི་རྒྱལ་ཁབ་རྦད་དེ་ཐོར་ནས་འགྲེལ་བརྗོད་བྱེད་སྟངས་མི་ཤེས་པ་ཆགས་ཡོད། དེ་ལྟབུའི་རང་ཉིད་ཀྱི་བདག་དབང་ཡང་བོར་ཟིན་པའི་རྒྱལ་ཁབ་ཅིག་གིས་ཇི་ལྟར་བྱས་ཏེ་མི་རིགས་གཞན་ཞིག་གི་བདག་དབང་ཁ་ལོ་སྒྱུར་ཐུབ་བམ། མ་གཞི་བྱས་ན་ཡོན་དང་དུས་ཕྱིས་ཀྱི་ཆིང་གཉིས་མི་འདྲ་ནའང༌། མི་རིགས་ཐ་དད་པ་ཞིག་གིས་བཙན་འཛུལ་བྱས་ཏེ་རིམ་པས་དབང་སྒྱུར་བྱས་པ་གཅིག་མཚུངས་རེད། ཡིན་ནའང༌། མཐའ་མ་དེར་ཆིང་རྒྱལ་རབས་རང་གི་མན་ཇུ་བའི་སྡོད་ཁུལ་ཡིན་ནའང་འདྲ། དེ་བཞིན་མི་རིགས་གཞན་ཁག་ཡིན་ནའང་འདྲ། ཐམསཅད་མཉམ་བསྲེས་ཀྱིས་ཟླ་སྒྲིལ་བྱས་ཏེ་ཀྲུང་གོ་ཞེས་པའི་ཚིག་གཅིག་པོ་དེའི་ནང་གོང་བུ་གཅིག་ཏུ་བཟོས་ཡོད། ཡིན་ན་ཡང༌། སོག་པོ་ད་ལྟའི་ཆར་ཡང་སྔ་མ་བཞིན་རང་ཉིད་ཀྱི་རྒྱལ་ཁབ་ཡོད་ལ་ཡ་གླིང་གི་ཁྱོན་ཆེན་དུ་སོག་རིགས་གནས་སྡོད་བྱེད་བཞིན་ཡོད་པས་ཀྲུང་གོ་ཞེས་པའི་ཐ་སྙད་དེ་དང་རྩ་བ་ནས་མི་འདྲ་བ་ཆགས་ཡོད་པ་འདི་ལྟར་ཡང༌། ཁོང་ཚོས་ཨ་ན་ཨུ་ཚུགས་ཀྱིས་སོག་པོས་བོད་དབང་སྡུད་བྱས་པ་དེ་རྒྱ་ནག་གིས་བོད་ས་བདག་དབང་ཡོད་པའི་ཁུངས་སྐྱེལ་བྱེད་པ་འདི་ནི་ ཨཱ རྔ ལྟ་བུའི་གཏན་ཚིགས་ཀྱི་འགོད་ཕྱོགས་ལས་མ་འདས་པས་ཕྱོགས་གཅིག་ནས་ཡ་མཚན་དགོས་པ་ཞིག་དང༌། ཉག་གཉིས་ནས་ཟོལ་མེད་ཀྱི་རྣམ་པ་མེད་སོང་བ་རེད།
དེ་ཙམ་དུ་མ་ཟད། བོད་སོག་གཉིས་སུས་སུ་དབང་དུ་སྡུད་ཡོད་པ་ཡང༌། ད་དུང་གོམ་གང་མདུན་སྤོས་ཀྱིས་གྲོས་ཁ་བསྡུར་ཏེ་གླེང་ན། དམག་དོན་གྱི་ཆ་ནས་བོད་སོག་པོའི་དོཟླམིན་པ་ཐག་གིས་ཆོད་མ་ད། འོནཏེ། བོད་ཡུལ་ནི་མཐོ་སྒང་གི་ས་ཆ་ཡིན་པས་སོག་དམག་བོད་འཛུལ་་བྱེད་རྒྱུར་རང་བཞིན་གྱིས་དཀའ་ཁག་ཡོད་པས་སྟབས་དོན་ཞིག་མིན་པ་མ་ཟད། དོན་དངོས་ཐོག་སོག་པོས་བོད་དྲག་འདུལ་ཡང་བྱས་མེད། བོད་ཀྱིས་མགོ་བཏགས་ཞུས་པ་དེ་ནི་དང་ཐོག་ས་སྐྱ་ནས་མགོ་གཏད་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། ས་སྐྱ་པཎ་ཌི་ཏས་སོག་པོའི་དམག་ཟིལ་རྒྱབ་གནོན་ལྟ་བུ་བྱས་ནས་བོད་ས་ཁག་གི་སེར་སྐྱ་ཡོངས་ལ་སྐབས་དེའི་དུས་བབ་གང་ཡིན་གསལ་རྟོགས་དགོསརྒྱུ་དང༌། ས་སྐྱ་པའམ་ཡང་ན་ཡོན་གྱི་དབང་སྒྱུར་དང་ལེན་དགོས་པ་ཞིབ་འགྲེལ་བྱས་རྗེས། དེ་ནས་བཟུང་མི་ལོ་བཞི་བརྒྱ་ཉེ་བའི་ནང་བསྟུད་མར་དམག་སྐྱོན་དང་ཁ་འཐོར་གྱི་རྣམ་པ་དེའི་མཇུག་སྒྲིལ་བ་རེད།
༡ དུས་དེར་ཡོན་ནས་བོད་ས་ཐད་ཀར་དབང་སྒྱུར་མི་བྱ་རྒྱུའི་ཆེད་དུ་བོད་སྡོད་དམག་དཔུང་བཀོད་མངགས་བྱས་ཡོད་ལ། དེ་ཡང་གཙོ་ཆེ་བ་ཞིག་ནྀ་བོད་ཀྱི་ས་གནས་གཞན་ཚོའི་ཆོས་སྲིད་གང་རུང་གི་སྟོབས་ཤུགས་ཀྱིས་ས་སྐྱའི་བདག་དབང་ལ་དམག་འཁྲུགས་མི་སློང་བའི་ཆེད་འཇིགས་སྣང་སྐུལ་བྱེད་རེད། ཡོན་སྲིད་གཞུང་ནས་བོད་ཀྱི་ལས་དོན་བདག་སྐྱོང་བྱ་ཆེད་སྤྱི་འདོམས་ཁང་འབོད་པའི་ལས་ཁུངས་ཕྱིས་བསྒྲགས་སྲིད་ཁང་དུ་བསྒྱུརཤིག་གསར་འཛུགས་གནང་ཡོད་པ་དེར་ས་སྐྱ་པཎ་ཌི་ཏའི་དབོན་པོ་འཕགས་པ་སྤྱི་ཁྱབ་འགན་ཁུར་དུ་བསྐོས། དེའི་མཇུག་གི་དབུ་འཛིན་ཕལ་ཆེར་ཡང་འཕགས་པའི་ཁྱིམ་བརྒྱུད་ཀྱི་མིར་བསྐོ་བཞག་བྱས་ཡོད།
༢ གང་ལྟར་ཡང༌། ཡོན་རྒྱལ་རབས་ཀྱིས་བོད་དབང་སྒྱུར་བྱས་པ་ཡང་མང་ཕྱོགས་སུ་བོད་རང་གིས་བདག་སྐྱོང་ལག་བསྟར་བྱས་པ་ཞིག་རེད། མ་གཞི་བོད་ཀྱི་དམག་དོན་ངོས་ཕྱོགས་ནས་སོག་པོའི་མངའ་འོག་ཏུ་འདུ་མོད། སོག་པོས་བོད་རྒྱུད་ནང་བསྟན་ངོས་ལེན་བྱེད་བཞིན་ཡོད་པས་དེ་སྐབད་ཀྱི་ས་སྐྱའི་སྲིད་དབང་མཐའ་དག་པ་སོག་པོའི་གཞན་དབང་འབའ་ཞིག་ཏུ་གྱར་མེད་ལ། ཐ་ན། སོག་པོའི་ཡི་གེའང་དུས་སྐབས་དེར་འཕགས་པས་གསར་གཏོད་མཛད་ཡོད། དེར་བརྟེན། ཁ་ཚུར་བསྐོར་ནས་གླེང་ན། ནང་བསམ་པའི་ཐོག་ནས་བོད་པས་ཕར་སོག་པོ་དབང་དུ་བསྡུས་ཡོད་ཅེས་བརྗོད་ཆོག་་པ་ཡིན།གནས་སྐབས་འདི་འདྲར་སོང་བས་ཡོན་ནས་དབུ་བླ་གོང་མའི་སློབ་དཔོན་ ཞེས་ཁྱད་པར་ཅན་གྱི་གོ་ཐོབཅིག་ཆེད་བསྐོས་བྱས་པ་དེ་ཡང་རེ་རེ་བཞིན་བོད་མིས་ཐེག་ཁུར་བྱས་ཡོད།དབུ་བླའི་གོ་བབ་དེར་ཡོངས་ཀྱིས་བརྩི་མཐོངས་ཆེན་པོ་དགོས་པ་སྟེ་གོང་མའི་སྐུ་མདུན་དུ་བཅར་སྐབས། ཞི་དྲག་བློན་ཆེན་ཚོ་འགྲེངས་ཏེ་གྲལ་བསྟར་སྒྲིག་དགོས་མོད། གོང་མའི་དབུ་བླ་གཅིག་པུས་ཆེད་བསྐོས་གསེར་ཁྲིར་སྦྱོད་ཐུབ་ཀྱི་ཡོད། བཤད་སྲོལ་ལྟར་ན། གོང་མའི་དབུ་བླ་ཐོག་མ་འགྲོ་མགོན་འཕགས་པའི་གྲལ་རིམ་ནི། ཐ་ན། ལྷ་སྲས་རྒན་པ་ཧུ་པིས་སླེ་ལས་ཀྱང་མཐོ་ཡོད་པ་དེའང་རྒྱུན་འཁྱོངས་ཐུབ་པ་བྱུང་སྐད།
༣ དེ་ལྟ་ན། གནད་འདི་ནས་བོད་མིར་གོ་ཐོབ་ཅི་ཙམ་ཡོད་པ་ངེས་པར་གསལ་པོར་མཚོན་ཐུབ་ངེས་ཡིན་ལ། ཡོན་རྒྱལ་རབས་ཀྱི་སྐུ་ཐོག་རིམ་བྱོན་རྣམས་གསེར་ཁྲིར་མ་འཁོད་གོང་དབུ་བླའི་སྐུ་མདུན་ནས་དམ་བཅའ་བཞེས་དགོས་ཀྱི་ཡོད་ལ། བཙུན་མོ་དང༌། ལྷ་གཉེན། བློན་ཆེན་ཚོ་བོད་ཀྱི་དགེ་འདུན་པས་དམ་བཞེས་གནང་བར་ཡང་གཟབ་རྒྱས་བྱེད་དགོས་པའི་གོམས་སྲོལ་དར་ལ། དུས་སྐབས་དེར་དབུ་བླའི་ཟིལ་ཤུགས་ཚད་ལས་བརྒལ་བ་སྟེ། དགེ་ཕྲུག་ག་གེ་མོས་ལྷ་ལྕམ་ཉེས་རྡུང་བཏང་ན་ཡང་གོང་མས་རྩད་གཅོད་མེད་པ་རེད།
༤ ཡོན་རྒྱལ་རབས་ཀྱིས་འབྲི་ཆུའི་ལྷོ་ངོས་བརྟན་སྲུང་བྱེད་ཀྱིན་པའི་སུང་ལྷོ་མའི་སྲིད་དབང་ལ་དཔུང་འཇུག་བྱེད་སྐབས། བོད་མིས་དེར་ཚ་ཚ་འུར་འུར་ངང་སོག་པོ་དང་མཐུན་སྡེབ་བྱས་ཡོད་ལ། འཕགས་པས་འདི་དོན་ཆེད་དམིགས་ཀྱིས་ཀྲོའུ་ཀྲུའུ་དུ་གཙུག་ལག་ཁང་གསར་བཞེངས་གནང་བ་མ་ཟད། ཁོང་ངོས་ཕེབས་ཀྱིས་རབ་གནས་མཛད་པ་དང་ཞབས་གནས་ཀྱི་ཆོས་དཔོན་ཚོ་ཡང་དེར་དྲངས་ཏེ། སོག་པོ་ཚོའི་སླད་དུ་གཟུངས་སྔགས་བཟླས་བརྗོད་བྱེད་དུ་བཅུག
༥ དེ་ལྟར་སོག་དམག་གིས་སུང་ལྷོ་མའི་རྒྱལ་ས་ལིང་ཨ྄ང་དེང་ཧང་ཀྲུའུ གཏོར་ཕམ་བཏང་ཚར་རྗེས་སོག་པོར་མགོ་བཏགས་ཞུས་ཟིན་པའི་སུང་ལྷོ་མའི་གོང་མ་ཀྲོའུ་ཞན་སླར་ཡང་ཆོས་ཞུ་བའི་མིང་ཐོག་ནས་བོད་ཀྱི་ས་སྐྱ་དགོན་པར་བརྫངས་ན་ཡང༌། དོན་དངོས་ཐོག་རྒྱ་ས་དང་རྒྱང་གཅོད་བྱེད་ཆེད་ཡིན་ལ། ཁོ་པའི་སྟངས་འཛིན་དུ་འགན་ཐེག་ཡོད་པའི་མི་ལག་གཏད་དེ་བཀོད་མངགས་བྱས་ཡོད། དེའི་རྗེས་ནས་སུང་ལྷོ་མའི་མཇུག་སྡུད་ཀྱི་གོང་མ་དེ་བོད་དུ་བཀྲོངས་པས་ཡོན་རྒྱལ་རབས་ལ་འཇིགས་སྐུལ་བྱེད་པའི་བྱུར་རྐྱེན་དེ་ནས་བཟུང་སྟེ་རྩ་ཡལ་དུ་སོང་བ་རེད།
༦ འདི་འདྲ་ལ་བལྟས་ཏེ་རྒྱ་ནག་གིས་བོད་ཀྱི་བདག་དབང་ལག་ལེན་དུ་བསྟར་བ་ཤོད་དགོས་ན། མགོ་ཁུངས་མེད་པའི་འཆལ་གཏམ་ཞིག་ཏུ་ཕྱིན་སོང་བ་མ་རེད་དམ།
ཡོན་རྒྱལ་རབས་ཀྱི་དུས་དེར་མི་རིགས་མཐོ་དམན་གྱི་གོ་རིམ་བསྟར་བའི་ཁྲོད། བོད་མི་རིགས་ནུབ་ཡུལ་མི་རིགས་སུ་གཏོགས་པས་རྒྱ་མི་རིགས་ལས་གོ་རིམ་མཐོ་བ་ཡོད།
བོད་མིས་འགན་བཞེས་གནང་བཞིན་པའི་དབུ་བླ་ཡིས་བསྒྲགས་སྲིད་ཁང་གི་ཆེས་མཐོའི་དབུ་འཛིན་གྱི་འགན་ཁུར་ཡང་གཅིག་ལྕོགས་མཛད། བསྒྲགས་སྲིད་ཁང་ནི་ཀྲུའུ་ཧྲུའུ་ཞིང་ཆེན་དང་རྒྱ་ནག་དབུས་གཞུང་གི་ལས་ཁུངས་ བཀས་བཀོད་རྒྱུད་འཛིན་གྱི་ཧྲུའུ་རྨིས་ཡོན།
ཁྲིམས་འཛིན་ཞིབ་དཔྱོད་ཁང་སོགས་ཀྱི་གོ་གནས་མཉམ་པའི་ཡོན་རྒྱལ་རབས་ཀྱི་ཆེས་མཐོའི་ལས་ཁུངས་ཤིག་ཡིན་པས་གོང་མ་དང་ཐད་བཅར་ཆོག་གི་ཡོད། ཁོང་གི་འགན་ནུས་ནི་ཐད་དཀར་བོད་ཀྱི་ཁྱབས་ཁོངས་ན་ཡོད་པའི་དམག་སྲིད་དང༌། དམངས་སྲིད། ནོར་སྲིད་ལས་དོན། ད་དུང༌། རྒྱ་ཁུལ་གྱི་ནང་ཆོས་ལས་དོན་ཐད་འགན་བཞེས་གནང་གི་ཡོད། དུས་འདིར་ཡོན་རྒྱལ་རབས་ཆོས་ཀྱིས་སྦོས་སོང་བ་དེ་ལྟ་བུའི་རྣམ་འགྱུར་གྱི་ཁྲོད་ན། ཁོང་ཚོར་དབང་ཆ་ཤུགས་ཆེན་ཡོད་པ་ངེས་པར་བསམས་ཐུབ་པ་ཞིག་རེད། འཕགས་པའི་སློབ་མ་གཡང་ལྷ་བསྟན་རྒྱལ་ནན་ཅིང་དུ་ཆོས་ཁྲིད་སྤྱི་ཁྱབ་འགན་བཞེས་པར་བཏང་མོད་རྒྱུ་ནོར་ལ་རྔམས་ཏེ་སུང་ལྷོའི་གོང་མ་དང་བློན་ཆེན་ཚོའི་བང་སོ་བརྒྱ་དང་བཅུ་ལྷག་ནས་གསེར་དངུལ་སོགས་ནོར་བུའི་རིགས་སྔོག་འདོན་བྱས་པ་དང༌། ཞིང་ས་གཤིན་པོ་མུའུ་ཁྲི་ཚོ་གཉིས་དང་སྟོང་ཕྲག་གསུམ་བཅས་དབང་ཡོད་ཀྱིས་ཕྲོགས་པ་དང༌། མིས་ཕུལ་བའི་བུད་མེད་མཛེས་མ་དང་རྒྱུ་ནོར་གྲངས་མེད་ཡོད་ལ། མི་སེར་དཀྱུས་མའང་ཇི་སྙེད་ཅིག་དམར་གསོད་བཏང་ཡོད། གོ་སྐབས་དེ་བཟུངནས་བོད་ཀྱི་མི་སྣ་འདྲ་མིན་གྱིས་མཐོ་རིམ་མི་རིགས་ཀྱི་ཐོབ་ཐང་ཁུར་ནས་འཚང་ཁ་ཤིག་ཤིག་གིས་རྒྱ་ནག་ཕྱོགས་སུ་ཁེ་བཟང་རེག་པར་རྒྱུག་གི་ཡོད། མཚམས་རཻར་ལམ་བརའགའ་རུ་མི་བརྒྱ་སྟོང་འཚངས་ནས་མགྲོན་ཁང་དུ་སྡོད་ཐུབ་ཀྱི་མེད་པས་ཁོང་ཚོའི་སྒེར་ཁང་དུ་བཙན་སྡོད་བྱེད་པ་དང༌། གོ་སྐབས་དེར་འཇུས་ནས་བུད་མེད་ལ་བཙན་གཡེམ་ཡང་བྱེད་ཀྱི་ཡོད།༧ དེ་སྐབས་སུ་རྒྱ་མི་ཕལ་མོ་ཆེས་ཁོག་ཏུ་མེ་འབར་ཡང་ཁ་ནས་དུ་བ་མི་ཐོན་པ་ལྟར་བྱས་ནས་སྡོད་དགོས་ཀྱི་ཡོད་པ་རེད།
རྒྱུ་མཚན་འདི་འདྲར་སོང་བས། སྐབས་དེའི་ལོ་རྒྱུས་ཀྱི་རྣམ་པ་གཞིར་བཞག་ནས་གླེང་ན། རྒྱ་ནག་གིས་ཡོན་རྒྱལ་རབས་ནས་བཟུང་བོད་ཀྱི་བདག་དབང་སྟངས་འཛིན་གྱི་མགོ་བརྩམས་ཡོད་ཅེས་ཤོད་པ་ལས། སོག་པོ་དང་བོད་མཉམ་སྡེབ་ཀྱིས་རྒྱ་ནག་དབང་དུ་བསྒྱུར་བ་ཤོད་དགོས་པར་འདོད་དོ།།

འགྱུར་རྩོམ།

Post navigation

Previous Post: རྩོམ་པ་པོའི་སྔོན་གླེང་མདོར་བསྡུས།
Next Post: ཕྱི་རྒྱལ་དུ་ཡོད་པའི་སློབ་གྲྭ་བ་ཚོ།

Comment (1) on “སོག་པོ་རྒྱ་ནག་མ་རེད། བོད་རྒྱའི་དབར་གྱི་ལོ་རྒྱུས་འབྲེལ་བ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-05-25 at 6:05 am

    ད་དངོས་ནས་མི་རིགས་རུང་ལུགས་ཀྱི་ལྟ་བ་རྡོ་ལས་མཁྲེགས་པའི་ལྟ་བ་དེ་གསལ་བོ་ཤེས་ཀྱི་མི་འདུག་གམ། བོད་སོག་གཉིས་ཀྱང་རྒྱ་ནག་གི་མངའ་ཁུངས་ཡིན་པར་ཁུངས་སྣེ་འགའ་རེ་ངོ་སྤྲོད་བྱེད་ཀྱི་མི་འདུག་གམ། བོད་ཀྱི་ལོ་རྒྱུས་པ་དེ་དག་གིས་འདི་འདྲ་ལ་ལན་འདེབས་དགོས་རྒྱུ་ནི་དངོས་ནས་གལ་ཆེན་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme