Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོག་པོ་ཞེས་པའི་ཐ་སྙད།

Posted on 2018-12-022018-12-02 By དགེ་རབ་ 15 Comments on སོག་པོ་ཞེས་པའི་ཐ་སྙད།

ཐུབ་པའི་དགོངས་པའི་རྒྱན་ལས། “དེ་བཞིན་དུ་འདོད་པས་ལོག་པར་སྤྱོད་པའི་སྦྱོར་བ་གསུམ་ལས་སྐྱེས་པ་སྟེ། གཏི་མུག་ལས་སྐྱེས་པ་ནི་ཆོས་ཀྱི་བློས་སོག་པོ་པར་སིག་པ་རྣམས་མ་ལ་བགྲོད་པ་དང་བྲམ་ཟེ་རྣམས་ཀྱི་བ་ལང་བྱིན་གྱི་མཆོད་སྦྱིན་ལ་གང་འདི་སྐད་སྨྲ་བ་སྟེ། བྲམ་ཟེས་བ་ལང་བྱིན་གྱི་མཆོད་སྦྱིན་བྱས་ནས་ལོ་གཅིག་གིས་བ་ལང་གི་བརྟུལ་ཞུགས་སུ་འགྱུར་རོ། །ཆོ་ག་ཅན་གྱིས་ཆུ་བཏུང་ངོ་རྩྭ་རྣམས་གཅོད་དོ། །མ་དང་ཉེ་བར་འགྲོའོ། །སྲིང་མོ་དང་ཉེ་བ་དང་རིགས་གཅིག་པ་དང་ཉེ་བར་འགྲོ་སྟེ། དེ་ལྟར་གླང་བུ་འདི་འཇིག་རྟེན་ལས་རྒྱལ་བར་འགྱུར་རོ་ཞེས་སྨྲ་བ་དང་འཇིག་རྟེན་རྒྱང་འཕེན་པ་རྣམས་ཀྱང་མ་ལ་བགྲོད་པ་ནི། གཏུན་དང་མེ་ཏོག་དང་འབྲས་བུ་དང་ཟས་ཚོས་པ་དང་འཇུག་ངོགས་དང་ལམ་དང་འདྲའོ་ཞེས་ཏེ། འདིར་ཆོས་མ་ཡིན་པ་ཅུང་ཟད་ཀྱང་མེད་དོ་ཞེས་འཇུག་པའོ། །” ཞེས་དང་། “མི་དགེ་བཅུ་པོ་འདི་རྣམས་ལ་སོ་སོར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་རབ་ཏུ་སྦྱོར་རོ། །གང་གི་ཕྱིར་སྲོག་གཅོད་པ་གཏི་མུག་ལས་སྐྱེས་པ་ཡོད་དེ་ཆོས་ཀྱི་བློས་མཆོད་སྦྱིན་བྱེད་པ་རྣམས་ཕྱུགས་གསོད་པ་དང་རྒྱལ་པོ་རྣམས་མ་རུངས་པ་གསོད་པ་དང་སོག་པོ་པར་སིག་པ་རྣམས་མ་དང་ཕ་གསོད་པ་དང་། དེ་བཞིན་དུ་ཟས་མེད་པར་འཇོག་པ་དང་། དགེ་སློང་གསོད་པ་དང་། འགའ་ཞིག་སྦྲུལ་ལ་སོགས་པ་དང་རི་དྭགས་ལ་སོགས་པ་གསོད་པ་སྟེ། སྦྲུལ་དང་སྡིག་པ་དང་ཏམ་པ་ཀ་ལ་སོགས་པ་མི་རྣམས་ལ་ཉེ་བར་འཚེ་བར་བྱེད་པ་རྣམས་གསོད་པར་བྱའོ། །”  ཐུབ་པའི་དགོངས་རྒྱན་འདི་བཞིན་ཐོག་མར་་ནཱ་ལེ་ནྡྲར་རྒྱ་གར་གྱི་མཁས་པ་འཇིགས་མེད་འབྱུང་གནས་སྦས་པའི་ཞབས་(abhayakaragupta)ལ་མཉན་ནས་ཤཱཀྱའི་དགེ་སློང་དཔང་ཞོ་གསལ་བ་གྲགས་ཞེས་པས་བསྒྱུར་འདུག་པ་དེ་ཕྱིས་སུ་དཔང་བློ་བརྟན་གྱིས་འགྱུར་བཅོས་མཛད་འདུག  ཡང་ རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་ཆེན་དཔལ་ཀུན་དུ་ཁ་སྦྱོར་ལས་བྱུང་བའི་རྒྱ་ཆེར་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས།“བྱིན་རླབས་དང་མངོན་སུམ་གྱི་ལམ་དང་བྲལ་བ་རྗེས་དཔག་གོམས་པའི་ལམ་དུ་ཞུགས་པ་རྣམས་ནི། སོག་པོ་པར་ཙི་མ་བག་མ་ལེན་པ་བཞིན་དུ་དགོས་པ་དམན་པ་ཡིན་པས། ཇི་ལྟར་བུད་མེད་བྱིས་གཏམ་རྗེས་ཡི་རང་། ཞེས་པ་ནས། ལམ་ཡང་མ་བཤད་འཆིང་བར་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །”ཞེས་ཀྱང་གསལ་ལོ།།

འདིར་གསལ་བའི་ “མགར་སྟ་གུ་སོག་དགིས་བཟུང་།” ཞེས་པའི་སོག་གམ་ཡང་ན་སོག་དག་ཅེས་པ་ནི་ད་ལྟ་ས་ཁྲའི་སྟེང་བཙལ་ན་རྙེད་རྒྱུ་ཡོད་པའི་ “Sogdia” འམ་ “Sogdiana”ཞེས་པ་དེ་ཡིན་ཞེས་ཕྱི་རྒྱལ་མཁས་པ་ཞིག་བཞེད་དོ།།  འདི་ལོ་རྒྱུས་དྲ་ཐག་ནས་བཙལ་ན།

https://www.britannica.com/place/Sogdiana

https://en.wikipedia.org/wiki/Sogdia

འདི་ལ་སོགས་པ་མང་དུ་འབྱུང་ངོ་།།   དེས་ན་སྔ་མོར་སོག་པོ་དང་ཧོར་ཞེས་པ་གཉིས་ཐ་དད་པ་ཡིན་པ་ལ་རིམ་གྱིས་ཧོར་ཞེས་པའི་འཇུག་པ་ཆུང་དུ་ཕྱིན་ཏེ་སོག་པོ་ཞེས་པ་དེ་ཧོར་རྣམས་ལ་སྤྱད་པ་ཡིན་ཤས་ཆེའོ།།   དེ་རིང་གི་ལུང་འདི་དག་ནི་ https://adarsha.dharma-treasure.org དྲ་བ་བརྒྱུད་ནས་སོག་པོ་ཞེས་པའི་ཐ་སྙད་བཙལ་འབྲས་ཙམ་ཞིག་ཚིག་ཐོར་བཀོད་པའོ།།

ངོ་སྤྲོད།

Post navigation

Previous Post: ང་དང་མིག་ཆུའི་གཏམ་རྒྱུད། སྔོན་གླེང་གི་དོད་དུ།
Next Post: ངའི་དྲན་ངོས་ཀྱི་ཨ་ཞང་དཔལ་ལྡན་རྒྱ་མཚོ་ལགས།

Comments (15) on “སོག་པོ་ཞེས་པའི་ཐ་སྙད།”

  1. ཀླུ་སྨྱོན། says:
    2018-12-03 at 12:37 am

    བསམ་པ་ལྷུན་འགྲུབ་མ་ལས། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནསཿ

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-12-03 at 8:14 am

    ཧོར་སོག་འཇིག་པའི་དམག་གི་མཐའ་སྐོར་ཚེ།
    ཆོས་འཁོར་གཉེན་པོ་འཇིག་ལ་ཐུག་པའི་ཚེ།
    ཡིད་གཉིས་འཐེ་འཚོམ་མེད་པར་གསོལ་བ་ཐོབ།
    ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས།
    ཧོར་སོག་དམག་དཔུང་ལྡོག་པར་འཐེ་འཚོམ་མེད།
    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།
    བསམ་པ་ལྷུན་གྱི་འགྲུབ་པར་སྦྱིན་གྱི་རློབས།

  3. དགེ་འདུན says:
    2018-12-03 at 10:08 pm

    བསམ་པ་ལྷུན་འགྲུབ་མ་ལས། ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནསཿ
    ཚིག་འདི་ལ་བལྟས་ན་བསམ་པ་ལྷུན་འགྲུབ་མ་ཟེར་བ་ཕྱིས་ཀྱི་གཏེར་སྟོན་ཟེར་བ་སོགས་ཀྱིས་བརྩམས་པ་མི་ནམ།
    ཕལ་ཆེར་ཨོ་རྒྱན་གླིང་བ་ཟེར་བ་ཡིན་ནམ་སྙམ།

  4. ཧེཧེ་་་་ says:
    2018-12-03 at 10:47 pm

    སྐབས་འདིའི་སོག་པོ་པར་སིག་དང་ཡང་སོག་པོ་པར་པར་སིག་སིག དེ་བཞིན་ཏ་ཟིག དུ་རུ་ཥ་ལ་སོགས་པ་དེ་དག་མིང་གི་རྣམ་གྲངས་ཙམ་ཡིན་ཅིང་། དེ་དག་ནི་ད་ལྟའི་སོག་ཡུལ་གྱི་མིང་མིན་པར། ད་ལྟར་དབྱི་རན་གྱི་མངའ་ཁོངས་སུ་ཡོད་པའི་པར་ཤི་ཡ་ཞེས་པ་དེ་རེད།

  5. རྟ་བདུན་དབང་བོ says:
    2018-12-04 at 2:37 pm

    ཀླུ་སྨྱོན་ལགས། ཁྱེད་ཀྱི་གདོང་དེབ་ག་རེ་བྱས་སོང་། ག་རེ་བྱས་ནས་མེད་པ་བཟོས་པ་རེད། །

  6. འཚོ་བྱེད་འབུམ says:
    2018-12-04 at 10:58 pm

    བོད་ཀྱི་གསོ་རིག་ལོ་རྒྱུས་སུ་རྒྱལ་བོའི་བླ་སྨན་དགུ་ཡི་གྲས་ནས། ཏ་ཟིག་གི་སྨན་པས་སོག་པོ་ཤ་སྟག་ཅན་གྱི་རྒྱུད་དང་། དུག་གསོ་བ་གར་ལོག་རྒྱལ་པོའི་ཤི་གསོས་སོགས་མཛད་པ་དང་། གྲུ་གུའི་སྨན་པས་སོག་པོའི་རྒྱུད་གསུམ་དང་། དེའི་མདོ་བྱང་ཆེ་ཆུང་སོགས་མཛད་དེ་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་ཕུལ་ཚུལ་བཤད་སྲོལ་ཡོད།
    གཞན་ཡང་བོད་སྨན་མཁས་པ་མི་དགུའི་སྐབས་ཀྱི་སྨན་པ་མཐའ་བཞི་དང་དུས་མཉམ་སྨན་པ་སོག་པོ་༼སྨན་པ་འདི་གཉིས་ཀ་སྐྱེས་བུ་མེ་ལྷ་ཕྱག་རྡུམ་གྱི་སློབ་མ་ཡིན༽ཟེར་བ་ཞིག་ཀྱང་བྱུང་ཡོད།

  7. གཅན བཟོད་རྒྱམ། says:
    2018-12-05 at 1:47 am

    སོག་པོ་ཞེས་པའི་ཐ་སྙད་འདིའི་སྐོར་ལ་༢༠༠༦ ལོར་རྩོམ་ཐུང་བྲིས་པ་དུས་བབ་ཟིན་བྲིས་སུ་སྤེལ། རྗེས་ནས་དུས་བབ་ཚང་གིས་ཟིན་བྲིས་ཚང་མ་གཙང་བཤགས་བྱས་སམ་དེར་སྤེལ་བའི་ཟིན་བྲིས་ཆ་ཚང་ལག་སོན་མ་བྱུང་བས་ཕངས།
    དེ་མཚུངས་སྟག་གཟིག་དང་ལི་ཡུལ། གར་ལོག་དང་བྲུ་ཤ ཧོར་སོགས་ཀྱི་ཐ་སྙད་གྱི་སྐོར་ལའང་རྩོམ་ཐུང་འགའ་རེ་བྲིས་པ་བདག་གིས་བྲིས་པའི་ཐ་སྙད་འབྱུང་ཁུངས་ཚིག་མཛོད་དེབ་ཆུང་དེར་བཀོད་པ་ལྟར་དང་།

    སོག་པོ་ཞེས་པ་འདི་Sogdia” འམ་ “Sogdiana ཞེས་པའི་ཡུལ་ནས་འཁྱར་ཡོང་བའི་མི་རིགས་བྱེ་བྲག་པ་ཞིག་དང་། དེང་སང་སོག་ཡུལ་ཏུ་ཚོ་བ་ཆུང་ཆུང་ལ་ད་དུང་ཡང་སོག་ཟེར་དང་། ཏུན་ཧོང་ཡིག་རྙིང་དུའང་སོག་དག་གི་ཚོང་ལྔ་བརྒྱ་ཟེར་བ་དང་། སོག་ནི་སྡེ་གཅིག་ཅེས་སོགས་སོག་ཅེས་པ་ལས་པོ་མི་འབྱུང་བ་དང་།
    བོད་ཀྱི་ཡིག་རྙིང་དག་ལས་སོག་དག་དང་སོག་སྡེ་ཟེར་བ་ཡང་སོག་སྡེ་ཡ་Sogdia ཞེས་པའི་སྒྲ་ཧ་ཅང་ཉེ་ཞིང་། སྔ་མོའི་དུས་སུ་སོག་སྡེ་ཡ་Sogdia དང་བྷ་ཁཐྲི་ཡ་Bactria སོགས་མི་རིགས་མང་པོ་ཕྱིས་སུ་དུ་རུ་ཁར་འདེས་ཚུལ་བྲིས་ཡིག་ཆ་འགའ་གཞི་བཅོལ་ཏེ་བྲིས་པ་མ་བོར་བས་མ་རྙེད།
    ད་དུང་བྷ་ཁཐྲི་ཡ་Bactria ཟེར་བ་འདི་བོད་ཀྱི་ཡིག་ཚང་དུ་བྷ་དག་དང་བྷ་དག་ཤན་ཟེར་བ་མིན་ནམ་སྙམ་ཞིང་། བྷ་དག་དང་སོག་སྡེ་དག་ནི་དེང་གི་ཨབ་གྷན་དང་ཨེ་རན་ནུབ་བྱང་ཕྱོགས་ནས་འཚོ་སྡོན་བྱས་མྱོང་ཞིང་། བྷ་དག་ནི་དུས་རབས་གྱི་འགྱུར་བར་བསྟུན་ནས་ཆེ་ཆུང་འདྲ་མིན་དུ་གྱུར་ཀྱང་དེང་སང་སྔར་གནས་སུ་ཡོད་པ་དྲ་ཐོག་ནས་རྙེད་ཐུབ།
    སོག་པོ་དང་སོག་ཅེས་པའི་སྐོར་ནས་༢༠༠༦ ཙམ་ལ་སོགས་པའི་ལོ་རྒྱུས་སོགས་ལ་ཤེས་རྟོགས་ཅུང་ཟབ་པའི་སོག་པའི་གྲྭ་བ་ཞིག་གིས། སོག་པོ་ཞེས་པའི་པོ་འདི་བོད་པས་ཚིག་བླ་དྭགས་སུ་བཏགས་པར་འདོད་མཁན་ཡོད་ཅེས་གསུངས།

  8. དགེ་རབ་ says:
    2018-12-05 at 9:00 am

    གཅན་བཟོད་རྒྱམ་ལགས། ཉིད་ཀྱི་ཟིན་བྲིས་བོར་མེད་པའི་སྨོན་ལམ་ཡོད། ལོ་རྒྱུས་ཀྱི་ཐ་སྙད་སྐོར་ཅིག་གི་ནང་དོན་ཐད་ནས་སྔ་མོའི་གོ་བ་དང་ཕྱིས་ཀྱི་གོ་བའི་བར་འགྱུར་བ་ཕྱིན་འདུག་པ་མཁྱེན་གསལ་ལྟར། སོག་པོ་ཞེས་པ་དེ་ཡང་སྔ་མོར་ Mongolia ཞེས་པའི་དོད་དུ་མི་སྦྱོར་མོད་། ཕྱིས་སུ་ཡིག་ཚགས་བྱེད་པོ་རྣམས་ཀྱིས་སྦྱར་ལུགས་བཅས་ཁུངས་འདེད་ཀྱིས་རྩོམ་ཡིག་ཅིག་འབྲི་ཐུབ་ན་གང་འདྲ་འདུག

  9. བསམ་ཤེས། says:
    2018-12-05 at 9:43 am

    བོད་ཀྱི་སྐད་འདི་ལོ་ག་ཚོད་སྡོད་ཐུབ་མིན་མ་ངེས་མོད།་རིང་ན་བརྒྱ་དང་དང་ཐུང་ན་སུམ་བཅུའི་ནང་འཇིག་གི་ཡོད་པའི་སྔ་ལྟས་ཆེན་པོ་འདུག ད་ཆ་ཆོལ་ཁ་གསུམ་ལ་བྱིས་གཉོར་ཁང་ནང་ལ་བོད་ཡིག་མི་སློབ་པ་དང་། སློབ་ཆུང་སློབ་མ་རྣམས་ཀྱིས་བོད་སྐད་ཡག་པོ་མི་ཤེས་པ།་མཐོང་འབྲིང་སློབ་མ་རྣམས་ཀྱིས་བོད་ཡིག་མ་ཤེས་པ། སློབ་ཆེན་སློབ་མ་རྣམས་ཀྱིས་བོད་ཡིག་མི་བཀོལ་བ།་ལས་བྱེད་རྣམས་དང་བོད་ཡིག་འབྲེལ་བ་མེད་པ། དར་ལ་བབ་པ་རྣམས་ལ་བོད་སྐད་དང་འཚོ་རྟེན་འབྲེལ་བ་ཉུང་བ། ཁྱོན་ཡོངས་ལ་བོད་སྐད་ཀྱིས་ལྟོ་གོས་ཐག་མི་ཆོད་པ་བཅས་ལ་བརྟེན། བོད་ཀྱི་སྐད་ཡིག་ནི་ནུབ་ཀྱི་རི་ནག་སྟེང་གི་ཉི་མ་ཟུངས་ཟད་དེ་ཁོ་ན། ད་མཁས་པ་རྣམས་ཀྱིས་ངེད་ཚོའི་དཀའ་ངལ་དེ་སེལ་བར་རོགས་མགོན་ཡོད་པ་མཁྱེན།

  10. བསམ་ཤེས། says:
    2018-12-05 at 9:44 am

    སོག་པོ་དང་སོག་སྡེ་གཉིས་ཤེས་ན་ལེགས་མོད། དེས་ད་ལྟའི་སྐད་ཡིག་ལ་གནོད་པ་ད་མི་འདུག སོག་པོ་ཞེས་པའི་ཐ་སྙད་དེ་ཡག་པོ་འདུག

  11. གཅན བཟོད་རྒྱམ། says:
    2018-12-05 at 9:45 am

    དེང་བོད་པས་སོག་པོར་འབོད་པ་ཁོང་ཚོས། བོད་པས་ང་ཚོ་ལ་ག་རེ་བྱས་ནས་སོག་པོ་ཞེས་འབོད་པ་ཡིན་ནམ། ང་རང་ཚོས་ང་རང་ཚོ་ལ་མོང་གྷོལ་ཟེར། བོད་པས་དེ་མཚམས་དེ་ནས་སོག་པོ་ཞེས་པའི་ཐ་སྣད་འདི་ཅིའི་ཕྱིར་སྦྱོར་བ་ཡིན་ནམ། ཞེས་སྐབས་དེའི་སོག་པོའི་གྲྭ་བ་དེས་ཀྱང་བཤད་སོང་།
    ངས་ཟིན་ཐོ་དེར་བོད་པས་མོང་གྷོལ་ལི་ཡར་སོག་པོ་དང་ཡང་ས་སྐབས་སུ་ཧོར་ཟེར་བ། ཧོར་སོག་གཉིས་རེ་མོས་ཀྱིས་བྲིས་པ། ཡིག་ཆ་གང་འཚམ་ལས་ཁོལ་ཕྱུང་བྱས་ཡོད་པ་དྲན་མོད། ད་ནི་རང་གི་སེམས་སུ་གང་ཡོད་ལས་བསྐྱར་དུ་དེའི་སྐོར་ནས་ཡིག་ཆ་གུང་སྒྲིག་སྟེ་ཟིན་ཐོན་འགོད་སྙིང་འདོད་མ་བྱུང་།

  12. དགེ་རབ་ says:
    2018-12-05 at 8:10 pm

    བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
    རབ་རྒྱས་རྟ་ཡི་དཔུང་གི་དབའ་རླབས་ཕྲེང་བ་མཐོ་ཞིང་ཞགས་པ་རལ་གྲི་མདུང་རྣོན་གྱིས། །
    ཆུ་ལ་རྒྱུ་བ་རབ་མང་འཇིགས་རུང་རྔ་ཆེན་སྒྲ་ལྡན་ཧོར་ཞེས་བྱ་བ་དུས་མཐའ་ཡི། །
    ཆུ་གཏེར་འདི་ནི་མཐའ་དག་མཁས་པའི་བླ་མ་གང་གི་ཟུར་མིག་རོལ་པས་འཇིག་རྟེན་རྣམས། །
    ཞི་སླད་རབ་མཆོག་རྒྱལ་བའི་ཚུལ་ལ་ཞི་མཛད་ཆོས་ཀྱི་རྒྱལ་པོ་དེ་ནི་རྒྱལ་གྱུར་ཅིག །

  13. ཇ་མ་ says:
    2018-12-05 at 9:51 pm

    མངའ་རི་ནས་ཤར་ཏུར་ལ་སོང་ན་བོད་དང་སོག་པོ་ཡུ་གུར་མཉམ་དུ་ཡོད་པའི་རྫོང་ཞིག་འདུག བོད་པ་ཚོའི་སྐད་ཆ་མང་ཆེ་བར་བོད་སྐད་རྒྱ་སྐད་སོག་སྐད་ཡུ་གུར་སྐད་བཅས་སྦྲེགས་ནས་བཤད་བཞིན་འདུག བོད་པ་ཚོས་སོག་པོ་ཚོར་སོག་ཏར་ཟེར་གྱིན་འདུག་ནང་དོན་གང་ཡིན་མ་ཤེས།

  14. བློ་བཟང་༡༩༩ says:
    2018-12-10 at 5:33 am

    ངས་གོ་ཡག་ལ་སྔ་མོ་ར་དང་ལུག་གི་ ʼསོག་པ་ʼ ལག་ཏུ་བཟུང་ནས་མོ་དང་རྩིས་ནམ་གཞི་སྔོན་རྡ་སོགས་ཀྱི་སྐོར་བཤད་མཁན་གྱི་རིགས་ཤིག་བོད་དུ་བྱུང་འདུག དེ་མོང་གྷོལ་ཡིན་པ་རེད། བོད་པས་ཁོང་ཚོ་གང་ནས་ཡིན་མ་ཤེས་ནས་བྱ་བའི་མིང་བྱེད་པ་པོ་ལ་སོག་པ་ཐོགས་པ་ཞེས་པ་དེ་ག་ལེར་སོག་པོ་ཞེས་པའི་ཐ་སྙད་དེ་བྱུང་བ་རེད། ཞེས་སོག་རིགས་ཉམས་ཞིབ་པ་ཞིག་གི་སར་ནས་གོང་སོང་། བདེན་པ་ལྟ་བུ་བཤད་ཀྱི་འདུག

  15. བློ་བཟང་༡༩༩ says:
    2018-12-10 at 5:37 am

    ང་ཚོའི་འདུལ་བའི་གཞུང་རྣམས་སུ་སོག་པོ་པར་པར་སིག་སིག་སིག་གི་ཡུལ་དུ་མ་འབག་མ་ལེན་ཞེས་པའི་སོག་པོ་དེ་ད་ལྟའི་མོང་གྷོལ་སོག་པོ་དེ་རེད་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme