Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོག་པོ་ནི་ནང་པའི་རྒྱལ་ཁབ་ཙམ་མིན་པ་བོད་དང་རིག་གཞུང་གཅིག་པ་ཡིན།

Posted on 2011-11-17 By ཁ་བརྡ་ 14 Comments on སོག་པོ་ནི་ནང་པའི་རྒྱལ་ཁབ་ཙམ་མིན་པ་བོད་དང་རིག་གཞུང་གཅིག་པ་ཡིན།

ཨ་ནུ་ཐང་བསོད་ནམས་ཀྱིས།

ཁ་ཤས་ཀྱིས་སོག་པོ་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་པའི་རྒྱུན་མཚན་གཙོ་བཟུང་གིས་བོད་དང་གོང་ས་མཆོག་ལ་འབྲེལ་ཡོད་ཚུལ་གླེང་ཡང་། དོན་དངོས་བོད་སོག་གི་འབྲེལ་བ་ནི་ནང་པ་ཙམ་ཡིན་པའི་རྒྱ་ལས་བརྒལ་ཞིང་། མགྲོན་བདག་ཙམ་གྱི་ར་བ་ལས་འདས་ཏེ། བོད་དང་སོག་པོ་ནི་དེ་སྔོན་མཆོད་ཡོན་གྱི་འབྲེལ་བ་ཡིན་ཡང་རིམ་བཞིན་རིག་གཞུང་གཅིག་དང་ཆོས་ལུགས་གཅིག སྨན་གཞུང་གཅིག་དང་རྩིས་གཏེར་གཅིག་ཏུ་གྱུར་པས་སོག་རིག་པ་ཉམས་ཞིབ་པ་རྣམས་ཀྱིས། སོག་པོའི་རིག་གཞུང་ཉམས་ཞིབ་ཀྱི་ཆེད་བོད་དང་འབྲེལ་བ་ཆགས་བཞིན་ཡོད་ལ། ཁོང་ཚོས་བོད་སོག་རིག་གཞུང་གཅིག་ཏུ་འདོད་པའི་དབང་གིས་རེད། རྒྱུ་མཚན་ནི། སོག་པོ་རྣམས་གང་དུ་གནས་ཀྱང་དངོས་ཡོད་ལ་གུས་བཀུར་གྱིས་སོག་པོའི་ཆོས་དང་རིག་གཞུང་ཞེས་མི་འབོད་པ་འཛམ་གླིང་གི་ཡུལ་གྲུ་གང་སར་ཕྱིན་ཡང་། བདེན་པ་ལ་མོས་མཐུན་གྱིས་བོད་སོག་རིག་གཞུང་གཅིག་པ་ཡིན་ཚུལ་སྨྲ་བ་མ་ཟད། ཚགས་ཤོག་དང་དཔེ་དེབ་སྣ་ཚོགས་སྟེང་དུ་དེ་ལྟར་བཀོད་པས་ཕྱི་རྒྱལ་གྱི་སོག་པོའི་རིག་གཞུང་ཉམས་ཞིབ་པ་ཚོ་མགོ་འཐོམས་མི་དགོས་བ་ཐད་ཀར་གོ་བདེ་བས་རེད། ཕ་རལ་རྒི་རི་རུ་ཁ་མིག་དང་སོག་པོ་བཅས་ནས་ཡིན་པའི་སོག་རིགས་དུ་མས་བོད་དང་སོག་པོ་རིག་གཞུང་གཅིག་པ་ཡིན་པ་འདོད་པ་མ་ཟད། ཁོང་ཚོས་ཕྱེ་བའི་སྨན་ཁང་གི་སྒོ་བྱང་དང་ཚགས་ཤོག་སྟེང་དུ་བལ་མི་དང་། འབྲུག་མིར་མི་འདྲ་བ་བོད་ཀྱི་སྨན་ཁང་དང་བསྐུ་མཉེ་ཞེས་བཀོད་ཡོད་པས་སོག་པོ་རྣམས་བོད་ཀྱི་རིག་གཞུང་ནུབ་ཕྱོགས་སུ་ཁྱབ་སྤེལ་བཏང་མཁན་གྱི་ཀ་བ་ཞིག་ཡིན་པའི་ངེས་ཤེས་རྙེད་ལ། ད་ལྟ་ནུབ་ཕྱོགས་སུ་བོད་ཀྱི་རིག་གཞུང་ལ་ཨ་གསར་བྱེད་མཁན་མང་པའི་བྱས་རྗེས་ཀྱང་བོད་པ་རང་ཉིད་ཁོ་ན་ཡིན་པ་རློམ་པ་ནི་ཅུང་ནོར་འཁྲུལ་ཞིག་ཡིན་པའི་ངེས་བ་རྙེད། རྒྱུ་མཚན་ནི་སོག་པོ་ནི་བོད་ལས་སྔ་བར་ནུབ་གླིང་དང་འབྲེང་བ་བྱུང་ཞིང་ཨི་རི་སུ་གཙོ་བོའི་གྱུར་བའི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཀུན་ཏུ་བོད་ཀྱི་རིག་གཞུང་དར་སྤེལ་བཏང་བ་མ་ཟད། བྷོ་རི་ཡཱའི་རྩོམ་པ་པོ་གྲགས་ཅན་མགོན་པོ་བཟང་པོ་ཚེ་བྷེའི་ཁོ་ཝིས་རང་གི་ཕེ་མེས་ཀྱི་རིག་གཞུང་ལ་རྒྱུས་ལོན་ཆེད་ངལ་བ་ཆེད་གསད་ཀྱིས་ཨི་རི་སུ་ནས་སྤྱི་ལོ་༩༠༠༡ལོར་བོད་དུ་ཕེབས་ཤིང་། བོད་དུ་རྒྱ་མ་ཡོང་གོང་གི་དངོས་ཡོད་ཀྱི་གནས་ཚུལ་ཀུན་པར་དང་ལྷན་ཕྱོགས་བསྒྲིགས་ཀྱིས་དཔེ་དེབ་བྲིས་བས་འཛམ་གླིང་མི་མང་ལ་བོད་ཀྱི་ལོ་རྒྱུས་གསལ་བཤད་གནང་བ་སོགས་དཔེ་མཚོན་ཙམ་རེད། ད་ལྟ་ཕ་རལ་རྒི་རུ་ཡོད་པའི་བོད་སྨན་ཁང་འདི་ཡང་ཨི་རི་སུ་ཡོད་པའི་བོད་སྨན་ཁང་ཞིག་གི་ཡན་ལག་ཡིན་ཞིང་ཨི་རི་སུ་ནས་ཚོང་ལས་ལམ་འགྲོ་བྱུང་བས་ཕ་རལ་རྒི་རུ་ཡོང་ཚུལ་སྨྲ། གལ་སྲིད་སྨན་ཁང་ནི་བལ་ཡུལ་ལམ་འབྲུག་པ་སོགས་ཧི་རྒྱབ་ཡང་སྟེང་གི་མི་ཞིག་ཡིན་ཚེ། ཧི་མ་ལ་ཡའི་སྨན་ཁང་དང་ཧི་མའི་བསྐུ་མཉེ་ཁང་ཞེས་འབོད་རྒྱུ་ལས་བོད་ཅེས་བའི་མིང་ཙམ་ཡང་མཐོང་རྒྱུ་མེད་པ་ཕྲན་གྱིས་ཚོད་སྒོམ་བྱེད་ཐུབ། རྒྱུ་མཚན་ནི། ཕ་རལ་རྒུའི་འགྲེམ་སྟོན་ཁང་དུ་བོད་ཀྱི་ལྷ་སྐུ་དང་ཐང་ག གནའ་དཔེ་དེ་དག་ལ་བོད་ཀྱི་གནའ་རྫས་ཞེས་བའི་མིང་བཏགས་ཡོད་པ། བལ་ཡུལ་གྱི་རྒྱབ་སྐྱོར་བ་ཆེ་ཁི་བ་སྐོར་ཞིག་གིས་མཐོང་པས་དེ་ནི་བལ་ཡུལ་གྱི་ཐང་སྐུ་དང་གནའ་རྫས་ཡིན་ཞིང་། བོད་ཁོ་ནའི་མིན་ཞེས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པ་མ་ཟད། ཐ་ན་ཕ་རལ་རྒིའི་བལ་ཡུལ་གྱི་ཟ་ཁང་ཞིག་ཏུ་དུ་མོ་མོ་བཙོང་ཡང་བོད་ཀྱི་མིན་ཞིང་བལ་ཡུལ་གྱི་ཐུན་མོང་ཡིན་པའི་ཟས་རིགས་ཡིན་ཚུལ་བལ་མོ་ཞིག་གིས་ཕྲན་དང་ཕྲན་གྱི་གྲོགས་མོ་གཉིས་ལ་གདོང་ཐུག་གིས་སྨྲས། ཡིན་ཡང་མོས་ང་རང་བོད་པ་ཡིན་པ་ཤེས་མེད། གཞན་ཞིག་ནི་བལ་ཡུལ་གྱི་རོགས་སྐྱོར་ཚོགས་པ་ཞིག་གིས་མ་ཎི་ལག་འཁོར་དང་ཐང་སྐུ། བཀྲ་ཤིས་བརྒྱད་ཀྱི་མཚོན་རིས་ལྡན་པའི་ལག་གདུབ་སོགས་བཙོང་བཞིན་ཡོད་ཀྱང་བོད་ཀྱི་མིན་པ་བལ་ཡུལ་གྱི་ཡིན་ཚུལ་སྨྲས་བ་སོགས་ཀྱིས་ཡིན།
གང་ལྟར་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་གྱིས་ཁོང་གིས་བོད་མི་གཅིག་སྟོང་ཨ་རིར་འཐེན་པ་ཐུབ་པའང་། ཨ་རིར་གནས་སྡོད་སོག་པོའི་དགེ་བཤེས་ཤིག་གི་ཨ་རི་བ་སློབ་མ་མང་པོས་རོགས་སྐྱོར་འོག་ཏུ་ལམ་ལྷོང་བྱུང་ཚུལ་གསུངས་བ་སོགས་ཀྱི་གནས་ཚུལ་འདི་དག་གིས་བོད་དང་སོག་པོ་གཉིས་ནུབ་ཕྱོགས་ཀྱི་བོད་ཀྱི་གྲོགས་པོ་དང་མི་འདྲ་བ་གཏན་གྱི་སྤྲུན་ཟླ་ཡིན་པ་གསལ་བྱེད་གནང་བས། བོད་པ་ཚོས་བོད་སོག་རིག་གཞུང་གཅིག་པ་ཡིན་པའི་བརྩེ་སེམས་ངོས་ཟིན་ནས་སྤུན་ཟླའི་ལག་རྡང་དུས་ཀུན་བཏང་རྒྱུ་གནད་དུ་འཁུམས།
མ་གཞི་འཛམ་གླིང་སྟེང་དུ་ནང་པའི་རྒྱལ་ཁབ་དུ་མ་ཡོད་ཀྱང་བོད་རྒྱུད་སངས་རྒྱས་ཆོས་ལུགས་ཀྱི་རྒྱལ་ཁབ་ནི་སོག་པོ་དང་འབྲུག་པ་ལས་མེད་ཅིང་། རྒྱ་དང་ཉིན་ཧོང་། གོ་རི་ཡཱ་སོགས་བོད་རྒྱུད་སངས་རྒྱས་ཆོས་ལུགས་དང་ཕན་ཚུན་ཤན་ཞུགས་ཐེབས་པའི་ལུང་པ་ཞིག་ཡིན་པས་སོག་པོ་དང་བསྡུར་ཐབས་མེད། ཝེ་ཐི་ནམ། འབར་མ་གཉིས་བོད་རྒྱུད་སངས་རྒྱས་ཆོས་ལུགས་དང་འབྲེལ་བ་ཅུང་ཡོད་པ་ལས་རྒྱ་ནག་དང་བསྡུར་ན་བར་ཐག་རིང་། ལྷག་པར་ཐ་ལན་གྲུ་དང་ལཱོ།་ཁམ་བྷོ་དྲ་ཡ། སིང་ག་ལ་བཅས་ནི་སངས་རྒྱས་ཆོས་ལུགས་ཡིན་པ་གཅིག་པ་ཙམ་དང་། ལོ་ངོ་དགུ་བརྒྱའི་གོང་ཇོ་བོ་རྗེ་སིང་ག་ལའི་གསེར་གླིང་བའི་སློབ་མ་ཡིན་པ་ཙམ་ལས་བོད་རྒྱུད་སངས་བསྟན་དང་འབྲེལ་བ་མེད་ལ། བོད་ཀྱི་བླ་མའི་ཆོས་དང་འབྲེལ་བ་དེ་བས་མེད། དེ་བརྟེན་ཁོང་ཚོའི་སྐུ་མདུན་དང་བོད་ཀྱི་བླ་ཆེན་རྣམས་ལ་གུས་བཀུར་བྱེད་པའི་བག་ཆགས་མེད་པས་སོག་པ་རྣམས་དང་བསྡུར་ཐབས་བྲལ་ཞིང་། བོད་སོག་འབྲེལ་བ་ནི་ལོ་ངོ་བརྒྱད་བརྒྱ་ཙམ་ཟིན་པའི་ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས་གཅིག་པའི་འབྲེལ་ཡིན་པ་མ་ཟད། ད་ལྟའང་ཡོ་རོབ་ཏུ་ཡོད་པའི་སོག་རིགས་མང་བོ་མིང་ཡང་བོད་མིང་ཡིན་པས་བོད་སོག་མཛའ་འབྲེལ་ནི་སུས་ཀྱང་འགྲན་ཟླ་བྲལ་བ་འདོད་དོ།།

སྣ་ཚོགས།

Post navigation

Previous Post: མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་བསྔགས་པའི་ཀ་ཕྲེང་ཁ་གསལ་དོན་ལྡན་མ་ཞེས་བྱ་བ།
Next Post: བརྗེད་མི་རུང་དེ་རིང་གི་ཉིན་མོ།

Comments (14) on “སོག་པོ་ནི་ནང་པའི་རྒྱལ་ཁབ་ཙམ་མིན་པ་བོད་དང་རིག་གཞུང་གཅིག་པ་ཡིན།”

  1. སྤོབས་པ་མཐའ་ཡས། says:
    2011-11-18 at 2:28 am

    ཁྱེད་ཀྱིས་རྩོམ་ཡིག་ཡག་པོ་གཉིས་སྤེལ་སོང་། ཐུགས་རྗེ་ཆེ། སོག་ཡུལ་ན་དེང་སང་གཏེར་ཁ་སྔོག་ནས་སྒོར་མོ་མང་པོ་བསག་མཁན་ཡོད་ས་རེད།

  2. བྲག་ཞོལ་སྤེན་པ། says:
    2011-11-18 at 3:53 am

    དེ་དངོས་གནས་བདེན་པ་རེད།སོག་པོ་ཚོ་དཔའ་བོའི་གདུང་བརྒྱུད་ཡིན་པས་ཧི་མ་ལ་ཡ་དང་རྒྱ་བལ་མཚམས་ཀི་མགོ་བདེ་སྐབས་འཚོལ་པ་ཚོ་དང་མི་འདྲ།

  3. བྲག་ཞོལ་སྤེན་པ། says:
    2011-11-18 at 4:10 am

    དེང་སང་སོག་པོ་ལྟ་བུ་ལ་རྒྱ་ཅན་རེ་ཟུང་མ་གཏོགས་རང་རེ་དང་ཆོས་རིག་གདུང་རྒྱུད་གཅིག་པ་བལ་པོ་དང་འབྲུག་སོགས་ཧེ་མི་མང་པོ་ཅིག་ནས།རྒྱལ་སྤྱིའི་རིག་གཞུང་ཚོགས་ཆེན་རེ་ཟུང་སྟེང་བོད་ཅེས་པ་ཅིག་དེང་སང་འཛམ་གླིང་སྟེང་མེད་པར་བརྟེན་རྒྱལ་སྤྱིའི་ཐོག་བོད་ཀི་ཤེས་རིག་དང་བོད་སྨན་སོགས་ཀྱི་ཚབ་ཏུ་ཧེ་མ་ལ་ཡའི་རིག་གཞུང་དང་ཧེ་མ་ལ་ཡའི་གསོ་རིག་སོགས་ཟེར་དགོས་ཀྱི་རེ་བ་བཏོན་ཏེ།ཧ་ལམ་རྒྱ་ནག་གིས་བོད་བཙན་བཟུང་གི་སྐབས་དང་བསྟུན་བོད་ཀི་རིག་གཞུང་གི་མཚན་གནས་ཁོ་པ་ཚོས་ལོག་སྤྱོད་བྱེད་འདོད་ཡོད་མོད།
    དེའི་གོ་སྐབས་དེ་བཀའ་དྲིན་ཅན་གྱི་རྒྱ་གར་གཞུང་དང་ཕྱི་རྒྱལ་ཁག་ཅིག་གིས་ཁོ་ཚོ་ལ་སྤྲད་མེད་པ་རེད།

  4. རྩམ་དགའ། says:
    2011-11-18 at 4:18 am

    བོད་སོག་གི་འབྲེལ་བའི་ལོ་རྒྱུས་རིང་ཡང་འབྲེལ་བ་དེ་ཉིད་ཐག་ཇེ་ཉེར་བཏང་མཁན་རྒྱལ་དབང་སྐུ་ཕྲེང་ན་རིམ་ཡིན་པ་རེད། ཕྱི་གླིང་ཁག་ཏུ་བོད་རིགས་གཞུང་ནང་ཆོས་དང་བཅས་པ་དར་ཁྱབ་དང་་་་རྒྱུས་ལོན་ཅུང་ཡོད་པ་འདིའང་སོག་པོ་བ་དང་འབྲེལ་བ་ཡོད་པ་བདེན་པར་སྣང་ཡང་། ད་སྐབས་ས་སྒང་འདིའི་ཐོག་ན་བོད་ཟེར་དུས་མི་ཤེས་མཁན་ཕལ་ཆེར་མེད་ཚོད་དུ་འདུག་པ་འདི་ཉིད་རྒྱལ་དབང་འདི་བའི་བཀའ་དྲིན་ཉག་ཅིག་རེད་བསམ་གྱིན་འདུག

  5. ལ་རྒྱའི་བདག་པོ། says:
    2011-11-18 at 5:05 am

    དཔེ་མཚོན་གཞན་དང་བསྡུར་བའི་ཐོག་ནས་ད་ལྟའི་བོད་སོག་གི་འབྲེལ་སྤྱི་དང་ལྷག་པར་སོག་པོ་དེ་ནང་པའི་རྒྱལ་ཁབ་གཞན་དང་མི་འདྲ་བའི་ཁྱད་འཕགས་རང་བཞིན་འབོར་ཐོན་གྱི་ཚུལ་དུ་གང་ལེགས་བྲིས་འདུག་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
    རྗེས་སུ་བོད་སོག་གི་འདས་པའི་འབྲེལ་བ་ཐོག་མར་བྱུང་བ་ནས་འགལ་འབྲེལ་གྱི་འཕེལ་རིམ་སྐོར་གྱི་དཔྱད་རྩོམ་ཞིག་བྲིས་ཐུབ་ན་དེ་བས་ལེགས་པ་ཡོང་བ་འདུག
    ཐུགས་རྗེ་ཆེ།

  6. མིག་བརྒྱད་པ། says:
    2011-11-18 at 8:25 am

    ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་བོད་དང་སོག་པོ། མོན་དང་འབྲུག་པ། ལ་དྭགས་དང་ཁུ་ནུ། གར་ཞྭ་དང་སྤེ་ཏི་སོགས་བསྡོམས་པས་ས་ཡ་བཅོ་ལྔ་ཙམ། རྒྱ་གར་གདན་ས་ཁག་ཏུ་སོག་པོ་དང་ཧི་མ་ལའི་གྲྭ་རྒྱུན་མང་ཤོས་སྒོ་མང་གྲྭ་ཚང་ཆགས་ཡོད་ལ་སོག་པོ་སློབ་གཉེར་བ་སུམ་བརྒྱ་ལྷག་ཡོད་ལ་ཧི་མ་ལའི་གྲྭ་རྒྱུན་ཡང་བཞི་བརྒྱ་ལྷག་ཡོད་པ་རེད།

  7. ཡང་དག་དགེ་བསྙེན་ says:
    2011-11-18 at 9:30 am

    ༸གོང་ས་མཆོག་ལ།
    བོད་རིགས་སོག་རིགས་མཚེ་མ་གཉིས། །
    ཟས་གོས་གཉིས་མཚུངས་དམ་ཚིག་གཅིག །
    བོད་ཆོས་དར་སའི་མི་རིགས་གཉིས། །
    སྐད་རིགས་མི་མཚུངས་དད་ས་གཅིག །

  8. སྒྲོན'མེ' says:
    2011-11-18 at 10:40 am

    དེང’སྐབས’བོད’དང’སོག’པོ’གཉིས’བུ’མཚེ’མ’ལྟ’བུ’ཆགས’པ’འདི།གཙོ’བོ’སངས’རྒྱས’ཀྱི’བསྟན’པ’རིན’པོ’ཆེ’དང’དེ’ནང’ནས’ཀྱང’བོད’རྒྱུད’ནང’བསྟན’ཀྱི’བཀའ’དྲིན’ཡིན’པས’བོད’སོག’ཚང’མས’བོད’རྒྱུད’ནང’བསྟན’སོག’པོ’ལ’ཁྱབ’སྤེལ’བྱེད’མཁན’བླ’མ’གོང’མ’རྒྱལ’མཆོག’བསོད’ནམས’རྒྱ’མཚོ’དང’ཀུན’མཁྱེན’འཇམ’དབྱངས’བཞད’པ’ལ’སོགས’པའི’བཀའ’དྲིན’ཡིན’པར’དྲན’པར’མཛོད།དེར’མ’ཟད’དེང’སྐབས’ཆོལ’གསུམ’བོད’མི’ཡོངས’རྫོགས’རྡོག’རྩ’གཅིག’སྒྲིལ’གྱི’གོང’བུ’འདི’དང’ཧི’མ’ལ’ཡ’རི’རྒྱུད’གྱི’ནང’བ’དང’བོད’སོག’ཡོངས’རྫོགས’མཐུན’སྒྲིལ’གྱི’གོང’བུ’ཆགས’པ’འདི’དག’སྤིྱར’རྒྱལ’བ’ཡེ’ཤེས’ནོར’བུ’བཀའ’དྲིན’དང’དེ’ནང’ནས’ཀྱང’མཐར’གཏུགས’ན’སངས’རྒྱས’ཀྱི’བསྟན’པ’རིན’པོ’ཆེའི’བཀའ’དྲིན’ཡིན’པར’དྲན’པར’མཛོད’ཅིག།

  9. མིག་བརྒྱད་པ། says:
    2011-11-18 at 12:06 pm

    སྐུ་གཤེགས་མཁས་དབང་གར་ཞྭ་པ་དངོས་གྲུབ་ལགས་དང་ལ་དྭགས་པ་མཁས་དབང་རྒན་བློ་བཟང་འཇམ་དཔལ་ལགས། རྒྱ་གར་གྲངས་ཉུང་མི་རིགས་ཀྱི་དབུ་ཁྲིད་བླ་མ་ཆོས་འཕེལ་བཟོད་པ་དང་། སྤེ་ཏིའི་སེམས་པ་རྡོ་རྗེ་དང་གར་ཞྭ་པ་བཀྲ་ཤིས་དཔལ་འབྱོར་སོགས་ལྷག་པར་ཧི་མ་ལའི་ནང་པའི་ཆོས་ཚོགས་ཁག་གིས་སྔ་ཕྱི་རིམ་པར་བྷོ་ཊའི་སྐད་ཡིག་ཐོག་ལ་ཡར་རྒྱས་ཀྱི་འབད་རྩོལ་ཤུགས་ཆེ་གནང་སྟེ། ད་ཆ་ཕྱོགས་ཡོངས་ནས་རང་གི་སྐད་ཡིག་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་པ་དང་ཕྱོགས་མཚུངས་གདན་ས་ཁག་གི་ཧི་མ་ལའི་དགེ་བའི་བཤེས་གཉེན་རྣམ་པ་དང་སློབ་ཕྲུག་ཚོས་བྷོ་ཊའི་སྐད་ཡིག་ཐོག་ལ་སྲུང་སྐྱོབ་དང་༧གོང་ས་མཆོག་གི་བཀའི་མེ་ཏོག་སྤྱི་བོར་བཅིངས་བའི་ཉེར་འབྲས་སུ་ལྟ་སྤྱོད་རྣལ་མའི་མི་རབས་གསར་བ་མང་པོ་ཞིག་འཕེལ་བཞིན་པ་དད་གུས་སྤྲོ་གསུམ་གྱི་གནས་སུ་མཆིས་ལགས་སོ།།

  10. བོད་ཡིག་སྐྱབས། says:
    2011-11-18 at 12:39 pm

    བོད་ཡིག་གིས་མི་རིགས་མང་པོ་ཞིག་ལ་མགོན་སྐྱབས་གནང་གིན་ཡོད། བོད་ཡིག་དང་འབྲེལ་བའི་མི་རྣམས་བོད་རིགས་དང་འདྲ་ལ་ལ་ལ་ཞིག་བོད་མི་ལས་ཀྱང་ལྷག བོད་ཡིག་གི་རླུང་རྟ་ཅི་ཙམ་གྱིས་དར་ན་དེ་ནི་བོད་ཀྱི་ཁ་ལས་རླུང་རྟ་དར་རྟགས་ངོ་མ་ཡིན། བོད་ཡིག་རྒྱལ་གྱུར་ཅིག

  11. བྲག་ཞོལ་སྤེན་པ། says:
    2011-11-18 at 1:29 pm

    རྨི་ལམ་དེ་འདྲ་བཏང་སྟེ་སོ་སོའི་ས་ནས་སྣང་བ་དག་ནས་སྡོད་རྒྱུ་རེད།ཧེ་མ་ལ་ཡའི་རི་བརྒྱུད་ན་བོད་ཡིག་གིས་བག་ཆགས་བཞག་གནང་མཁན་ཅིག་དེང་སང་སུ་གང་མེད།

  12. རིག་པའི་བུ says:
    2011-11-18 at 1:56 pm

    སྤུན་ཟླ་ཧི་རྒྱུད་ཀྱི་མི་ཁ་ཤས་ཀྱིས་བོད་ཡིག་དེ་བོད་ཀྱི་ཡིན་པ་དངོས་ཡོད་ལ་ཁས་ལན་བྱེད་འདོད་མེད་པས་བྷོ་ཊ་དང་ཆོས་ཡིག་སོགས་མིང་སྣ་ཚོགས་བཏགས་ནས་རང་གི་ཡིན་པ་སྒྲུབ་འདོད་རེད། རྒྱུ་མཚན་ནི་བོད་ཡིག་དེ་བོད་ཀྱི་ཡིན་པ་སྒྲུབ་ཚེ་ཁོང་ཚོ་བོད་རུ་ཆགས་ཉན ཡོད་ཁར་རང་ལ་ཡི་གེ་མེད་པ་འགྱུར་བས་གང་ཐུབ་ཀྱིས་མིང་འདྲ་མིན་བཏགས་ནས་རང་ཉིད་ཀྱི་ཡིན་པ་སྒྲུབ་འདོད་པ་རེད། དེ་ལྟར་སྒྲུབ་ན་ཆོག་ཀྱང་། དེས་བོད་ཡིག་གི་ཁྱབ་ཁོངས་ཉུང་དུ་྄ཕྱིན་ཏེ་ལ་དྭགས་ལ་ཡིག་དང་། པི་ཏེའི་པུ་ཡིག དམོན་པ་ལ་དམོན་ཡིག་སོགས་བྱུང་ཏེ་་མཐར་ཧི་ཾཁུལ་དུ་རང་ཡིག་འདི་བརླགས་རྒྱུའི་ཉན་ཁ་ཡོད་པས་ཟབ་གལ་ཆེ། དེ་མིན་བོད་ཡིག་བརླགས་རྒྱུ་རྒྱ་གར་ནག་གི་ཆབ་སྲིད་པ་རེ་ཟུང་གི་རེ་བ་ཡིན་པས་ལུང་ཚན་འཐེན་འཁྱེར་གྱིས་བཟི་བའི་རང་རིགས་ཧི་མི་ཁ་ཤས་ལ་ཁོང་ཚོས་ངོས་ཤུགས་རྒྱུད་གསུམ་གྱིས་རྒྱབ་སྐྱོར་ཡོད་པ་སྨོས་མེད་རེད།

  13. སྒྲོན'མེ' says:
    2011-11-18 at 7:37 pm

    རིག’པའི’བུ’ལགས། བོད’ཡིག’ལ’ཆོས’ཡིག’སོགས’མིང’འདྲ’མིན’བཏགས’ཀྱང’དེ’སྐྱོན’ཆེནཔོ’མི’འདུག’བསམ’གི’འདུག གཙོ’བོ’བོད’ཡིག’ཉམས’ཆག’འགྲོ’བཞིན’པའི’ཉེན’ཁ’ལས’སྐྱོབ’རྒྱུ’དེ’གལ’ཆེན’པོ’རེད།སྐྱོབ’པའི’ཐབས’ལམ’སྣ’ཚོགས’ཤིག’ཡོད’ཀྱང’མཆོག’ཏུ’གྱུར’བ’ནི’བོད’ཡིག’བེད’སྤྱོད’བྱེད’མཁན’མང’དུ’གཏོང’རྒྱུ’དེ’རེད།དེ’མང’དུ’གཏོང’བ’ལ’དེ’ལ’བེད’སྤྱོད’བྱེད’སའི’ཁ’བརྡའི’དྲ’ལམ’འདི’ལྟ’བུ’མང’དུ’གཏོང’རྒྱུ’དང’།དེར’མ’ཟད’ཐ’ན’ལག’འཁྱེར’ཁ’པར’སོགས’ལས’ཀྱང’བེད’སྤྱོད’བྱེད’ཐུབ’པ’བཟོ’རྒྱུ’དེ’རེད།

  14. ཨ་ནུ་ཐང་བསོད་ནམས says:
    2011-11-18 at 10:53 pm

    སྤོབས་མཆོག་མཐའ་ཡས་སོགས་ཀྱིས་དགོངས་ཚུལ་གསུངས་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། མ་གཞི་ཕྲན་གྱིས་སོག་རིགས་ཁ་ཤས་ཀྱིས་སྤེལ་བའི་བོད་ཀྱི་སྨན་དང་བསྐུ་མཉེའི་ཚགས་ཤོག་དེ་དང་། མགོན་པོ་བཟང་པོའི་འདྲ་པར་གཉིས་རྩོམ་ཡིག་འདི་དང་ལྷན་སྟོན་ཐབས་བྱས་ཀྱང་། ངའི་གློག་འཕྲིན་གྱིས་པར་དེ་དག་ཁ་བརྡ་རྩོམ་སྒྲིག་པ་བཀུར་བ་དཀའ་ངལ་འཕྲད་ཅིང་། འཇོག་མ་ཐུབ་དགོངས་འགལ་མེད་པ་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme