Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོ་སྲིན་དཀའ་ངལ།

Posted on 2022-11-11 By ཁ་བརྡ 3 Comments on སོ་སྲིན་དཀའ་ངལ།

སྐྱོ་བྲག་དགའ་དབང་། 

འདུས་བྱས་ཀྱི་ཆོས་ནི། མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་ལས། འདུས་བྱས་ཡིན་པ་གཞིར་བྱས་ལ་དེའི་མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི་དང་མི་ལྡན་པ་ནི་མ་ཡིན་ནོ། །ཞེས་སྐྱེ་གནས་རྒ་འཇིག་གི་མཚན་ཉིད་ཅན་ཡིན་པ་བཞིན། བདག་གི་ལུས་ཀྱི་ཆ་ཤས་རེ་རེས་ཀྱང་རྒྱུད་རིམ་འདི་དག་འགྲིམ་དགོས་ངེས་སུ་ཡོད་སྟབས། ལོ་ཤས་གོང་བལ་ཡུལ་རྒྱལ་ས་ཡམ་བུར་ཡོད་སྐབས་ཤིག་ཏུ་ངའི་མ་འགྲམ་གཡོན་པའི་འགྲམ་སོ་སྦུག་མ་སྲིན་འབུས་ཟོས་པའི་ན་ཟུག་སྨན་སྔགས་དག་གིས་བཅག་པ་ཡིན། ལོ་འདིར་ནི་ཡ་འགྲམ་གཡས་གཡོན་དང་། མ་འགྲམ་གཡོན་པ་བཅས་ཀྱི་འགྲམ་སོ་ཁ་ཤས་སྲིན་འབུས་ཟོས་པའི་ན་ཟུག་གིས་ནམ་སྟོད་གཉིད་ཆག་པ་དང་། རྒྱུན་ལྡན་བཟའ་བཅའ་མི་ནུས་པའི་དཀའ་ངལ་གྱིས་ཟླ་ཤས་མནར་བའི་བདེ་གཟར་བྱུང་བ། རོགས་སྙེ་མོ་བ་བསྟན་འཛིན་ཆོས་འཕེལ་གྱིས་རིན་པོ་ཆེ་ལ་སྙན་གསན་ཞུས་ཤིང་། རིན་པོ་ཆེས་མཛོད་པ་མཆོག་ལ་སྨན་ཁང་དུ་ཁྲིད་དགོས་པའི་བཀའ་མངགས་གནང་བ་བཞིན། ང་ཤྲི་གུ་རུ་ལ་ཁྲིད་དེ། སྤྱི་ལོ་ ༢༠༢༢ ཟླ་༡༠ ཚེས་ ༡༨ ཉིན། རྒྱ་རིགས་སྨན་པ་ Yinpou Wu ལ་བསྟན་སོང་། སྨན་པ་འདི་ནི་སོ་ཡི་སྨན་པ་མཁས་ཅན་ཡིན་པ་གང་ཞིག་ལ། ལས་ཀ་ཚང་མ་ཞིབ་ཚགས་ཀྱིས་བྱེད་ཅིང་རྒྱུད་དྲང་པོ་དང་འདོད་རྔམས་ཁྱོན་ནས་མེད་པ་ཡིན་

ཕྱིར། རིན་པོ་ཆེ་ལ་སོགས་པ་མང་པོ་ཞིག་གི་སོ་སྟོན་སའི་སྨན་པ་རྒྱུས་ཡོད་རེད་གདའ། ཁྱད་མཚར་བ་ཞིག་ལ། སྨན་པ་ནི།ཧ་ལས་པའི་ཁྲོ་སྐྱེན་པོ་དང་། གཤེ་གཤེ་ཁོ་ན་གཏོང་གིན་ལས་ཀ་བྱེད་ཀྱི་འདུག །ངས་ནི་ཟླ་གཅིག་མ་ཟིན་ཙམ་གྱི་རིང་སྨན་པ་ལ་ཐེངས་བཅུ་གསུམ་སྟོན་ཚེའི་སྐད་སྒྱུར་ནི་ཕྱག་མཛོད་རྣམ་གཉིས་དང་།མཁན་སྤྲུལ་སོགས་ཁོམ་ལྕོགས་གང་ཡོད་ཀྱིས་གནང་ཞིང་། སྤྱི་ཟླ་ ༡༡ ཚེས་ ༧ ཉིན། སོའི་བུག་ལྷན་ལ་སོ་རྒྱུ་ཡག་ཤོས་ཡིན་པ་ལྷན་པ་དེས་ལོ་བཅུ་ནས་སུམ་ཅུའི་བར་འདང་གི་རེད་ཟེར་ཞིང་གདའ། གང་ལྟར་ད་ནི་ཕོ་སར་གྱི་སོ་འདྲ་བའི་བདེ་ཐང་གདའ་བས་སྨན་པ་ལ་སྟོན་རིན་ཆོག་པ་བྱུང་ངོ་། །

འཕྲོད་བསྟེན།, སྣ་ཚོགས།

Post navigation

Previous Post: བོད་དོན་བདེན་མཐའ་གསལ་བ་ལ་བོད་ཕྲུག་ཚོར་ཤེས་ཡོན་གལ་ཆེ་བའི་ཀ་བཤད།
Next Post: ཡབ་རྗེ་༸བླ་མ་ཀིརྟི།

Comments (3) on “སོ་སྲིན་དཀའ་ངལ།”

  1. རྟ་བདུན་དབང་བོ says:
    2022-11-12 at 1:22 am

    ནུབ་ཕྱོགས་ཡུལ་ན་མི་ཚང་མས་མ་མཐར་ཡང་ལོ་གཅིག་གི་ནང་ལ་ཐེངས་གཉིས་རེར་སོའི་གཙང་མ་བཟོ་བ་དང་བརྟག་དཔྱད་བྱེད་ཀི་འགྲོ་བ་རེད། བོད་པའི་སྤྱི་ཚོགས་ནང་ན་འདི་འདྲ་མེད་པ་དེ། གཅིག་དཔལ་འབྱོར་གྱི་ཡིན་སྲིད། གཉིས་དོ་སྣང་མེད་པས་ལན། མི་འཆི་ནད་པ་སོ་ན་སྡུག་ཟེར་བ་ལྟར། ག་ལ་བཟོད་ཐུབ། མ་འོང་པར་དུས་ནས་དུས་སོ་ལ་བརྟག་དཔྱད་བྱེད་ཀི་འགྲོ་རྒྱུ་མ་བརྗེད་རོགས། །

  2. དགེ says:
    2022-11-15 at 10:29 pm

    གཞུག་མ་སོ་ན་ན་ལམ་སང་སྨན་ཁང་ལ་འགྲོ་རྐྱང་གྱིས།

  3. choyingtenpa says:
    2023-01-02 at 12:54 am

    སྨན་ཁང་དེ་ཤྲི་གུ་རུ་གང་ཕྱོགས་ལ་ཡོད་ན།???
    ཁ་བྱང་ཞིག་འདིར་འཇོག་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme