Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོ་ན་གནས་པའི་གཏམ།

Posted on 2012-10-02 By ཁ་བརྡ་ 2 Comments on སོ་ན་གནས་པའི་གཏམ།

གྲིབ་གཟུགས།

ཉི་ཟླའི་སྣང་བར་འགྲན་པའི་གློག་འཕྲུལ་གྱི་འོད་སྣང་།།
ས་སྟེང་སྐྱེ་རྒུའི་འཚོ་བའི་བརྟེན་གཞི་རུ་གྱུར་ཚེ།།
འདི་ཕྱིའི་དོན་ལ་སེམས་པའི་དུས་མཐའ་ཡི་དགེ་སྦྱོང་།།
འཇིག་རྟེན་གཉིས་ཀྱི་མཚམས་ན་ཐོ་ཡོར་བཞིན་འགྲེང་འདུག།

ཆོས་བརྒྱད་ཆགས་སྡང་གཏམ་གྱི་བཟི་ཁ་དེ་བཙན་ཞིང་།།
འདོད་ཡོན་དོན་གྱི་བུ་མོའི་འཛུམ་བག་ལ་ཆགས་བཞིན།།
ལ་ཁའི་དར་ལྕོག་དང་མཚུངས་ལྡོམ་པོ་ཡི་སེམས་པས།།
ཞི་བའི་ཡོན་ཏན་ཚོན་པོ་ཞེ་གཏིང་ནས་བརྗེད་ཐལ།།

གཞན་གྱི་དགོད་སྒྲར་དགའ་བའི་སེམས་དཔའ་ཡི་ངང་ཚུལ།།
གཞན་གྱི་མིག་ཆུ་འབྱིད་པའི་རྒྱལ་སྲས་ཀྱི་བྱ་བ།།
འདི་དག་སེམས་ན་དྲན་ཚེ་བདེ་སྣང་ཞིག་འདུག་ཀྱང་།།
ལག་ལེན་དངོས་སུ་བགྱི་བའི་ས་ཐག་དེ་འགྱང་འདུག།

ཆོས་གོས་སེར་པོའི་འོད་མདངས་མཚམས་སྤྲིན་ལ་འགྲན་ཅིང་།།
མགོ་སྐྱེས་སྐྲ་ལོ་སྤུ་གྲིའི་ཁ་ཟས་ལ་སྦྱིན་ཀྱང་།།
འདུལ་ཁྲིམས་ཚུལ་བཞིན་བསྲུང་བའི་ངེས་བྱུང་གི་བསམ་བློ།།
གོ་མེད་ཚོར་མེད་ངང་ནས་རང་ཡལ་དུ་བུད་འདུག།

ཁ་ཏིག་མངར་སྐྱུར་ལན་ཚྭའི་དཀོར་ཟས་ལ་སྤྱོད་བཞིན།།
ཡ་ཐོད་གཉེར་རིས་ཐོས་བསམ་ལོ་ཟླའི་ཁྲོད་བརྐོས་ནའང་།།
གནས་ལུགས་ཁོང་དུ་སྦས་པའི་གླེག་བམ་གྱི་གསེང་ན།།
སེམས་པ་བརྟན་པའི་གོམས་གཤིས་སྔ་ས་ནས་བོར་སོང་།།

ཐག་རིང་རྒྱང་ནས་བསྲིངས་པའི་ཕ་མ་ཡི་སྤྱན་ཟུང་།།
བཟང་ས་འཚོལ་ཞིང་སྡུད་པ་བུ་ཆུང་གི་འགུལ་སྐྱོད།།
ཡོད་ཚད་གྲུབ་ཏུ་མེད་ཀྱང་རེ་འབྲས་ལ་དམིགས་ཚུལ།།
བསམས་ན་རང་གིས་རང་ལ་ཡི་ཐང་ཞིག་ཆད་ཀྱི།།

རེ་བ་གོར་མོ་འདི་ཡི་ཕ་མཐའ་རུ་འཁོར་ནས།།
མ་འོང་མདུན་ལམ་ཟེར་བ་སྙིང་དབུས་སུ་བསྒོམས་ནས།།
མི་ཚེའི་ཕུགས་བསམ་བསྙེགས་པའི་གོམ་ཁ་དེ་བརྗིད་ཀྱང་།།
བཤུལ་རིང་ངལ་བ་བཟོད་པའི་སྙིང་སྟོབས་ཀྱིས་ཕོངས་འདུག།

མ་བཅོས་བཅོས་བཟོ་བྲལ་བའི་ཟོལ་མེད་ཀྱི་སེམས་པ།།
དགའ་བ་མངོན་པར་གསལ་བའི་ལྷད་མེད་ཀྱི་འཛུམ་མདངས།།
ན་ཚོད་རྒས་ལ་སྦྱོར་ཚེ་རང་ཤུགས་ཀྱིས་ཡལ་བ།།
མི་ཡི་མི་ཚེའི་གྲུབ་དོན་བཅོས་མ་ཡི་འཇིག་རྟེན།།

སྙན་ངག

Post navigation

Previous Post: སེམས་དཔའ་ཆེན་པོ་གྷན་ངྷིའི་འཁྲུངས་སྐར་ཉིན་རྒྱ་གར་བ་ཚོས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དམ་བཅའ་བཞེས་པ།
Next Post: གྷན་དྷིའི་འཁྲུངས་སྐར་ལ་ཕུལ།

Comments (2) on “སོ་ན་གནས་པའི་གཏམ།”

  1. དོལ་སྨྱོན། says:
    2012-10-02 at 11:26 am

    མངོན་ལྐོག་མེད་པའི་སྐད་ཆ་འགའ་བཤད་འདུག ཡི་རངས་ཡོད།

  2. ཡར་ཁམས་ཁྲི་རྒྱལ། says:
    2012-10-02 at 6:33 pm

    འགྲོ་ལ་ཕན་པའི་ཕྱིར་དུ་སངས་རྒྱས་དེ་འགྲུབ་མིན།།
    རང་གིས་རང་ལ་བརྟགས་ན་མངོན་སུམ་གྱི་ལོས་ཤེས།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme